Tibetan Royal Year of 2151 | Year of the Wood Dragon

མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས།

Tibetan News Headlines

  • Report Card: Sherig Kalon Tharlam Dolma Changra

རེས་གཟའ་སྤེན་པ། ༢༠༢༤།༠༦།༡༦

  • ཤེས་རིག་བཀའ་བློན་མཆོག་དང་ལྷན་འདས་པའི་ལོ་གཉིས་དང་ཕྱེད་ཀའི་ལས་དོན་སྐོར་བཅར་འདྲི།

དེ་རིང་བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་གནས་འགོ་འཛིན་དང་སྤྱི་མཐུན་མཉམ་འབྲེལ། དེ་བཞིན་ས་གནས་མཉམ་འབྲེལ་བཅས་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་གལ་ཡིན་པ་གསུངས་སོང་།

དེ་ཡང་དེ་རིང་ཕྱི་ཟླ་ ༠༥ ཚེས་ ༢༢ ནས་དབུ་འཛུགས་ཀྱིས་འདི་ཚེས་ ༢༤ བར་ཉིན་གྲངས་གསུམ་གྱི་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་དབུས་ངལ་སེལ་ཚོགས་པའི་གོ་སྒྲིག་འོག་བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད་པ་དང་འབྲེལ། ཐེངས་འདིའི་ཚོགས་ཆེན་ནང་། བོད་མིའི་མཉམ་འབྲེལ་ཁག་ ༡༥ དང་སྤྱི་མཐུན་མཉམ་འབྲེལ་ཁག་ ༡༦ གི་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན་མཉམ་འབྲེལ་ཡོད་པའི་ས་གནས་འགོ་འཛིན་ཁག་ ༡༦ ལྷོ་སྤྱི། ལ་སྤྱི་བཅས་ཁྱོན་ཚོགས་བཅར་བ་ ༤༤ ལྷན་ཞུགས་གནང་འདུག

དབུ་འབྱེད་མཛད་སྒོའི་སྐབས་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་ཚོགས་བཅར་བ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པའི་སྐལ་བཟང་གི་གོ་སྐབས་ཐོབ་པ་ཡག་པོ་བྱུང་ཡོད་པ་དང་། ད་བར་ང་རང་ཚོས་སྤྱི་ཚོགས་དེ་ཚགས་ཚུད་པོ་ཡོང་བ་འདི་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལས་ཡིན་པ་དྲན་གསོ་གནང་སྟེ། སོ་སོའི་གོ་གནས་དང་ལས་འགན་གྱི་ངོ་བོ་ཤེས་དགོས་གལ་དང་། ལྷག་པར་རྒྱ་ཆེ་ས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ལས་གཞི་སོགས་ལ་དོ་སྣང་གིས་ཕན་ཚུན་ཕྱར་གྲུ་མཉམ་འདེགས་གནང་དགོས་གལ་ཡིན་པའི་ལམ་སྟོན་གནང་སོང་།

དེ་བཞིན་ད་ལྟའི་ཆར་མཉམ་འབྲེལ་གྱི་གནས་བབ་གང་འདྲ་ཡིན་མིན་དང་། དེའི་ནང་ལེགས་པའི་ཆ་དང་ཞན་པའི་ཆ་ག་རེ་ཡོད་མེད། ལྷག་པར་ཞན་པའི་ཆ་དེ་དག་རིམ་པའི་མེད་པ་བཟོ་སྟེ། སྤྱི་པ་རང་ལ་སྨན་པ་མ་གཏོགས་གང་ཟག་སྒེར་གྱི་དོན་དུ་སྤྱི་པའི་གོ་གནས་བཞེས་མེད་པ་ནན་བརྗོད་ཀྱིས་དུས་རྒྱུན་དུ་ནས་ལས་འགན་ཚགས་ཚུད་གནང་དགོས་གལ་ཡིན་ཞིང་། ས་གནས་སོ་སོ་ནས་མི་མང་གི་དགོས་མཁོ་ལས་དཔག་པའི་ལས་གཞི་དེ་དག་སྤེལ་དགོས་པ་གསུངས་སོང་། 

