Tibetan Royal Year of 2151 | Year of the Wood Dragon

༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་གྱི་བཞི་ཆའི་མཐའ་མའི་འགྲན་བསྡུར་འགོ་འཛུགས།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཟླ་བ་འདིའི་ཕྱི་ཚེས་ ༡ ནས་༸བཞུགས་སྒར་རྡ་སྟེང་བོད་ཁྱིམ་གྱི་རྩེད་ཐང་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོལ་ལོའི་རྩེད་འགྲན་ཐེངས་ ༢༨ པ་འཚོགས་བཞིན་པ་དང་། རུ་ཁག་རྣམ་པའི་སྡེ་ཚན་ནང་ཁུལ་གྱི་རྩེད་འགྲན་ཁག་གྲུབ་སྟེ། དེ་རིང་ཉིན་རྒྱབ་རྩེད་འགྲན་གྱི་ Quarter Finals ཞེས་བཞི་ཆའི་མཐའ་མའི་འགྲན་བསྡུར་འགོ་འཛུགས་གནང་སོང་། 

ཐེངས་འདིའི་རྩེད་འགྲན་ནང་རྒྱ་གར་དང་བལ་ཡུལ། དེ་བཞིན་ཨོ་གླིང་དང་ཡོ་རོབ་བཅས་ནས་ཁྱོན་བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ ༡༦ ནས་མཉམ་ཞུགས་གནང་ཡོད་པའི་ཁོངས་ནས་ཟློས་གར་དང་ཨོ་གླིང་། རྡ་ས་དང་བདེ་སྐྱིད་གླིང་། དེ་བཞིན་པོན་ཊ་ཆོལ་གསུམ་དང་བལ་ཡུལ་སྟག་འཚེར། དོན་གྲུབ་གླིང་དང་ཡུ་རོབ་བོད་པ་བཅས་ཁྱོན་རུ་ཁག་བརྒྱད་བཞི་ཆའི་མཐའ་མའི་འགྲན་བསྡུར་ནང་ཚུད་དེ་དེ་རིང་བཞི་ཆའི་མཐའ་མའི་འགྲན་བསྡུར་གྱི་རྩེད་འགྲན་དང་པོ་དེ་ཟློས་གར་རུ་ཁག་དང་། བལ་ཡུལ་སྟག་འཚེར་རུ་ཁག་གཉིས་ཀྱི་དབར་ལ་གནང་ཡོད།  

རྩེད་འགྲེན་ཁྲོད་ཟློས་གར་རུ་ཁག་ནས་སྤོ་ལོ་ ༡ དང་། བལ་ཡུལ་སྟག་འཚེར་རུ་ཁག་ནས་སྤོ་ལོ་ ༤ བཅས་བལ་ཡུལ་སྟག་འཚེར་རུ་ཁག་ལ་རྒྱལ་ཁ་ཐོབ་པ་མ་ཟད། བལ་ཡུལ་སྟག་འཚེར་རུ་ཁག་རྩེད་འགྲན་གྱི་ཕྱེད་མཐའ་མའི་འགྲན་བསྡུར་ Semi Final ནང་ཚུད་ཡོད།

དེ་བཞིན་དེ་རིང་བཞི་ཆའི་མཐའ་མའི་འགྲན་བསྡུར་གཉིས་པ་དེ་ཨོ་གླིང་རྒྱལ་ཡོངས་བོད་ཀྱི་རྐང་སྤོལ་རུ་ཁག་དང་། སྤོན་ཊ་ཆོལ་གསུམ་རུ་ཁག་གཉིས་ཀྱི་དབར་རྩེད་འགྲན་གནང་སྟེ། སྤོ་ལོ་ ༢ དང་ ༣ བཅས་སྤོན་ཊ་ཆོལ་གསུམ་རུ་ཁག་ལ་རྒྱལ་ཁ་ཐོབ་སྟེ། རྩེད་འགྲན་གྱི་ཕྱེད་མཐའ་མའི་འགྲན་བསྡུར་ Semi Final ནང་ཚུད་ཡོད།

སང་ཉིན་བཞི་ཆའི་མཐའ་མའི་འགྲན་བསྡུར་ཉིན་གཉིས་པའི་རྩེད་འགྲན་དང་པོ་དེ་རྡ་ས་རུ་ཁག་དང་། ཡོ་རོབ་བོད་པའི་རུ་ཁག་གཉིས་ཀྱི་དབར་དང་། རྩེད་འགྲན་གཉིས་པ་དེ་དོན་གྲིང་རུ་ཁག་དང་། བདེ་སྐྱིད་གླིང་རུ་ཁག་གཉིས་ཀྱི་དབར་རྩེད་འགྲན་གནང་གི་ཡོད་པ་རེད།  

འབྲེལ་ཡོད་གསར་གནས།

གསར་གནས།