Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཨ་རུ་ན་ཅལ་ས་ཁུལ་ཁག་གཅིག་ལ་མིང་གསར་པ་བཏགས་པར་ཨ་རིའི་གཞུང་གིས་སྐྱོན་བརྗོད།

Tibetan News Headlines

  • Sikyong dismisses China’s remarks on Tibet talks as ‘nothing new’, calls MWA only solution to Tibet problem
  • Sikyong begins Europe visit with public talk in Switzerland, to meet MPs today
  • UK MP detained and deported by China-allied nation for his outspoken advocacy on Tibetans, Uighurs, and Hong Kongers
  • Talks with China going on smoothly, India will never bow down: Rajnath Singh
  • 9th working committee meeting of NDPT concludes with a new mid term President

རེས་གཟའ་ཟླ་བ། ༢༠༢༤།༠༤།༢༩

  • བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མ་ཡིན་པར་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པ་གསུངས་སོང་།
  • སྲིད་སྐྱོང་མཆོག་སུད་སི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་ནག་གི་གནོན་ཤུགས་འོག་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཞིག་ཨ་ཕི་རི་ཀའི་རྒྱལ་ཁབ་ཞིག་ནས་ཕྱིར་འབུད།
  • རྒྱལ་སྲུང་བློན་ཆེན་ Rajnath Singh མཆོག་གིས་རྒྱ་གར་གྱི་རྒྱ་ནག་ལ་ནམ་ཡང་མགོ་དགུར་གྱི་མ་རེད་གསུངས་འདུག
  • བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་འབྲེལ་བར་བརྒལ་ཚོགས་གཙོ་འོས་འདེམས་གནང་འདུག

ཉེ་ཆར་རྒྱ་ནག་གཞུང་གིས་སླར་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁུལ་ཁག་སུམ་ཅུ་ལ་མིང་གསར་པ་བཏགས་པར་ཨ་རིའི་གཞུང་གིས་སྐྱོན་བརྗོད་བྱས་འདུག

གཞི་རྩའི་ཉེ་ཆར་རེས་གཟའ་ཉི་མ་ཉིན་རྒྱ་ནག་སྤྱི་དམངས་ལས་དོན་ལྷན་ཁང་གིས་བོད་ལྷོ་ཕྱོགས་ཀྱི་ས་ཁུལ་ཡིན་ཁུལ་འོག་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་ས་སྡེ་བཅུ་གཅིག་དང་རི་བཅུ་གཉིས། ཆུ་བོ་བཞི་དང་མཚོ་གཅིག ས་ཁྱོན་གཅིག་བཅས་བསྡོམས་པའི་ས་ཁུལ་སུམ་ཅུ་ལ་རྒྱ་ཡིག་དང་བོད་ཡིག་གཉིས་ལྡན་ཀྱི་ཐོག་ནས་མིང་གསར་པ་བཏགས་ཡོད་དེ། དེའང་རྒྱ་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༡༧ དང་ ༢༠༢༡  དེ་བཞིན་ ༢༠༢༣ ཀྱི་རྗེས་སུ། ད་ལན་ཨ་རུ་ནཱ་ཅལ་མངའ་སྡེའི་ས་གནས་ཁག་ལ་དེ་ལྟ་བུའི་མིང་གསར་པ་བཏགས་པ་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། ད་རེས་རྒྱ་ནག་གིས་གཏན་འབེབས་བྱས་པའི་མིང་གསར་པ་དེའི་ནང་འདས་པའི་ལོ་བདུན་རིང་མིང་བསྒྱུར་ཐེངས་གསུམ་བྱས་པ་ལས་ས་ཁུལ་གྱི་གྲངས་མང་བ་ཚུད་ཡོད་པ་རེད།

