Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཨ་ཉ་སེང་སྒྲ་ལགས་ཀྱི་གྱོད་དོན་གོང་རིམ་ལ་བསྐྱར་གཏུག་གནང་བར་འགོག་རྐྱེན་བཟོ་བཞིན་པ།

Tibetan News Headlines

  • Himachal Government schools to implement SEE learning
  • Dalai Lama grants an audience to Tibet supporters from Japan
  • Mass relocations of Tibetans not voluntary, villagers coerced by extreme pressure: HRW
  • Three-day Tibetan settlement cooperative’s conference begins in Dharamshala
  • Idea to Execution: Dalai Lama College hosts EntrepExpo

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༢

  • ཧི་མཱ་ཅལ་མངའ་སྡེའི་ནང་ SEE ཤེས་ཡོན་ལག་བསྟར་དབུ་འཛུགས་གནང་རྒྱུའི་མཛད་སྒོ་ཞིག་འཚོགས་སོང་།
  • ༸གོང་ས་མཆོག་གིས་ཉི་འོང་སྐུ་ཚབ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • རྒྱ་གཞུང་གིས་ཚད་ལས་བརྒལ་བའི་གནོན་ཤུགས་འོག་བོད་མི་རྣམས་བཙན་གྱིས་གཞིས་སྤོས་བྱེད་བཞིན་པ་ར་སྤྲོད་གནང་འདུག
  • བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་བ།
  • ཏྰ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གིས་ཉིན་གྲངས་གཉིས་རིང་ཚོང་རིགས་ཁྲོམ་སྟོན་གནང་འདུག

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བ་དང་ལྐོག་ཟ་རུལ་སུངས་འགོག་རྒོལ་གནང་མཁན་ཨ་ཉ་སེང་སྒྲ་ལགས་སྤྱི་ཚོགས་དཀྲུག་པའི་ཉེས་མིང་འོག་རྒྱ་གཞུང་གིས་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ད་ཆ་མི་ལོ་ལྔ་འཁོར་ལ་ཉེ་བའི་དུས་འདིར་རྒྱ་གཞུང་གིས་མུ་མཐུད་ཁོང་གི་གྱོད་དོན་གོང་རིམ་ལ་བསྐྱར་གཏུག་གནང་བར་འགོག་རྐྱེན་སྣ་ཚོགས་བཟོ་བཞིན་ཡོད་པ་མ་ཚད་པར་ཨ་ཉག་སེང་སྒྲ་ལགས་སུ་སུན་གཙེར་དང་དབྱེ་འབྱེད་བྱས་ཏེ་ཁོང་གི་གྱོད་དོན་ལ་འགོག་རྐྱེན་བཟོ་བ་དེས་རྒྱ་གཞུང་གིས་ཕྱོགས་ཡོངས་ནས་བོད་མིའི་འགྲོ་བ་མིིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཚོར་དྲག་གནོན་བྱས་པ་ཞིག་མཚོན་གྱི་ཡོད་པར་མངོན་གསལ་གནང་འདུག

མཚོ་སྔོན་ཞིང་ཆེན་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ནས་ཡིན་པའི་བོད་མིའི་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་ནི། དེ་སྔ་ས་གནས་སྲིད་གཞུང་གི་ལས་དོན་ཁྲོད་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཕྱིར་བསྒྲགས་དང་ས་གནས་སུ་ཁྲིམས་འགལ་གྱི་གཏེར་ཁ་སྔོག་འདོན། སྟོང་ལ་ཉེ་བའི་རི་དྭགས་རྔོན་པའི་ལས་དོན་ལ་གདོང་ལེན་གནང་མཁན་གྱི་ལས་འགུལ་བ་ཞིག་ཡིན་པ་དང་། ཁོང་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ ཉིན་སྤྱི་ཚོགས་དཀྲུག་པའི་ཉེས་མིང་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བོད་མི་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པ་ Lin Qilei ལགས་ཀྱིས་ལོ་ཤས་ནས་ཟུང་ཨ་ཉ་སེང་སྒྲ་ལགས་གློད་བཀྲོལ་ཡོང་ཐབས་སུ་མགོ་ལོག་རྨ་ཆེན་རྫོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མགོ་ལོག་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་ལན་མང་གནང་ཡོད་ཀྱང་། དེ་དག་ལ་ངོས་ལེན་བྱེད་ཀྱི་མེད་སྟབས་རྒྱ་ནག་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དུ་ཁོང་གི་གྱོན་དོན་བསྐྱར་གཏུག་གནང་ཡོད་པ་དང་སྦྲགས། ཁ་སང་ཕྱི་ཚེས་ ༡༠ ཉིན་ Lin Qilei ལགས་ཀྱིས་རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་དུ་ཨ་ཉ་སེང་སྒྲའི་གོང་ཞུས་བྱས་པའི་གྱོན་དོན་གྱི་གནས་ཚུལ་ལ་རྒྱུས་ལོན་གནང་ཐབས་གནང་འདུག་ཀྱང་། འབྲེལ་ཡོད་ལས་བྱེད་པས་ཞུ་གཏུག་ལ་ངོས་ལེན་དང་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་བྱེད་ཀྱི་མེད་པའི་གནས་ཚུལ་བཀོད་འདུག

ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པ་ Lin Qilei ལགས་ཀྱིས་རང་ཉིད་ཀྱི་འཕྲུལ་སྒྲ་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་ཁོང་འདི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩ ཐོག་ Xi An རྫོང་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ཁང་དྲུག་པར་འབྱོར་ནས་ཨ་ཉ་ལགས་ཀྱི་ཁྲིམས་བཤེར་གྱི་གནས་བབ་སྐོར་གནས་ཚུལ་མཁོ་སྤྲོད་བྱས་པར་ཁྲིམས་ཁང་གི་འབྲེལ་ཡོད་བུད་མེད་ལས་བྱེད་ཀྱིས་ཨ་ཉ་ལགས་དང་འབྲེལ་བའི་ཞུ་སྙན་གང་ཡང་ཕུལ་འབྱོར་བྱུང་མེད་སྐོར་དང་ཆབས་ཅིག་ཁྲིམས་རའི་དོ་དམ་པར་གནད་དོན་ཞུ་དགོས་པ་སོགས་ཀྱི་ལན་འདེབས་བྱས་ཡོད་སྟབས། ཁོང་གིས་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གོང་གཏུག་ངོས་ལེན་མ་བྱས་པའི་བརྡ་ཐོ་དངོས་སུ་བསྟན་པར་ཁྲིམས་རའི་དོ་དམ་པས་ཨ་ཉ་ལགས་དང་འབྲེལ་བའི་ཞུ་སྙན་དེ་འདི་ལོའི་ཕྱི་ཟླ་ ༦ ནང་འབྱོར་ཡོད་པ་དེ་ལྟར་ཡང་ཞུ་སྙན་དེ་ཉིད་བསྐྱར་ཞིབ་བྱ་བར་ཟླ་བ་གསུམ་ལྷག་འགོར་གྱི་ཡོད་སྐོར་འགྲེལ་བརྗོད་ཀྱིས་ཁོང་སླར་ཟླ་ ༩ ནང་ཁྲིམས་ཁང་དུ་ཕེབས་དགོས་པ་སོགས་བཤད་ཡོད་འདུག Lin Qilei ལགས་ཀྱིས་ཁོང་ལ་འབྲེལ་ཐུག་གི་ཁ་པར་ཨང་གྲངས་ལེན་མང་སློང་ཡོད་ཀྱང་ཁྲིམས་རའི་དོ་དམ་པས་དེ་ལྟར་སྤྲད་ཐབས་མེད་སྐོར་བཤད་པར་སླད་ཀྱི་གནད་འདྲི་ཇི་ལྟར་གནང་དགོས་སམ་ཞེས་འདྲི་རྩད་གནང་འདུག

སྤྱིར་རྒྱ་ནག་གི་རྩ་ཁྲིམས་ནང་ཁྲིམས་ལུགས་དབང་བསྒྱུར་གྱི་ཆ་རྐྱེན་ཁག་གསལ་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པས་རྩ་ཁྲིམས་ལས་འགལ་བའི་ཆེས་མཐོའི་དབང་ཚད་ལོག་པར་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་སྲུང་དང་སྤྱི་ཚོགས་བརྟན་ལྷིང་སོགས་ཀྱི་མིང་ཐོག་ནས་གྱོད་དོན་ཡོད་ཚད་ལ་ཐེ་བྱུས་བྱེད་ཀྱི་ཡོད་པ་དང་། ལྷག་པར་ཨ་རིར་གནས་བཞུགས་རྒྱ་རིགས་ཁྲིམས་རྩོད་པ་ Ting Biao ཡིས་བོད་མི་དང་འབྲེལ་བའི་ཁ་མཆུ་ཅི་འདྲ་ཞིག་ཡིན་རུང་དེ་དག་ཧ་ལམ་ཡོངས་རྫོགས་ཆབ་སྲིད་དང་འབྲེལ་བ་ཡོད་པ་བཟོས་སྟབས་རྒྱ་རིགས་ཁྲིམས་རྩོད་པ་རྣམས་ནས་ཁ་མཆུ་དེའི་རིགས་ཁས་ལེན་གནང་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། ཁ་མཆུ་ཁས་ལེན་གནང་མཁན་གྱི་ཁྲིམས་རྩོད་པ་རྣམས་རྙོག་གྲ་སློང་མཁན་དང་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ལ་ངོས་འཛིན་བྱས་པར་མ་ཟད། ཁྲིམས་དཔོན་རྣམས་ཀྱང་རང་དབང་མེད་པར་དཔོན་རིགས་གོང་མའི་ཤུགས་རྐྱེན་འོག་གནས་བཞིན་པར་མངོན་གསལ་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།