Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལོ་བཅུ་ཕྲག་འགའ་ཤས་སྐུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

དེ་རིང་ཕྱི་ཟླ་ ༤ ཚེས་ ༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞིས་བྱེས་སྟོད་པ་དང་སྤུ་ཧྲེང་མི་མང་ཐུན་མོང་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་བ་དང་། སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ད་དུང་ལོ་ངོ་བཅུ་ཕྲག་གཅིག་གཉིས་བཞུགས་རྒྱུ་སླར་ཡང་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་།

དེ་ཡང་དེ་རིང་བརྟན་བཞུགས་དང་བསྟུན། ཁ་སྔོན་ཉིན་གྲངས་གསུམ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་འཕགས་མཆོག་དབུ་བཞུགས་ཐོག་ཚེ་སྒྲུབ་བཟླས་བསྙེན་ དང་འབྲེལ། དེ་རིང་སྔ་དྲོ་ཕྱག་ཚོད་ ༦།༣༠ ཐོག་ཚེ་སྒྲུབ་གསུང་ཆོག་གྲུབ་སྟེ། ཕྱག་ཚོད་ ༨།༠༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང་། བརྟན་བཞུགས་ཀྱི་སྦྱིན་བདག་ཁག་གཉིས་ཀྱི་འཐུས་མི་ནས་སྤོས་སྣེ་སྤྱན་འདྲེན་ཐོག་མི་དམངས་ནས་ཕེབས་བསུ་གཟབ་རྒྱས་དང་བཅས་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་བདེ་བར་འཁོད་མཚམས་རིམ་བཞིན། བརྟན་བཞུགས་དངོས་གཞི་དབུ་འཛུགས་ཀྱིས་བཀའ་དྲིན་གཏང་རག་གི་མཎྜལ་འདེགས་འབུལ་མཚམས་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྤྲུལ་རྣམ་གཉིས་གཙོས་པའི་བརྟན་བཞུགས་ཀྱི་སྦྱིན་བདག་རྣམས་ནས་མཇལ་ཁ་ཞུས་སོང་།

དེ་རིང་གི་བརྟན་བཞུགས་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྟན་བཞུགས་བསྟུར་འབུལ་གོ་སྒྲིག་ཞུ་མཁན་ཚོར་ཐུགས་དགྱེས་ཚོར་ཆེན་པོས་བརྟན་བཞུགས་ཡག་པོ་བྱུང་སོང་ཞེས་བཀའ་སྩལ་དང་འབྲེལ། འབྱུང་འགྱུར་ལོ་བརྒྱ་ལྷག་སྐུ་བཞུགས་མཛད་རྒྱུའི་སྨོན་ལམ་དང་ཐུགས་སྟོབས་སྐྱེད་བཞིན་ཡོད་ཅེས་བཀའ་བཞེས་པོ་སྨིན་སྩལ་མཛད་སོང་།

OHHDL

དེ་བཞིན་འཛམ་གླིང་འདིའི་ནང་སངས་རྒྱས་ཀྱི་བསྟན་པ་མར་རྒུད་པའི་དུས་སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་བསྟན་པར་ཞབས་འདེགས་ཕྲན་བུ་སྒྲུབ་ཐུབ་པའི་ཕྱི་ནང་གི་རྐྱེན་མང་པོ་ཞིག་འདུག་ཅེས་བཀའ་སྩལ་དང་། དེང་གི་ཆར་ནང་ཆོས་དར་ཁྱབ་མེད་པའི་ས་ཁུལ་ནས་ནང་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་བཞིན་ཡོད་པ་དང་ལྷག་པར་ཚན་རིག་པ་མང་པོ་ཞིག་ཀྱང་མགོན་པོ་༸གང་ཉིད་མཆོག་ལ་དགའ་མོས་གནང་བཞིན་ཡོད་པ་མ་ཟད། ཆོས་ཁས་ལེན་མཁན་དང་མི་ལེན་མཁན་ཚང་མས་གང་ལྟར་སེམས་ཀྱི་ཞི་བདེའི་བརྒྱུད་ནས་འཛམ་བུ་གླིང་འདི་ཞི་བདེ་ཡོང་བའི་དོ་སྣང་གནང་བཞིན་ཡོད་པ་རེད་ཅེས་བཀའ་སྩལ་སོང་།

མ་ཟད་ཉེ་ལམ་མགོན་པོ་༸གང་ཉིད་མཆོག་སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་རྗེས་སྐུ་གཟུགས་གསལ་ཐང་ཡིན་དང་། ད་དུང་འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུ་སྐུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས། འཛམ་བུ་གླིང་འདིའི་ཐོག་སྤྱིར་ཡ་རབས་ཀྱི་སྤྱོད་བཟང་། བྱེ་བྲག་ཏུ་སངས་རྒྱས་པའི་ཆོས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་ནས་ཞི་བདེ་ཡོང་བར་ཞབས་འདེགས་གང་ཙམ་སྒྲུབ་ཐུབ་པ་འདུག་ཅེས་དང་། ལྷག་པར་མགོན་པོ་༸གང་ཉིད་མཆོག་གི་ངོས་ནས་བསམ་པ་རྣམ་དག་ཐོག་བསྟན་པར་ཞབས་འདེགས་སྒྲུབ་མུས་ཐོག་ཆོས་སྲུང་གཙོ་བར་གྱུར་བའི་བསྟན་པའི་འཁུར་བཞེས་མཁན་ཚང་མས་ཕྱར་བ་གྲུ་འདེགས་ཏན་ཏན་གནང་བཞིན་ཡོད་ཅེས་བཀའ་སྩལ་མཛད་སོང་།

རྩ་བའི་དེ་རིང་བརྟན་བཞུགས་སྐབས་ཆེད་བཅར་ཞུ་མཁན་སྟོད་པ་སྐྱིད་སྡུག་ནས་རྒྱ་བལ་དང་ཕྱི་རྒྱལ་ཡུལ་ལུང་ཁག་ནས་ཁྱོན་མི་གྲངས་ ༡༢༨༠ ལྷག་ཡོད་པ་དང་། ཁོང་རྣམ་པའི་འབུལ་རྫས་ནང་སྟོན་པའི་སྐུ་བརྙན་ ༡༡༣ དང་ སྒྲོལ་དཀར་ ༡༢༥ སྒྲོལ་ལྗང་ ༡༢༥ གུ་རུའི་སྐུའི་བརྙན་ ༥༢༥ ཚེ་ལྷ་རྣམ་གསུམ་དང་། ཆོས་བརྒྱུད་ཆེན་པོ་བཞིའི་བསྟན་པའི་གསལ་བྱེད་ཁག་གི་སྐུ་བརྙན་སོགས་ཕུལ་འདུག་པ་དང་། དེ་བཞིན་སྤུ་ཧྲེང་མི་མང་ ༥༠༠ ཙམ་ཕེབས་ཡོད་ཅིང་། ཁོང་རྣམ་པའི་འབུལ་རྫས་གཙོ་བོ་དེ་ནི་སྤུ་ཧྲེང་གི་ཐུན་མོང་མ་ཡིན་པའི་འཁོར་ཆགས་ཇོ་བོ་དངུལ་སྐུ་མཆེད་གསུམ་མམ་སྤུ་ཧྲེང་ཇོ་བོ་རིན་པོ་ཆེ་ཡིན་པ་དང་། གཞན་ཡང་སྐུ་གསུང་ཐུགས་གསུམ་སོགས་ཕུལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།