Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་སྤྱི་ཚོགས་ནས་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་བྱས་འདུག

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

ཁ་སང་སྤྱི་ཚེས་ ༢༥ སྟེ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་མཆོག་དགུང་ལོ་ ༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོར་འཛམ་གླིང་ས་ཕྱོགས་གང་སར་རྣམ་པ་འདྲ་མིན་ཐོག་ནས་དུས་དྲན་དེ་ཉིད་སྲུང་བརྩི་ཞུས་ཡོད་པའི་ཁྲོད། ཨ་རི་དང་འཇར་མ་ནི། དེ་བཞིན་སྦེལ་འཇམ་སོགས་ཀྱི་རྒྱལ་སྤྱིའི་དབུ་འཁྲིད་ཁག་གཅིག་ནས་ཆུང་སྲིད་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ལོ་ངོ་ ༢༩ སོང་བར་སེམས་འཚབ་དང་འབྲེལ། རྒྱ་གཞུང་ནས་ཕྱི་གསལ་ནང་གསལ་གྱིས་༸རིན་པོ་ཆེ་མཆོག་གར་ཡོད་ཀྱི་གནས་སྟངས་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་བྱས་འདུག

Panchen Rinpoche Whereabouts

དེ་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཁྱབ་ཁོངས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་ནས་རང་ཉིད་ཀྱི་སྤྱི་ཚོགས་དྲ་གནས་ཐོག་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དྲན་གསོ་གནང་བ་དང་འབྲེལ། ཨ་རིའི་ངོས་ནས་དེ་རིང་སླར་ཡང་རྒྱ་གཞུང་ལ་ཆུང་སྲིད་རིན་པོ་ཆེ་མཆོག་གར་ཡོད་ཀྱི་གནས་སྟངས་དང་། སྐུ་ཉིད་ཀྱི་སྐུ་གཟུགས་བདེ་ཐང་ཡིན་མིན་གྱི་གནས་བབས་ཐད་ཁུངས་སྐྱེལ་ར་སྤྲོད་མྱུར་དུ་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན་པའི་འགྲེལ་བརྗོད་དང་སྦྲགས། སྲིད་གཞུང་གང་ཡང་རུང་བས་ཐེ་གཏོགས་མེད་པའི་ཐོག་བོད་མི་རྣམས་ལ་རང་གི་ཆོས་བརྒྱུད་བླ་ཆེན་ཚོར་དད་གུས་དང་། སློབ་ཁྲིད། འདེམས་སྒྲུག་བྱ་ཆོག་པར་བསྐྱར་དུ་རྒྱབ་སྐྱོར་གསལ་འདོན་གནང་གི་ཡོད་ཅེས་བཀོད་འདུག

དེ་བཞིན་ CECC ཞེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་ ༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཚིགས་དང་བསྟུན། རིན་པོ་ཆེ་མཆོག་གི་བདེ་འཇགས་དང་ད་ལྟའི་ཆར་ཁོང་གར་ཡོད་ཀྱི་གནས་སྟངས་ཐད་རྒྱ་གཞུང་ནས་གསལ་བཤད་དགོས་པ་དང་། ༸རིན་པོ་ཆེ་མཆོག་གི་དབུས་པའི་སྐུ་འཁོར་རྣམས་གང་མགྱོགས་གློད་བཀྲོལ་དགོས་པ་དང་འབྲེལ། བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་ལ་རྒྱ་གཞུང་ནས་ཐེ་གཏོགས་མཚམས་འཇོག་དགོས་པའི་འགྲེལ་བརྗོད་གནང་འདུག

ཕྱོགས་མཚུངས་ཁ་སང་སྤྱི་ཚེས་ ༢༥ ཉིན་ USCIRF ཞེས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ David Curry ལགས་ཀྱིས། དེ་རིང་༸པཎ་ཆེན་བླ་མ་དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་ ༣༥ ཕེབས་པའིི་སྐུའི་འཁྲུངས་སྐར་ཉིན་མོ་ཡིན་ཡང་དུས་ད་ལྟ་བར་དུ་ཁོང་གར་ཡོད་ཀྱི་དཔང་རྟགས་གང་ཡང་མེད་པའི་གནས་སྟངས་ཏེ། རྒྱ་གཞུང་ནས་ཁོང་བཙན་འཁྲིད་བྱས་ནས་ཧ་ལམ་ལོ་ངོ་ ༣༠ ཟིན་གྱི་ཡོད་པའི་འགྲེལ་བརྗོད་དང་འབྲེལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་རྒྱ་ནག་དུ་ཕྱོགས་བསྐྱོད་སྐབས་ངེས་པར་དུ་དེའི་སྐོར་རྒྱ་གཞུང་ནས་ལན་འདེབས་དགོས་གལ་ཡིན་པའི་སྐུལ་མ་གནང་འདུག

མ་ཟད་ལྷན་ཚོགས་དེའི་སྐུ་ཚབ་གཞན་ Nury Turkel ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་རྣམས་ལ་དྲག་གནོན་གདུག་རྩུབ་ཧ་ཅང་བྱེད་བཞིན་ཡོད་པ་དང་། ༸གོང་ས་མཆོག་གཙོས་པའི་ཆོས་བརྒྱུད་བླ་ཆེན་ཁག་གི་ཡང་སྲིད་བྱ་རིམ་གྱི་བདག་དབང་བོད་མི་ཁོ་ནར་ཡོད་པ་དེར་ཐེ་བྱུས་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུག

