Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

ཁ་སང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཉིན་གྱི་གཞུང་འབྲེལ་སྐུ་མགྲོན་Estonia ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་ཡོད་པ་དང་འབྲེལ། དེང་གི་ཆར་འཛམ་བུ་གླིང་འདིའི་ནང་བོད་པའི་གནད་དོན་ཐོག་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། བོད་ཀྱི་གནད་དོན་ནི་ཆབ་སྲིད་ཀྱི་གནད་དོན་ཁོ་ན་མིན་པར་རིག་གཞུང་གི་ཐོག་ནས་དོ་སྣང་ཡོང་གི་ཡོད་པ་བཀའ་སྩལ་འདུག

OHHDL

དེ་ཡང་ཁ་སང་ཕྱི་ཟླ་ ༤ ཚེས་ ༢༥ སྟེ། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་དགུང་གྲངས་ ༣༥ བདག་གིར་བཞེས་པའི་སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་རྣམ་པ་མཛད་སྒོ་དབུ་འཛུགས་མ་ཞུས་གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས། ཁྱེད་རང་ཚོ་དེ་རིང་འདིར་ཆེད་མངགས་ཕེབས་པར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་དང་འབྲེལ། དེང་གི་དུས་སུ་འཛམ་བུ་གླིང་འདིའི་ནང་བོད་པའི་གནད་དོན་ལ་དོ་སྣང་ཇེ་ཆེར་གནང་བཞིན་ཡོད་པ་དང་། བོད་ཀྱི་གནད་དོན་དེ་ཡང་ཆབ་སྲིད་ཀྱི་གནད་དོན་ཁོ་ན་མིར་པར་རིག་གཞུང་གི་ཐོག་ནས་དོ་སྣང་བྱེད་ཀྱི་ཡོད་ཅེས་བཀའ་སྩལ་ཏེ། མགོན་པོ་༸གང་ཉིད་མཆོག་ད་ལྟ་བཙན་བྱོལ་དུ་བཞུགས་ཡོད་ཀྱང་དོ་སྣང་བྱེད་མཁན་འཛམ་གླིང་ཤར་ནུབ་གང་ས་ནས་འདིར་ཡོང་གི་ཡོད་པ་རེད་ཅེས་བཀའ་སྩལ་འདུག

OHHDL

དེ་བཞིན་༸གོང་ས་མཆོག་ནས་གཙོ་བོ་མིའི་ལྷན་སྐྱེས་ཀྱི་བྱམས་བརྩེ་ནི་ཧ་ཅང་རྩ་ཆེན་པོ་ཞིག་ཡིན་སྐོར་གསུང་གི་ཡོད་པ་དང་འབྲེལ། ང་ཚོ་སྐྱེས་མ་ཐག་པ་ནས་ཨ་མས་བརྩེ་བའི་བསྐྱངས་པ་ཞིག་ཡིན་དུས་དེ་དག་ནི་ང་ཚོར་དགོས་ངེས་ཅན་ཞིག་ཡིན་པ་དང་། ལྷག་པར་འཚོ་གནས་དང་འབྲེལ་བ་ཆགས་ཀྱི་ཡོད་ཅེས་དང་། མགོན་པོ་༸གང་ཉིད་མཆོག་ནས་སྙིང་རྗེ་ནི་འགྲོ་བ་མིའི་རང་བཞིན་ཡིན་པ་ངོ་སྤྲོད་མཛད་ཀྱི་ཡོད་ཅིང་། དེ་ནི་གལ་འགངས་ཆེན་པོ་ཞིག་ཡིན་པ་མ་ཟད། ཆོས་དད་ཡོད་མེད་ལ་ལྟོས་མེད་འགྲོ་བ་མི་ཞག་ཡིན་པའི་ཆ་ནས་སེམས་བཟང་པོ་བྱ་དགོས་རྒྱུ་ནི་གལ་ཆེན་པོ་ཡིན་པ། མགོན་པོ་༸གང་ཉིད་མཆོག་ལྟ་བུ་མཚོན་ན་བཙན་བྱོལ་ནང་བཞུགས་ཡོད་པར་གང་དུ་ཕེབས་ཀྱང་མི་གཞན་རྣམས་ལ་གཅེན་གཅུང་ཉེ་འབྲེལ་གྱི་དགོངས་བཞེས་མཛད་ཀྱི་ཡོད་པ་བཀའ་སྩལ་འདུག