ལྷག་པར་བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་འདུ་བསྐོང་ཡག་དེ་ནི་བོད་མིའི་ས་གནས་ཁག་གཅིག་གི་ནང་མཉམ་འབྲེལ་དང་འབྲེལ་ནས་བཀའ་ངལ་འཕྲད་པར་བརྟེན། ནང་སྲིད་ལས་ཁུངས་ཀྱི་མཉམ་འབྲེལ་ཐོག་ཐེ་བྱུས་བྱེད་པའི་རྒྱུ་མཚན་སོགས་གང་ཡང་མིན་པར་ད་ལྟ་འབྲེལ་ཡོད་ཚང་མ་འདིར་ཕེབས་ཡོད་སྟབས། གོ་བསྡུར་བྱས་ཏེ་མང་མོས་ཀྱི་ཐོག་ནས་ཁ་ཕྱོགས་དེར་འགྲོ་དགོས་པའི་ཐག་གཅོད་བྱ་དགོས་གལ་ཡིན་པ་མ་ཟད། བསྐྱར་ཞིབ་དེ་ནང་སྲིད་ཀྱི་གནང་དགོས་ཡག་དེ་ནི་སྤྱི་མཐུན་མཉམ་འབྲེལ་དབུས་པའི་ས་གནས་སོ་སོའི་མཉམ་འབྲེལ་བཅས་ལ་དཀའ་ངལ་ཞིག་འཕྲད་ཚེ་ནང་སྲིད་ལ་མ་གཏོགས་གཏུག་དགོས་ཀྱི་ཡོད་དུས་། ནང་སྲིད་ལས་ཁུངས་རང་བཞིན་གྱི་འབྲེལ་བ་ཞིག་ཆགས་ཀྱི་ཡོད་པའི་རྒྱུ་མཚན་གྱི་ཡིན་པ་རེད་ཅེས་གསལ་བཤད་གནང་སོང་། མ་ཟད་སྲིད་སྐྱོང་མཆོག་གིས་དེང་གི་ཆར་གཞོན་སྐྱེས་མང་པོ་ཞིག་ཕྱི་ཕྱོགས་འགྲོ་གི་ཡོད་སྟབས། གཞིས་ཆགས་སྲ་བརྟན་དང་འབྲེལ་ནས་གཞོན་སྐྱེས་རྣམས་གཞིས་ཆགས་ནང་ཚུར་འཁོར་ཐུབ་ཐབས་ལ་ཡུལ་སྐོར་སྤྲོ་འཆམ་དང་སོ་ནམ་སོགས་ཀྱི་ལས་དོན་སྤེལ་དགོས་གལ་ཡིན་པ་གསུངས་སོང་།

རྩ་བའི་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་སྩལ་གྲུབ་མཚམས་སུ་འདི་ག་གསར་འགོད་པས་སོ་མཉམ་འབྲེལ་མཐུད་པ་གུ་རུ་ཉི་མ་དང་། ཀོ་ལི་གྷལ་མཉམ་འབྲེལ་གྱི་ཚོགས་གཙོ་དང་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཞོན་ནོར་བུ་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་རྣམ་པ་གཉིས་ཀྱི་འགྲེལ་བརྗོད་གནང་བ་གོང་གི་སྒྲ་སྒམ་ནས་གསན་ཐུབ།

གཞི་རྩའི་དེ་རིང་གི་ཚོགས་དུས་དང་པོའི་ཐོག NDI ནས་མཉམ་འབྲེལ་གྱི་གནས་སྟངས་ལ་དཔྱད་ཞིབ་གནང་བའི་གྲུབ་དོན་སྙན་ཐོའི་ཐོག དོགས་འདྲི་ཁག་ལ་གསལ་བཤད་དང་ཚོགས་དུས་གཉིས་པར་གཞིས་ཆགས་ཆེ་ཁག་ཏུ་ས་གནས་འགོ་འཛིན་དང་མཉམ་འབྲེལ་ཟུང་སྦྲེལ་གྱིས། ཡུལ་བསྐོར་སྤྲོ་འཆམ་དང་གཞན་ལས་འཆར་གསར་པ་ཁག་སྤེལ་ཐུབ་ཐབས་ལ་གོ་བསྡུར་ཙམ་མ་ཟད། བོད་མིའི་མཉམ་འབྲེལ་ནང་ཁུལ་ལས་བྱེད་གནས་སྤོས་དང་ཉམས་གསོག་ཐབས་ལམ། དེ་བཞིན་ས་གནས་འགོ་འཛིན་ལས་ཁུངས་དང་མཉམ་འབྲེལ་གཉིས་དབར་འབྲེལ་ལམ་བཟང་དུ་གཏོང་ཕྱོགས་ཐབས་ལམ་བཅས་ཀྱི་ཐོག་ལ་ཚོགས་ཆུང་བཞིར་འཆར་འགོད་གནང་སྟེ། གོ་བསྡུར་གནང་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།