Tibetan Royal Year of 2151 | Year of the Wood Dragon

ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་གྲོས་ཚོགས་འཐུས་མི་ལས་ཐོག་ལྕམ་ Nancy Pelosi མཆོག་ལ་ཨ་རི་སྲིད་འཛིན་གྱི་རང་དབང་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་དང་། ཁོང་ནི་ཨ་རིའི་ལོ་རྒྱུས་ནང་ཆེས་རླབས་ཆེན་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་ཞིག་ཡིན་པའི་ངོས་འཛིན་དང་ཆེ་བསྟོད་གནང་འདུག

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༣ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་། ཨ་རི་སྲིད་འཛིན་གྱི་རང་དབང་གཟེངས་རྟགས་དེ་ཉིད་མི་སྣ་གནད་འགག་ཅན་ ༡༩ ལ་ཕུལ་ཡོད་པ་དེའི་ཁོངས་ནས་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ། གྲོས་ཚོགས་འཐུས་མི་ལས་ཐོག་ལྕམ་ Nancy Pelosi ནེན་སི་པེ་ལོ་སི་མཆོག་ཡོད་པ་མ་ཟད། ཁོང་ལ་གཟེངས་རྟགས་དེ་འབུལ་བཞེས་སྐབས། སྲིད་འཛིན་ Biden མཆོག་གིས། ལྕམ་སྐུ་མཆོག་ནི་རིག་རྩལ་ལྡན་པ་དང་། ལག་བསྟར་བྱེད་མཁན། རང་ལུགས་བརྟན་པ། བློ་ཐག་ཆོད་པའི་རང་བཞིན་ལྡན་པའི་དབུ་ཁྲིད་ཅིག་ཡིན་ཞིང་། ལྷག་པར་ལོ་རྒྱུས་ནང་རྒྱལ་ཁབ་ཀྱི་ཁྲིམས་ཡིག་ཆེས་གནད་འགག་ལྡན་པ་ཁག་ཅིག་གཏན་འབེབས་གནང་ཡོད་པར་ཨ་རིའི་ལོ་རྒྱུས་ནང་ཆེས་རླབས་ཆེན་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་ཞིག་ཏུ་དྲན་པར་བྱ་རྒྱུ་ཡིན་པ་གསུངས་འདུག

རྩ་བའི་ཨ་རིའི་སྲིད་འཛིན་གྱི་རང་དབང་གཟེངས་རྟགས་དེ་ནི་ཕྱི་ལོ་ ༡༩༦༣ ལོར་སྐབས་དེའི་ཨ་རིའི་སྲིད་འཛིན་ Jhon F. Kennedy མཆོག་གི་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། དེ་ཡང་ཡུལ་དེའི་འཕེལ་རྒྱས་དང་། རིན་ཐང་། བདེ་འཇགས། དེ་བཞིན་འཛམ་གླིང་ཞི་བདེ་དང་། སྤྱི་ཚོགས་བདེ་དོན། ཤེས་ཡོན་སོགས་ཀྱི་ཐོག་ལ་རླབས་ཆེན་གྱི་བྱས་རྗེས་བཞག་པའི་སྐྱེ་བོ་རྣམས་ལ་འབུལ་སྲོད་ཡོད་པ་མ་ཟད། གཟེངས་རྟགས་དེ་ནི་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་དང་མཚུངས་པའི་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་དེ་ཡིན་པ་རེད།

ལྷག་པར་ཨ་རིའི་ཕོ་བྲང་དཀར་པོའི་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་གསལ་བསྒྲགས་དེའི་ནང་ཁོང་གིས་ལོ་རབས་མང་པོའི་རིང་ལ་མང་གཙོའི་གྲོས་གཞི་དང་མང་གཙོའི་དགོས་གལ་ལ་གྱི་སྒྲོམ་གཞི་ལ་རླབས་ཆེན་གྱི་ཕྱག་ལས་གནང་ཡོད་པ་མ་ཟད། ཁོང་ནི་ལྷག་བསམ་གཡོ་བ་མེད་པར་མང་གཙོ་སྲུང་སྐྱོབ་གནང་མཁན་ཞིག་ཡིན་པ་ངོས་འཛིན་གནང་འདུག

གནད་དོན་དང་འབྲེལ། ཁ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལྕམ་སྐུ་མཆོག་ལ་འཚམས་འདྲི་ཞུས་འདུག དེ་བཞིན་ལྕམ་སྐུ་མཆོག་ལོ་ངོ་བཅུ་ཕྲག་འགའི་དུས་ཡུན་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་གི་ཡོད་པ་དང་། ལྷག་པར་བོད་ཀྱི་བློ་ཐུབ་ཀྱི་གྲོགས་པོ་ཞིག་ཡིན་པར་བརྟེན། ཕྱི་ལོ་ ༢༠༢༣ ཟླ་ ༣ པའི་ནང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་ལྕམ་སྐུ་ Nancy Pelosi མཆོག་ནས་དུས་དང་རྣམ་པ་ཀུན་ཏུ་བོད་དོན་ལ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བཀའ་དྲིན་སྙིང་བཅངས་ཀྱི་ཐོག་ནས་དོན་ཚན་གསུམ་ཅན་འཁོད་པའི་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ལ་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་མ་ཟད། གྲོས་ཆོད་གཏན་འབེབས་རྗེས་སྤྱི་འཐུས་དང་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་ཡོངས་རྫོགས་སྐུ་བཞེངས་ཐོག་ནས་གྲོས་ཆོད་ལ་དགའ་བསུ་ཞུས་ཡོད་པ་རེད།

གཞི་རྩའི་ Nancy Pelosi ནེན་སི་པེ་ལོ་སི་མཆོག་ནི་ཨ་རིའི་མང་གཙོ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཅིག་ཡིན་པ་དང་། ཁོང་ཕྱི་ལོ་ ༡༩༨༧ ལོར་ཆེས་ཐོག་མར་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་སྟེ། རིམ་པའི་ཕྱི་ལོ་ ༢༠༠༧ ནས་ ༢༠༡༡ བར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཐེངས་ ༥༢ པའི་ཐུགས་འགན་བཞེས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ ནས་ ༢༠༢༣ བར་སླར་ཡང་ཚོགས་གཙོའི་ཐུགས་འགན་བཞེས་ཡོད་ཅིང་། ཁོང་ནི་ཨ་རིའི་བུད་མེད་ཅིག་གྲོས་ཚོགས་འོག་མའི་ཚོགས་གཙོའི་ཐུགས་འགན་བཞེས་མཁན་ཐོག་མ་དེ་ཆགས་ཀྱི་ཡོད་པ། དེ་བཞིན་ཨ་རིའི་ California ཁེ་ལི་ཧྥོར་ནི་ཡའི་མངའ་སྡེའི་གྲོང་ཁྱེར་ San Francisco སེན་ཧྥེརན་སིས་ཀོའི་འཐུས་ཚབ་ཐོག་ནས་གྲོས་ཚོགས་འཐུས་མིའི་ཐུགས་འགན་བཞེས་ནས་མི་ལོ་ ༣༦ ལྷག་འགྲོ་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།