OHHDL

སྐབས་དེར་ཨི་སི་ཏོ་ནི་ཡ་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡུ་ཀུ་ཁལ་རེཌ་ Jukku-Kalle-Raid ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་ཨི་སི་ཏོ་ནི་ཡ་དང་བོད་གཉིས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་གནས་སྟངས་འདྲ་བོ་ཡིན་པ་དང་། ལྷག་པར་དེ་སྔོན་ཕྱི་ལོ་ ༡༩༩༡ ལོར་༸གོང་ས་མཆོག་ཨི་སི་ཏོ་ནི་ཡར་ཕེབས་པའི་སྐོར་དྲན་གསོ་སོགས་གནང་འདུག

ད་དུང་༸གོང་ས་མཆོག་གིས་ང་ཚོའི་བོད་པའི་རིག་གཞུང་ཡག་པོ་ཡོད་སྐོར་བཀའ་སྩལ་དང་འབྲེལ། བོད་བརྒྱུད་ནང་བསྟན་འདི་ཉིད་རྒྱ་གར་འཕགས་པའི་ཡུལ་གྱི་༸དཔལ་ན་ལེནྜའི་རྗེས་འབྲངས་ཡིན་སྟབས། ཡིད་ཆེས་ཙམ་མིན་པར་རྒྱུ་མཚན་ལྡན་པའི་ཐོག་ནས་དཔྱད་པ་བྱས་ཏེ། སོ་སོའི་རྣམ་དཔྱོད་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཚན་རིག་པ་མང་པོ་ཞིག་འདིར་སླེབས་ནས་ང་ཚོ་བགྲོ་གླེང་མཛད་ཀྱི་ཡོད་ཅེས་བཀའ་སྩལ་བ་མ་ཟད། མང་གཙོ་ཞེས་གསུང་གི་ཡོད་དུས་འཛམ་གླིང་གི་རྒྱལ་ཁབ་ཚང་མར་རང་དབང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་སྩལ་འདུག

OHHDL

མ་ཟད་ཚོགས་བཅར་བ་ཞིག་ནས་དམག་འཁྲུག་མེད་པའི་འཛམ་གླིང་ཡོང་ཐབས་སྐོར་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་བཀའ་ལན་དུ། དམག་ཆེན་དང་པོ་དང་གཉིས་པར་དཔེར་མཛད་དེ་དམག་འཁྲུག་ནི་བློ་སྦུག་དོགས་པ་དང་རང་དོན་ཁེ་ཕན་ཁོ་ནར་དམིགས་ཏེ། དྲག་པོའི་འཚེ་བའི་ལམ་དུ་འཇུག་གི་ཡོད་པ་དེ་ནི་གཉིས་ཀར་གནོད་པའི་གཞི་ཞིག་ཆགས་ཀྱི་ཡོད་ཅིང་། མགོན་པོ་༸གང་ཉིད་མཆོག་ནས་དུས་རྟག་ཏུ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་གི་ཡོད་པ་དང་། ང་ཚོ་གོ་ལ་འདིའི་ཐོག་མཉམ་གནས་བྱ་དགོས་པ་ལས་ཕན་ཚུན་འཚེ་བ་བྱ་མི་རུང་བ། ལྷག་པར་དུ་དམག་འཁྲུག་ནི་དུས་ཚོད་ཡོལ་བའི་སྐད་ཆ་ཞིག་ཡིན་སྟབས། ཕན་ཚུན་གྲོས་མོལ་གནང་བའི་ཐོག་ནས་དཀའ་ངལ་སེལ་དགོས་པ་ལས་གོ་མཚོན་ལག་པ་འཆང་རྒྱུ་མེད་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

OHHDL

གཞི་རྩའི་ཁ་སང་གི་མཇལ་ཁའི་སྐབས་ཨི་སི་ཏཱོ་ནི་ཡ་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡུ་ཀུ་ཁལ་རེཌ་ Jukku-Kalle-Raid མཆོག ཨི་སི་ཏོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ Roy Strider ལགས། ཡུལ་དེའི་གྲོས་ཚཽགས་འཐུས་མི་ Tarmo Tamm ལགས། ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་གྲོས་ཚོགས་འཐུས་མི་ Henn Polluass ལགས་བཅས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག། དེ་བཞིན་དབྱིན་ཡུལ་སྐུ་ཚབ་དོན་གཅོད་སོགས་ལྷན་ཞུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།