Panchen Rinpoche Whereabouts

དེ་ལྟར་ཡང་འཇར་མ་ནིའི་གཞུང་གི་ཆོས་དད་རང་དབང་གི་སྐུ་ཚབ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Frank Schwabe ལགས་ཀྱིས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་སྐོར་གནད་དུ་འཁེལ་བའི་གནས་ཚུལ་དགོས་པ་དང་། ༸པཎ་ཆེན་སྐུ་ཉིད་མཇལ་འཕྲད་སླད་རང་དབང་ཅན་གྱི་སྐུ་ཚབ་ཚོ་ཁག་རྒྱ་ནག་ཏུ་བསྐྱོད་རྒྱུའི་ཆོག་མཆན་དགོས་པ། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ལྟར་བོད་མི་རྣམས་ལ་རང་གི་རིག་གཞུང་ཉམས་ལེན་དང་ཆོས་དད་རང་དབང་དགོས་པའི་འབོད་སྐུལ་གནང་འདུག

Panchen Rinpoche Whereabouts

དེ་མཚུངས་ཁ་སང་དུས་དྲན་དེ་དང་བསྟུན་སྦེལ་འཇམ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ཚོགས་གཙོ་སྐུ་ཞབས་ Els Van Hoof ལགས་དང་ཚོགས་གཞོན་ Samuel Cogolati ལགས་གཉིས་ཀྱིས་ཟུང་སྦྲེལ་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་ཁོང་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་རྗེས་ལོ་ངོ་ ༢༩ ཟིན་གྱི་ཡོད་པར་སྐྱོན་འཛུགས་དང་འབྲེལ། ༸རིན་པོ་ཆེ་སྐུ་ཉིད་དང་། ཁོང་གི་ནང་མི་ལྷན་རྒྱས། དགེ་བའི་བཤེས་གཉེན། གཞན་ཡང་བོད་མི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་དགོས་པའི་སྐུལ་མ་གནང་འདུག་པ་དང་། རྒྱ་གཞུང་ནས་བོད་མིའི་ཆོས་དད་རང་དབང་དང་། ༸གོང་ས་མཆོག་གཙོས་པའི་བླ་ཆེན་ཁག་གི་སྐུའི་ཡང་སྲིད་ཀྱི་བདག་དབང་ལ་ཐེ་བྱུས་མི་བྱ་བར་གུས་བརྩི་དགོས་པའི་འབོད་སྐུལ་ཡང་གནང་འདུག

Panchen Rinpoche Whereabouts

གཞི་རྩའི་ཁ་སང་ཕྱི་ཟླ་ ༤ ཚེས་ ༢༥ སྟེ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་དུས་ཚིགས་དང་འབྲེལ་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ངོས་ནས་གཞུང་འབྲེལ་མཛད་སྒོ་ཟབ་རྒྱས་ཞིག་གོ་སྒྲིག་ཐོག རྒྱ་གཞུང་ངོས་ནས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཆུང་སྲིད་རིན་པོ་ཆེ་མཆོག་མཇལ་འཕྲད་ཀྱི་གོ་སྐབས་འཕྲལ་དུ་སྤྲད་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། མཛད་སྒོར་སྐུ་མགྲོན་དུ་ཕེབས་པའི་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་རྣམས་དང་། བཀྲ་ཤིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གི་དབུས་པའི་ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོའི་སྐུ་ཚབ་རིག་འཛིན་རྡོ་རྗེ་ལགས་བཅས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད་རིན་པོ་ཆེ་མཆོག་གི་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་འགྲོལ་དགོས་པ་དང་། ཕྱི་རྒྱལ་གཞུང་ཚབ་མི་སྣས་ཆུང་སྲིད་རིན་པོ་ཆེ་སྐུ་དངོས་སུ་མཇལ་འཕྲད་ཐུབ་ཐབས་ཀྱི་གཞུང་འབྲེལ་ཁྲིམས་འཆར་གཏན་འབེབས་གནང་ཐབས་ཡོང་བ། དེ་བཞིན་རིན་པོ་ཆེ་༸གང་ཉིད་མཆོག་དགུང་ལོ་ ༦ ནས་ད་བར་མི་ལོ་ ༢༩ རིང་ཆོས་དད་རང་མོས་དང་བྱིས་པའི་ཐོབ་ཐང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩ་བ་ནས་མེད་པར་ངོས་བཞེས་མཚོན་རྟགས་ཀྱི་གཟེངས་རྟགས་རིགས་འབུལ་ཐབས་ཡོང་བ། ༸གང་ཉིད་གློད་བཀྲོལ་ཆེད་ཆེ་མཐོང་རྒྱབ་སྐྱོར་མཚོན་ཕྱིར་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩིའི་ལས་འགུལ་སྤེལ་གནང་ཡོང་བ་སོགས་ཀྱི་ཞུ་སྐུལ་ཁག་གཅིག་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།