Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དབུ་འཛུགས།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་དྷརྨ་སཱ་ལཱའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ཌི་པོ་ལོ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས་གནང་སོང་།

དེ་རིང་ཟླ་ ༧ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཚོུད་ ༩༌༣༠ ཐོག་དབུ་འཛུགས་གནང་བའི་ཚོགས་ཆེན་སྟེང་རྒྱ་གར་གཙོས་འཛམ་གླིང་ཡུལ་གྲུ་འདྲ་མིན་ ༡༦ ལྷག་ཏུ་གནས་སྡོད་གནང་བཞིན་པའི་ཤེས་ཡོན་གྱི་རྒྱབ་ལྗོངས་མི་གཅིག་པའི་བོད་རིགས་གཞོན་སྐྱེས་ཚོགས་བཅར་བ་མི་གྲངས་ ༡༠༠ ལྷག་ཕེབས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མཆོག་གིས་དབུས་པའི་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས། གསུང་བཤད་གནང་མཁན་ཁོངས་སུ་སྤྱི་ནོར་༸གོངས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་བཀའ་ཟུར་བཀྲས་མཐོང་བསྟན་དགེ་བྱེད་མཆོག་སོགས་ལྷན་འཛོམས་གནང་འདུག

ཐེངས་འདིའི་ཚོགས་ཆེན་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་པར་བརྒྱུད་ནས་གསུང་འཕྲིན་ཞིག་སྩལ་འདུག་པའི་ནང་། མགོན་པོ་༸གང་ཉིད་མཆོག་ད་ཆ་ལ་དྭགས་སུ་༸སྐུ་ཁམས་གསལ་ཐང་ངང་བཞུགས་མུས་ཡིན་པར་བཀའ་སྩལ་བ་དང་འབྲེལ་བོད་ཀྱི་གནད་དོན་འདི་ཆབ་སྲིད་ཁོ་ན་ཙམ་མིན་པར་འཛམ་གླིང་ཧྲིལ་པོར་ཕན་པའི་ཞི་བདེ་བསྐྲུན་རྒྱུ་དང་འབྲེལ་བའི་གནད་དོན་གལ་ཆེ་ཞིག་ཆགས་ཡོད་སྟབས། མི་རབས་གསར་པ་ཚོས་བོད་མིའི་ཡ་རབས་གོམས་གཤིས་ནམ་ཡང་བརྗེད་རྒྱུ་མེད་པ་དང་ལྷག་དོན་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་གནང་བཞིན་པའི་གཞོན་སྐྱེས་ཚོའི་ངོས་ནས་ དོ་སྣང་དམིགས་བསལ་གནང་དགོས་པར་ལམ་སྟོན་མཛད་འདུག

དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ད་བར་ལྷག་བསམ་རྣམ་དག་གིས་གོ་ལ་སྤྱི་དང་སྒོས་བོད་ཁ་བ་གངས་ཅན་ལྗོངས་ཀྱི་བསྟན་འགྲོ་ཀུན་གྱི་བདེ་དོན་སླད་ཐུགས་འགན་གཙོ་བཞེས་མཛད་ཡོད་སྟབས་བོད་རིགས་གཞོན་སྐྱེས་ཚོའི་ངོས་ནས་ཀྱང་བོད་ཀྱི་ཆོས་རིག་སྤྱི་དང་སྒོས་ནང་སེམས་ཀྱི་བློ་སྦྱོང་རྒྱུར་གོང་འཕེལ་བཏང་ནས་འཛམ་གླིང་འདིའི་འགྲོ་བ་ཀུན་ལ་ཕན་བདེ་སྒྲུབ་མཁན་ཞིག་ཆགས་པར་སེམས་ཤུགས་སྐྱེད་དགོས་པའི་གཞེན་སྐུལ་མཛད་ཡོད།

སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མཆོག་གིས་ཚོགས་འདུའི་གལ་གནད་སྐོར་དང་འབྲེལ་ཏེ། ཐུགས་རེ་ཆེན་པོའི་ཐོག་ནས་ཚོགས་འདུར་ཕེབས་ཡོད་པ་ལྟར་གཞོན་སྐྱེས་ཚོགས་བཅར་བ་རྣམས་ཚོགས་ཆེན་འདིའི་བརྒྱུད་ནས་རང་ཉིད་བོད་མི་ཞིག་ཡིན་པའི་སེམས་ཤུགས་འཕར་མའི་ཐོག་ནས་བོད་ཀྱི་རྩ་དོན་ལ་དམིགས་བསལ་འགན་ཁུར་བཞེས་དགོས་པ་དང་ཕན་ཚུན་དབར་བསམ་ཚུལ་བརྗེ་ལེན་སོགས་གནས་སྐབས་མ་འོངས་པར་བོད་མིའི་འཐབ་རྩོད་ལ་སྨན་པའི་གྲོས་བསྡུར་གནང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་གསུངས་སོང་།

ལྷག་པར་དུ་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་རྒྱལ་སྤྱིའི་མང་ཚོགས་ཁྲོད་༸གོང་ས་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་པ་དང་འབྲེལ་བའི་དགོངས་གཞིའི་གལ་གནད་སོགས་ཀྱི་ཐོག་ངོས་འཛིན་གསལ་པོ་ཡོང་གི་མེད་པའི་ཁར་རྒྱ་གཞུང་གིས་བོད་སྐོར་འཁྱོག་བཤད་དྲིལ་བསྒྲགས་ཤུགས་ཆེར་སྤེལ་བཞིན་པའི་མཚམས་འདིར་བོད་མིའི་ངོས་ནས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཐོག་གོ་རྟོགས་གཏིང་ཟབ་ཡོང་སླད་སློབ་སྦྱོང་གནང་སྟེ་རྒྱ་ནག་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་དེ་འབྲེལ་གོ་རྟོགས་ཁ་གསལ་སྤྲོད་དགོས་གལ་ཡིན་པ་གསུངས་པ་དང་ཆབས་ཅིག ད་ལྟའི་མི་རབས་ཚོས་གདོང་ལེན་གནང་དགོས་པའི་གནད་དོན་གཙོ་བོ་ནི་༸གོང་ས་མཆོག་གི་དགུང་ལོའི་བབ་ཀྱི་ཆ་ནས་མགོན་པོ་༸གང་ཉིད་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དེ་སྔ་བཞིན་ཆིབས་བསྒྱུར་མཛད་ཐུབ་ཀྱི་མེད་སྟངས་བོད་མི་མི་རེ་ངོ་རེས་མགོན་པོ་༸གང་ཉིད་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ལ་ངོས་འཛིན་མཛད་དེ་རང་ཉིད་ཀྱི་ཕྱག་དང་སྤྱན་རེ་རེ་ཕྱག་སྟོང་སྤྱན་སྟོང་གི་ངོ་བོར་མཚོན་ཐབས་གནང་སྟེ་མགོན་པོ་༸གང་ཉིད་མཆོག་གི་ཅི་གསུང་བཀའ་སྒྲུབ་སླད་འབད་རྩོལ་གང་ཐུབ་གནང་དགོས་པའི་སྐུལ་མ་གནང་སོང་།

དེ་རིང་ཕྱི་ཟླ་ ༧ ཚེས་ ༡༨ ཉིན་དབུ་འཛུགས་ཀྱིས་ཚེས་ ༢༠ བར་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་ཐོག་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ཕུགས་དམིགས་སྐོར་དང་བོད་ཀྱི་ལེགས་སྦྱང་དང་བོད་མིའི་ངོ་བོ། བྱུང་རབས་ལོ་རྒྱུས། དེ་བཞིན་བོད་ཀྱི་ཐུན་མིན་ཆོས་རིག་དང་མི་རིགས་ཀྱི་ངོ་བོ། བཙན་བྱོལ་དང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག བོད་རྒྱའི་དཀའ་རྙོག་དང་མ་འོངས་ཁ་ཕྱོགས། བོད་རྒྱ་འབྲེལ་མོལ་གྱི་འཕེལ་རིམ་དང་མ་འོངས་མདུན་ལམ། རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་ལས་འགུལ་གྱི་ནུས་པ་སྐྱེད་སྲིང་གནང་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་ཚོགས་བཅར་བ་དབར་གོ་བསྡུར་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།