Tibetan Royal Year of 2151 | Year of the Wood Dragon

ཞི་ཅིན་ཕིང་ལ་ France  རྒྱལ་ས་པེ་རི་སི་ནང་ངོ་རྒོལ་སྐད་འབོད་ཀྱི་ལམ་ནས་བསུ་བ་ཞུས་འདུག

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནས་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་རྗེས་སུ་ཡོ་རོབ་སྐོར་བསྐྱོད་ཆེས་ཐོག་མ་དེ་དབུ་འཛུགས་ཀྱིས་ France རྒྱལ་ས་པེ་རི་སི་ནང་དུ་འབྱོར་བ་དང་འབྲེལ། ཁུལ་དེར་གནས་སྡོད་བོད་མི་དང་ཉེ་འཁོར་གྱི་ཡོ་རོབ་རྒྱལ་ཁབ་གཞན་ཁག་གི་བོད་མི་བཅས་ལྷན་འཛོམས་ཐོག་ཞི་ཅིན་ཕིང་ལ་ངོ་རྒོལ་སྐད་འབོད་དང་ཞི་ཅིན་ཕིང་གི་མོ་ཊའི་འགྲུལ་ལམ་ཐོག་ཏུ་བོད་དོན་འཕྲེད་དར་འཕྱར་བའི་ཐོག་ནས་བསུ་བ་ཞུས་འདུག

photo: SFT

དེ་ཡང་ཁ་སང་ཞི་ཅིན་ཕིང་ Paris ནང་དུ་འབྱོར་བ་དང་བསྟུན། France བོད་རིགས་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ས་གནས་ཀྱི་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ ༦ གི་གོ་སྒྲིག་མཉམ་རུབ་ཐོག Paris ནང་གི་ Place de la République ཞེས་པའི་ས་ཚིགས་སུ་བོད་མི་ ༣༠༠༠ ལྷག་ཙམ་དང་དེ་བཞིན་རྒྱ་ནག་གི་རྡུག་རྩུབ་མྱོང་བཞིན་པའི་ཡུ་གུར་དང་ཧོང་ཀོང་། ཐའེ་ཝན། དེ་བཞིན་རྒྱ་རིགས་དམངས་གཙོ་ཚོགས་པ་བཅས་ཀྱི་ལས་འགུལ་བ་མང་དག་ཅིག་ལྷན་འཛོམས་ཐོག་ཕྱི་དྲོ་ཕྱག་ཚོད་ ༣ པ་ནས་ ༧ པའི་བར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་པ་དང་། ལས་འགུལ་དེའི་ཐོག་ France གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Andre Gattolin ཀྱི་གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག་ནས་མཉམ་ཞུགས་གནང་འདུག

photo: Tibet.net

France བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཞོན་དོན་སྒྲུབ་ཕུན་ཚོགས་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་རྩ་བའི་ བོད་མིའི་ངོས་ནས་བོད་དོན་སྐད་འབོད་དང་གོམ་བགྲོད་ཀྱི་བཀའ་འཁྲོལ་ཞུས་ཀྱང་། ས་གནས་ཉེན་རྟོག་ཚན་པའི་ངོས་ནས་ཡར་ཞུ་བྱ་རྒྱུའི་དུས་ཚོད་མེད་པའི་ཐོག་ནས་སྐད་འབོད་གཅིག་པོའི་བཀའ་འཁྲོལ་མ་གཏོགས་སྤྲད་མེད་པར་ས་གནས་བོད་མིའི་ངོས་ནས་ས་གནས་ཉེན་རྟོག་པའི་གནང་ཕྱོགས་དེ་དག་རྒྱ་ནག་གཞུང་གིས་གནོན་ཤུགས་རང་ཡིན་པར་ངོས་འཛིན་གནང་བཞིན་ཡོད་པ་གསུངས་སོང་།

photo: Tibet.net

ལྷག་པར་དུ་ཁ་སང་ཞི་ཅིན་ཕིང་གནམ་ཐང་ནས་མགྲོན་ཁང་དུ་བསྐྱོད་སྐབས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཁག་གཅིག་གིས་ཞི་ཅིན་ཕིང་གི་རླངས་འཁོར་འགྲུལ་ལམ་གྱི་ཐོག་ཏུ་བོད་ཀྱི་རྒྱལ་དར་དང་། བོད་རང་བཙན་ཡིན། ཞི་ཅིན་ཕིང་ཁྱེད་རང་གི་དུས་ཚོད་རྫོགས་རེད་ཅེས་འཁོད་པའི་འཕྲེད་དར་ཆེན་པོ་ཞིག་འཕྱར་ཏེ་བསུ་བ་གནང་བ་བོད་མི་ལས་འགུལ་བ་དེ་དག་ཉེན་རྟོག་པས་འཛིན་བཟུང་གིས་ཆུ་ཚོད་ཁ་ཤས་བཀག་ཉར་རྗེས་གློད་བཀྲོལ་བཏང་ཡོད་འདུག

ད་ལན་ཞི་ཅིན་ཕིང་ཡོ་རོབ་ནང་དུ་རྒྱལ་དོན་གཟིགས་སྐོར་ལ་བསླེབས་པ་དང་འབྲེལ་ནས། རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཁག་གཅིག་ France ནང་དུ་ཕེབས་ཏེ་ཁ་སང་ཞི་ཅིན་ཕིང་གི་མོ་ཊའི་འགྲུལ་ལམ་མདུན་དུ་འཕྲེད་དར་འཕྱར་བ་མ་ཟད། ཁ་ཉིན་ཁོང་མ་བསླེབས་པའི་ཉིན་གཅིག་སྔོན་ཚུད་དུའང་ལས་འགུལ་བ་དེ་དག་ནས་ཀ་བའི་ཐོག་འཛེགས་ནས་བོད་ཀྱི་རྒྱལ་དར་དང་བོད་དོན་ཡིག་ཆ་འཁོད་པའི་འཕྲེད་དར་འཕྱར་རྒྱུའི་ལས་འགུལ་སྤེལ་ཡོད་པ་རེད། ལས་འགུལ་བ་རྣམས་ཀྱིས་གསུངས་ན། ད་ལན་ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཐོག་རྒྱལ་ཁབ་གང་གི་ནང་དུ་བསྐྱོད་པ་ཡིན་ནའང་། ཁོང་རྣམས་ནས་རྗེས་དེད་བཏང་སྟེ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།