Tibetan Royal Year of 2151 | Year of the Wood Dragon

བཀའ་སྤྱི་གཉིས་ཐུན་མོང་ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུག་གནང་བ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཐུན་མོང་ཐོག་རྒྱ་གར་རྒྱལ་ས་ལྡི་ལི་ནང་བོད་དོན་ཞུ་གཏུག་ཀྱི་ལས་རིམ་སྤེལ་འདུག་པ་དང་། ཐེངས་འདིའི་ལས་རིམ་འདི་བཞིན་ཉིན་གྲངས་གསུམ་ནང་རྒྱལ་ཁབ་ ༡༧ ཙམ་གྱི་ཕྱི་རྒྱལ་གཞུང་ཚབ་ཁག་དང་ལྷན་དུ་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་གནང་འདུག

ཞུ་གཏུག་གི་ལས་རིམ་འདི་བཞིན་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ། དེ་བཞིན་ཕྱི་དྲིལ་བཀའ་བློན་རྣམ་གསུམ་གྱི་སྣེ་ཁྲིད་འོག་ཚོགས་ཆུང་གསུམ་དུ་ཆ་བགོས་གནང་སྟེ། ཁ་ཉིན་ཚེས་ ༥ ཉིན་ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༧ བར་བསྐྱངས་ཡོད་པ་དང་། དེའི་ཁྲོད་ཨ་རིས་གཙོས་ཅེག་སྤྱི་མཐུན་རྒྱལ་ཁབ་དང་ Lithuania ལི་ཐུ་ནི་ཡ་སོགས་ཡུ་རོབ་རྒྱལ་ཁབ་ཁག་དང་། ཐའེ་ཝན་གཙོས་ཨེ་ཤི་ཡ་རྒྱལ་ཁབ་བཅས་ཁྱོན་རྒྱལ་ཁབ་ ༡༧ ཀྱི་གཞུང་ཚབ་པ་དང་གཞུང་ཚབ་པ་གཞོན་པ་བཅས་གནད་ཡོད་མི་སྣ་དང་ལྷན་དུ་མཇལ་མོལ་གནང་འདུག

གཞན་ཡང་ཐེངས་འདིའི་ཞུ་གཏུག་ལས་རིམ་ཁྲོད། རྒྱ་གར་གྱི་གྲོས་ཚོགས་དང་ཆབ་སྲིད་ཚོགས་པའི་ལས་ཁུངས་བཅས་ལ་འཚམས་གཟིགས་དང་། གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས་བོད་མི་དང་བོད་དོན་ཐོག་གྲོས་བསྡུར་ཡང་གནང་ཡོད་འདུག

དེ་རིང་ལས་རིམ་གྲུབ་མཚམས་སུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བའི་ཐོག སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐེངས་འདིའི་ཞུ་གཏུག་གི་ལས་རིམ་འདི་བཞིན་བོད་མི་མང་སྤྱི་འཐུས་ལྟན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་ལྟར་བཀའ་སྤྱི་གཉིས་གོ་བསྡུར་རིམ་པའི་ཁྲོད་སྤེལ་བ་ཞིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ཞུ་གཏུག་དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་མོས། དེ་བཞིན་ཁོར་ཡུག་སོགས་ཀྱི་གནད་དོན་དང་འབྲེལ་ཡིག་ངག་གཉིས་ཀྱི་ཐོག་ནས་ཞུ་གཏུག་གནང་ཡོད་པ་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།