Arunachal Dispute
Credit: AFP

South China Morning Post ཞེས་ལྷོ་རྒྱ་ནག་སྔ་དྲོ་ཆར་འཕྲིན་དང་རྒྱ་གར་གྱི་བརྒྱུད་ལམ་ཆེ་གྲས་ཁག་གི་གནས་ཚུལ་སྤེལ་བར་གཞིག་ན། ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ནས་གསར་འགོད་ལྷན་ཚོགས་ཞིག་གི་ཐོག ཨ་རི་གཞུང་གི་ངོས་ནས་རྒྱ་ནག་གིས་རྒྱ་གར་ས་མཚམས་ས་ཁུལ་དུ་དམག་དོན་སོགས་ཀྱི་རྣམ་པ་ཅི་རིགས་ཀྱི་ཐོག་ནས་སིམ་མཛུལ་བྱས་པར་དགག་བྱ་ཤུགས་ཆེ་ཡོད་སྐོར་དང་། ཨ་རི་གཞུང་གི་ངོས་ནས་ཨ་རུ་ན་ཅལ་དེ་རྒྱ་གར་གྱི་ས་ཁོངས་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་འདུག

Arunachal Dispute

རྩ་བའི་ཨ་རིའི་ངོས་ནས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཐད་བར་གནས་སུ་བཞུགས་ཡོད་ཀྱང་། འདས་པའི་ལོ་ཤས་ནས་བཟུང་ཨ་རིའི་ངོས་ནས་དེ་གའི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཐབས་བྱུས་ཁྲོད་འཕགས་བོད་ས་མཚམས་ས་ཁུལ་དུ་རྒྱ་ནག་གི་ལས་དོན་སྤེལ་ཕྱོགས་སྐོར་ལ་གསང་བའི་གནས་ཚུལ་ཁོ་སྤྲོད་བྱས་པ་སོགས་རྒྱ་གར་དང་ལྷན་དུ་མཉམ་ལས་ཤུགས་ཆེ་རུ་བཏང་ཡོད་འདུག དེའི་ཁྲོད་ཕྱི་ལོ་ ༢༠༢༢ ལོའི་ཨ་རིའི་རྒྱལ་སྲུང་ཐབས་བྱུས་ཀྱི་ནང་དུ། Biden སྲིད་གཞུང་གིས། རྒྱ་ནག་གིས་རྒྱ་གར་ལྟ་བུའི་ས་མཚམས་རྩོད་རྙོག་ཀྱི་ས་ཁུལ་ཐོག་བཙན་བཤད་དང་། ཤར་དང་ལྷོ་རྒྱ་ནག་རྒྱ་མཚོ། དེ་བཞིན་ཐའེ་ཝན་སོགས་ཀྱི་ཐོག་ལ་བདག་དབང་རྩོད་རྒྱུའི་བྱ་རྒུལ་སྤེལ་ཚེ། ཨ་རིའི་ངོས་ནས་དེ་གའི་མཐུན་གྲོགས་རྒྱལ་ཁབ་རྣམས་ལ་རྒྱབ་སྐྱོར་གནང་རྒྱུའི་དམ་བཅའ་ཡང་བཞག་ཡོད་པ་རེད།

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༣༡ ཉིན་རྒྱ་ནག་གི་སླར་ཡར་ཨ་རུ་ན་ཅལ་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་གནད་དོན་དེ་བྱུང་མ་ཐག ཟླ་འདིའི་ཚེས་ ༡ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ S. Jaishankar མཆོག་དང་ཨ་རུ་ན་ཅལ་སྤྱི་ཁྱབ་བློན་ཆེན། རྒྱ་གར་དབུས་ཟས་སྦྱོར་ཚོང་ལས་སྡེ་ཁག་གི་བློན་ཆེན་ Kiren Rijiju མཆོག་བཅས་ཀྱིས་རྒྱ་ནག་གི་ཁྲིམས་འགལ་བྱ་སྤྱོད་དེར་སྐྱོན་བརྗོད་ནན་པོ་གནང་ཡོད་པ་རེད།

Arunachal Dispute

དེའི་བར་ན་ཁ་སང་ཨ་རུ་ན་ཅལ་ཉེ་འཁོར་ Assam མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Himanta Biswa མཆོག་གིས་ཀྱང་། རྒྱ་གར་གྱི་ངོས་ནས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་ཀྱི་ས་ཁུལ་ ༦༠ ལ་རྒྱ་གར་གྱི་མིང་བཏགས་པའི་ཐོག་ནས་རྒྱ་ནག་ལ་འཁོན་ལན་སློག་དགོས་པ་གསུངས་འདུག

Arunachal Dispute

འབྲེལ་ཡོད་གསར་གནས།

གསར་གནས།