Tibetan Royal Year of 2151 | Year of the Wood Dragon

༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག

Tibetan News Headlines

  • Gangjong Sherig Norling Educational Institute’s Closure Signals Heightened Assimilation Efforts in Tibet:  Discussion

རེས་གཟའ་སྤེན་པ། ༢༠༢༤།༠༧།༢༧

  • རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གལ་གནད་དང་སྒོ་བརྒྱབ་པའི་ཤུགས་རྐྱེན། རྒྱ་གཞུང་གིས་བོད་སྐད་ཡིག་བཙན་སྒྱུར་གྱི་སྲིད་བྱུས་སྐོར་གླེང་མོལ།

ཁ་སང་ཧུན་སུར་རབ་རྒྱས་གླིང་གི་རྐང་སྤོལ་རྩེད་ཐང་ཐོག་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༩ པའི་རྩེད་འགྲན་མཐའ་མ་དེ་བཞིན། དྷ་ས་ཆིག་སྒྲིལ་རུ་ཁག་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་དབར་འགྲན་རྩོད་གནང་རྒྱུ་ཡིན་པ་དེ་ལྟར་ཡང་། དྷ་ས་ཆིག་སྒྲིལ་རུ་ཁག་གི་རྩེད་འགྲན་པ་གཅིག་གི་དཔྱ་ཁྲལ་ལག་དེབ་ཚད་ལྡན་ཡོད་མིན་གྱི་གནད་དོན་ཐད། གོ་ལ་ཐ་ལའི་མི་མང་ཁག་གཅིག་གིས་རྐང་སྤོལ་ཐང་དུ་ངོ་རྒོལ་གནང་ཡོད་སྟབས། རྩེད་འགྲན་དེ་ཉིད་རྩེེད་མ་ཐུབ་པའི་གནས་སྟངས་ཆགས་ཡོད་པ་དང་། རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ནས་ཕྱོགས་གཉིས་ཀྱི་རུ་ཁག་དང་གོ་ལ་ཐ་ལའི་མང་ཚོགས་ཁག་གཅིག་དང་ལྷན་མདང་དགོང་མཚན་དཀྱིལ་ནས་དེ་རིང་ཉིན་རྒྱབ་བར། ཚོགས་འདུ་རིམ་པ་དང་འབྲེལ་ཡོད་ལས་ཁུངས་ཁག་དང་གོ་བསྡུར་གྱིས་ཡིག་ཆར་ཞིབ་འཇུག་གནང་ཡང་། གནད་དོན་སེལ་མ་ཐུབ་པར་དེ་རིང་ཕྱི་དྲོ་བར་དུའང་རྒྱལ་ཡུམ་ཆེན་མོའི་དྲེན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་གྱི་ཆེས་མཐའ་མའི་རྩེད་འགྲན་དེ་རྩེད་མ་ཐུབ་པར་དེ་མུར་ལྷག་སོང་།

འདི་ག་རླུང་འཕྲིན་ཁང་ནས་ཐེངས་འདིའི་གནད་དོན་དང་འབྲེལ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་འགན་འཛིན་བྱང་ཆུབ་རྒྱལ་མཚན་ལགས་དང་། འགན་འཛིན་ཟུར་པ་རིན་ཆེན་ལགས་སུ་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་བསྟུད་མར་རྩེད་འགྲན་མཐའ་མ་དེ་ཉིད་ཚོགས་མ་ཐུབ་པའི་གནད་དོན་གང་ལ་ཐུག་མིན་དང་། དྷ་ས་རུ་ཁག་གི་གང་ཟག་དེར་དཔྱ་ཁྲལ་ལག་དེབ་ཡོད་མེད་ཀྱི་གནད་དོན་དང་འབྲེལ་ཏེ་འབྲེལ་ཡོད་ཚོ་དང་བཀའ་བསྡུར་གང་གནང་ཡོད་མིན་ཐད་བཅར་འདྲི་ཞུས་ཐབས་བྱས་ཀྱང་། ད་བར་བཅར་འདྲིར་དང་ལེན་གནང་མ་སོང་། གཤམ་ལ་འདི་ག་རླུང་འཕྲིན་ཁང་ནས་གོ་ལ་ཐ་ལའི་རུ་དཔོན་བསོད་ནམ་རྒྱ་མཚོ་དང་རྡ་ས་ཆིག་སྒྲིལ་རུ་ཁག་གི་འགན་འཛིན་སྐལ་ཚེ་ལགས་སུ་བཅར་དྲི་ཞུས་པ་ཞིག་གསན་རོགས་གནང་།

འབྲེལ་ཡོད་གསར་གནས།

གསར་གནས།