Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ Glory to Hong Kong ཞེས་ཧོང་ཀོང་གི་དམངས་གཙོ་དང་འབྲེལ་བའི་གླུ་གཞས་ལ་དམ་བསྒྲགས།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་ཁྲོད་ཁྱབ་སྤེལ་ཤུགས་ཆེ་བྱུང་བའི་ Glory to Hong Kong ཞེས་རྒོལ་གཏམ་གླུ་གཞས་དེ་ད་ཆ་འདོན་སྤེལ་དང་། ཚོང་འགྲེམས། དེ་བཞིན་དྲ་རྒྱ་གཙོས་བརྒྱུད་ལམ་ཁག་གི་ཐོག་བརྒྱུད་སྤེལ་བྱ་རྒྱུར་བཀག་སྡོམ་དང་། དེ་དག་བྱེད་མཁན་རྣམས་ལ་ཁྲིམས་དོན་ཉེས་ཆད་འགེལ་འཆར་ཡོད་འདུག

Hong Kong Free Press བརྒྱུད་ལམ་གྱི་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེ་ ༥ ཉིན་ཧོང་ཀོང་ཁྲིམས་དོན་ལྷན་ཁང་གིས་བཀོད་ཁྱབ་དང་འབྲེལ་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་། ཧོང་ཀོང་ནང་རྒྱ་ནག་དབུས་གཞུང་གིས་ལག་བསྟར་བྱེད་པའི་བདེ་འཇགས་ཀྱི་ཁྲིམས་གཞི་དང་། སྲིད་གཞུང་མགོ་རྟིང་སློག་ཐབས་དང་འབྲེལ་བའི་ཁྲིམས་གཞི། དེ་བཞིན་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་འབྲེལ་བའི་ཁྲིམས་གཞི་བཅས་གསུམ་ལུང་འདྲེན་གྱིས། Glory to Hong Kong ཞེས་པའི་གླུ་གཞས་དེའི་ནང་རྒྱལ་ཁབ་མགོ་རྟིང་སློག་ཐབས་དང་འབྲེལ་བའི་ཚིག་བརྗོད་འཁོད་ཡོད་ལུགས་བཤད་དེ། གླུ་གཞས་དེར་དམ་བསྒྲགས་བྱ་དགོས་པ་དང་། དེར་ངོས་ལེན་མ་བྱེད་མཁན་ཚོར་ཁྲིམས་ལྟར་ཉེས་ཆད་འགེལ་དགོས་སྐོར་བཤད་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་དམར་གཞུང་ལ་དགའ་ཞེན་ཡོད་པའི་ཧོང་ཀོང་གྲོས་ཚོགས་འཐུས་མི་ Junius Ho ཟེར་བ་དེས་དམ་བསྒྲགས་དེར་རྒྱབ་སྐྱོར་བྱེད་མཁན་གྲས་སུ་ཡོད་པ་རེད་འདུག

ཁྲིམས་དོན་ལྷན་ཁང་གིས་བརྗོད་པར་གཞིགས་ན། རྒོལ་གཏམ་གླུ་གཞས་བཀག་སྡོམ་གྱི་གནད་དོན་དེ། སྔར་ཡོད་ཁྲིམས་སྒྲིག་ཁག་སྲ་བརྟན་བཟོ་རྒྱུ་ཡིན་སྐོར་དང་འབྲེལ། ཧོང་ཀོང་སྲིད་གཞུང་ངོས་ནས་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་གུས་བརྩི་ཞུ་ཡི་ཡོད་ཀྱང་། རང་དབང་དེར་ཚད་ཅན་ཞིག་ཡིན་སྐོར་བརྗོད་འདུག སྐབས་དེར་གསར་འགོད་པ་ཁག་ཅིག་གིས་དྲི་བ་བཏང་སྐབས། ཧོང་ཀོང་ཁྲིམས་དོན་ལྷན་ཁང་གི་ངོས་ནས་ད་ལྟའི་ཆར་བཀོད་ཁྱབ་དེར་ངོས་ལེན་བྱ་རུ་བཅུག་རྒྱུའི་བརྒྱུད་རིམ་འགྲོ་བཞིན་པ་ལས་ད་ལྟ་གང་ཡང་བཤད་རྒྱུ་མེད་ལུགས་བརྗོད་འདུག

ཡིན་ནའང་ Youtube སོགས་ཀྱི་གླེང་སྟེགས་ཐོག་སྒྲ་དང་དབྱངས། དེ་བཞིན་སྐད་ཡིག་འདྲ་མིན་ཐོག་ཁྱབ་སྤེལ་ཤུགས་ཆེ་ཡོད་པའི་གླུ་གཞས་དེ་བཀག་སྡོམ་ཇི་ལྟར་བྱ་རྒྱུ་ཡིན་སྐོར་ཁ་གསལ་མེད་སྟབས། གནས་ཚུལ་དབྱེ་ཞིབ་པ་རྣམས་ཀྱིས། དམ་བསྒྲགས་དེ་དང་འབྲེལ་ཧོང་ཀོང་ནང་དྲ་རྒྱའི་ཐོག་སྔར་ལྷག་དམ་བསྒྲགས་ཤུགས་ཆེ་རུ་འགྲོ་སྲིད་པ་ཞིག་ཡིན་པ་གསུང་གི་འདུག

རྩ་བའི་ Glory to Hong Kong ཞེས་པའི་གླུ་གཞས་དེ་བཞིན་ཐོག་མར་ ༢༠༡༦ ལོར་ས་གནས་ཀྱི་དམངས་གཙོའི་སྣེ་ཁྲིད་པ་ Edward Leung ལགས་དང་། ཧོང་ཀོང་གི་ལས་འགུལ་བ་དང་ཆབ་སྲིད་པ་ Baggio Leung དེ་བཞིན་ Hong Kong གི་ Youngspiration ཞེས་པའི་ཆབ་སྲིད་ཚོགས་པའི་ཚོགས་མི་ཟུར་པ་གཅིག་བཅས་ཁོང་གསུམ་གྱི་གསར་རྩོམ་གནང་བ་ཞིག་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།