Tibetan Royal Year of 2151 | Year of the Wood Dragon

ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་མཆིས་ཚེ་ཚོགས་དྲུང་ལ་འབུལ་དགོས་པའི་ལམ་སྟོན་གནང་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཁ་སང་ཕྱི་ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་ཚོགས་སྒེར་སུ་ཐད་ནས་ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་འབུལ་ཕྱོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག

དེ་ཡང་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་ཚོགས་པ་དང་མི་སྒེར་སུ་ཐད་ནས་ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་མཆིས་ཚེ་ཡིག་ཐོག་ནས་ཕྱི་ལོ་ ༢༠༢༣  ཟླ་ ༩ ཚེས་ ༢ མང་གཙོའི་དུས་ཆེན་བར་ཚོགས་དྲུང་ལས་ཁུངས་སུ་ tpieadmin@tibet.net གློག་འཕྲིན་ཁ་བྱང་ཐོག་ཚོགས་ཆུང་ལ་འབུལ་དགོས་པ་འཁོད་འདུག

རྩ་བའི་ཉེ་བའི་ལོ་ཤས་ཁྲོད་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོས་ཁྲིམས་སྒྲིག་གི་དོན་ཚན་ཁག་ལ་འགྲེལ་བརྗོད་གནང་སྟངས་དང་གོ་བ་བཞེས་ཕྱོགས་སོགས་དང་འབྲེལ་དཀའ་ངལ་མང་དག་ཞིག་འཕྲད་པར་བརྟེན། ཉེ་སྔོན་ཕྱི་ཟླ་ ༣ ནང་ཚོགས་པའི་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་ཚོགས་མི་ལྔ་ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་འཛུགས་དང་འབྲེལ། ཚོགས་ཆུང་གི་ངོས་ནས་ད་ཡོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་གསལ་ཁ་དགོས་ངེས་ཀྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གང་གི་ཐོག་ལ་བསྐྱར་བཅོས་དགོས་མིན་དང་། ཁྲིམས་སྒྲིག་གཞན་ལ་བསྐྱར་བཅོས་ཇི་དགོས་ཐད་ལ་བསྐྱར་ཞིབ་གནང་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་མང་མོས་གཏན་འབེབས་གནང་ཡོད་པ་རེད།

གཞུང་འབྲེལ་གྲོས་ཆོད་དེའི་དགོངས་དོན་ལྟར་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་ཀརྨ་དགེ་ལེགས་ལགས། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མིར་བསྐོ་གཞག་གནང་སྟེ་ཟླ་བ་དེའི་ཕྱི་ཚེས་ ༡༧ ཉིན་ཚོགས་མི་རྣམས་ལྷན་འཛོམས་ཐོག་ལས་དོན་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།

འདི་ག་རླུང་འཕྲིན་ཁང་གིས་དེ་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་སུ་བོད་མི་ཚོགས་སྒེར་ཁག་གིས་ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་འབུལ་ཕྱོགས་དང་འབྲེལ་བའི་བཀའ་འདྲི་ཞུས་པ་ཡོད་པས་གཤམ་གྱི་སྒྲ་སྒམ་ནས་གསན་ཐུབ།

འབྲེལ་ཡོད་གསར་གནས།

གསར་གནས།