Tibetan Royal Year of 2151 | Year of the Wood Dragon

རང་གཞན་ཀུན་གྱི་བདེ་དོན་རྩ་བ་ནི་བྱང་ཆུབ་སེམས་ཉམས་ལེན་གནང་རྒྱུ་དེ་ཡིན་པ་བཀའ་སྩལ་བ།

Tibetan News Headlines

  • New report highlights risks to Tibet and Asia of rampant construction
  • China announces sanctions on U.S. defence firms
  • US lawmakers request Chinese doping Investigation ahead of Paris Olympics
  • CTA hosts exhibition on biography of self manifested Jowo Wati Sangpo
  • Introduction to Saga Dawa

རེས་གཟའ་ཕུར་བུ། ༢༠༢༤།༠༥།༢༣

  • རྒྱ་གཞུང་གི་ཆུ་མཛོད་ལས་གཞི་བོད་ཙམ་མ་ཟད་ཨེ་ཤེ་ཡ་སྤྱིའི་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་པ་མངོན་གསལ།
  • རྒྱ་གཞུང་གིས་སླར་ཡང་ཨ་རིའི་ཚོང་ལས་ཁང་དང་གཙོ་འཛིན་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་འདུག
  • ཡོང་རྒྱུའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ནང་རྒྱ་ནག་གིས་རྩེད་འགྲན་པར་རྟོག་ཞིབ་བྱ་དགོས་པ་གསུངས་འདུག
  • རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་དུས་ཐུང་འགྲེམས་སྟོན་དབུ་འབྱེད།
  • ས་ག་ཟླ་བའི་དུ་ཆེན་ངོ་སྤྲོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༸བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་པའི་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་སེམས་བསྐྱེད་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་བ་དང་སྦྲགས། རང་གཞན་ཀུན་གྱི་བདེ་དོན་རྩ་བར་བྱང་ཆུབ་སེམས་ཉམས་ལེན་གནང་དགོས་རྒྱུ་ཡིན་པ་བཀའ་སྩལ་སོང་།

རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཕྱག་ཚོད་ ༨ ཙམ་ལ་བོད་པའི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་མཛད་དེ་ཉིན་གཉིས་རིང་གི་མཛད་འཕྲིན་དབུ་འཛུགས་མཛད་པ་དང་འབྲེལ། དད་ལྡན་ཆོས་ཞུ་བ་རྣམས་ལ་སེམས་བསྐྱེད་ཀྱི་བཀའ་ཆོས་བཀའ་དྲན་སྩལ་ཡོད།

སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་བཀའ་ཆོས་ཀྱི་སྔོན་འགྲོའི་བཀའ་སློབ་སྩལ་སྐབས་འཛམ་བུ་གླིང་འདིའི་ཐོག་བདེ་སྐྱིད་ཀྱི་རྩ་བ་ནི་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་པ་དང་། དེ་ཡང་སེམས་བཟང་པོ་བྱས་ན་རང་གཞན་ཀུན་ལ་ཕན་པ་མ་ཟད། སེམས་བཟང་པོ་དང་འབྲེལ་བའི་བྱང་ཆུབ་སེམས་འདི་ནི་རང་གཞན་གཉིས་ཀའི་བདེ་དོན་རྩ་བ་དེ་ཡིན་པ་བཀའ་སྩལ་དང་སྦྲགས། ཚང་མས་བྱང་ཆུབ་སེམས་ལ་དོ་སྣང་གནང་དགོས་གལ་ཡིན་པ་བཀའ་སྩལ་སོང་།

དེ་བཞིན་༸གོང་ས་མཆོག་ནས་སེམས་བསྐྱེད་ཀྱི་བཀའ་ཆོས་དང་འབྲེལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་སྐོར་བཀའ་སྩལ་མཛད་པ་མ་ཟད། བཀའ་ཆོས་ཐོག་ཕེབས་པའི་གཞོན་སྐྱེས་སློབ་མ་ཁག་ཅིག་གིས་བཀའ་འདྲི་དགོངས་སྐོར་ཞུས་ཁག་བཀའ་ལན་མཛད་ཡོད།

འདི་ག་གསར་འགོད་པས་ཉིན་དང་པོའི་བཀའ་ཆོས་གྲུབ་མཚམས་༸གོང་ས་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུ་མཁན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི་ཞུ་སྐབས་སློབ་མ་དེ་དག་གིས་ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དངོས་སུ་བཀའ་འདྲི་ཞུ་རྒྱུའི་གོ་སྐལ་བྱུང་བ་དེ་ནི་བསོད་ནམས་ཆེན་པོ་ཞིག་ཡིན་པ་ངོས་འཛིན་དང་། མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་ཕེབས་པ་དེ་དག་ལག་ལེན་གང་ཐུབ་གནང་རྒྱུ་ཡིན་པ་སོགས་གསུངས་བྱུང་།

གཞི་རྩའི་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་གོ་སྒྲིག་ཞུ་བཞིན་པའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དང་བཀའ་ཆོས་སྩལ་རྒྱུའི་ལོ་རེའི་མཛད་རིམ་འདི་ནི་ཐོག་མར་ཕྱི་ལོ་ ༢༠༠༧ ལོར་དབུ་འཛུགས་གནང་པ་ཞིག་ཡིན་པ་དང་། ཐེངས་འདིའི་བཀའ་ཆོས་ཐོག་༸བཞུགས་སྒར་ཉེ་འཁོར་གྱི་བོད་པའི་སློབ་གྲྭ་ཁག་དང་། རྒྱ་གར་བ། དེ་བཞིན་ཕྱི་རྒྱལ་གྱི་མཐོ་སློབ་ཁག་ ༡༦ ཙམ་གྱི་ནང་སློབ་གཉེར་གནང་བཞིན་པའི་བོད་པའི་གཞོན་སྐྱེས་ནས་མཉམ་ཞུགས་གནང་འདུག་པ་དང་། སང་ཉིན་ཉིན་གཉིས་པར་༸གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།