Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ G7 ལྷན་ཚོགས་ཀྱིས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་བསྐྲུན་རྒྱུའི་འབོད་སྐུལ་ལ་བསྔགས་བརྗོད་མཛད་འདུག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཉི་འོང་གི་གྲོང་ཁྱེར་ Hiroshima ནང་ G7 ཞེས་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་བར་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་རྒྱལ་སྤྱིའི་གནད་དོན་མང་དག་ཅིག་གོ་བསྡུར་གནང་སྟེ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་གནད་དོན་འཁོད་པ་དེར་དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནད་དོན་དེ་དང་འབྲེལ་ནས་སྟོབས་ཆེན་རྒྱལ་ཁབ་དེ་དག་གི་དབུ་ཁྲིད་རྣམ་པར་བསྔགས་བརྗོད་མཛད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སྔོན་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིན་རྣམ་པས་བསྒྲགས་གཏམ་དེའི་བརྒྱུད་ནས་ང་རང་ཚོ་ཕན་ཚུན་ལྟོས་གྲུབ་ཆེ་བའི་འཛམ་གླིང་ནང་གནས་བཞིན་པའི་དངོས་བོའི་གནས་ཚུལ་ར་སྤྲོད་གསལ་པོ་ཞིག་དང་། དུས་རབས་ཉེར་གཅིག་འདི་བཞིན་ཞི་བདེ་དང་མཉམ་གནས་ཀྱི་དུས་རབས་ཤིག་བསྐྲུན་ཐུབ་རྒྱུའི་གོ་སྐབས་ཡོད་པ་མཚོན་ཐུབ་ཀྱི་ཡོད་ཅེས་བཀའ་སྩལ་མཛད་འདུག

མ་ཟད་མགོན་པོ་༸གང་ཉིད་མཆོག་ཡོངས་གྲགས་ཀྱི་ཐོག་ནས་འཛམ་གླིང་འདི་བཞིན་དམག་དཔུང་དང་རྡུལ་ཕྲན་མཚོན་ཆ་གཙང་སེལ་གྱི་ལས་འགུལ་སྤེལ་གནང་མཛད་མཁན་ཞིག་ཡིན་པའི་ཆ་ནས་གནད་དོན་དེ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པ་ཡིད་ཆེས་གཙང་མ་ཡོད་ཅེས་བཀའ་སྩལ་དང་འབྲེལ། སྔ་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༡ ནང་རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་ལྔས་རྡུལ་ཕྲན་མཚོན་ཆ་བེད་སྤྱད་དེ་དམག་འཁྲུག་རྒྱག་རྒྱུ་མེད་པ་མ་ཟད། དེའི་དགེ་མཚན་གང་ཡང་མེད་པ་རེད་ཅེས་ཐུན་མོང་གཏན་འབེབས་ཀྱིས་ཁས་ལེན་དམ་བཅའ་གནང་བར་བསྔགས་བརྗོད་མཛད་ཀྱི་ཡོད་ཅེས་བཀའ་སྩལ་མཛད་འདུག

ད་དུང་༸གོང་ས་མཆོག་གིས་དེང་གི་ཆར་འཛམ་གླིང་ས་ཕྱོགས་གང་སར་འགྱུར་ལྡོག་དང་ཟིང་འཁྲུག་ཆེ་བའི་དུས་སྐབས་འདིར་ང་ཚོ་ཚང་མས་གྲོས་མོལ་དང་རྒྱལ་འབྲེལ་ཐབས་བྱུས་གོ་བསྡུར་གྱི་ཐོག་ནས་ཕན་ཚུན་དཀའ་ངལ་སེལ་ཆེད་ཧུར་བརྩོན་དང་མཉམ་སྡེབ་གནང་དགོས་གལ་ཡིན་པ་བཀའ་སྩལ་དང་སྦྲགས། ཐེངས་འདིའི་ G7 ལྷན་ཚོགས་ཀྱི་དེ་ལྟ་བུའི་འབོད་སྐུལ་ནི་བརྡ་ལེན་ཤུགས་ཆེ་ཞིག་དང་། གོ་མཚོན་གྱིས་འགྲོ་བ་མིའི་རིགས་ལ་སྐུལ་བའི་འཇིགས་པ་དེ་དག་འཕྲལ་མར་མཚམས་འཇོག་དགོས་ངེས་ཡིན་པའི་ངོས་འཛིན་ཞིག་ཡིན་པ་བཀའ་སྩལ་འདུག

མ་ཟད་མགོན་པོ་༸གང་ཉིད་མཆོག་གིས་ཕན་ཚུན་ལྟོས་གྲུབ་གྱི་འཛམ་གླིང་འདིའི་ནང་རྡུལ་ཕྲན་མཚོན་ཆ་རྐྱེན་པས་དམག་འཁྲུག་ཁོ་ན་ཡོང་རྒྱུ་ཡིན་པ་མ་ཟད། དམག་འཁྲུག་དེའི་ཁྲོད་དམག་ནང་དངོས་སུ་མེད་མཁན་གྱི་མི་སེར་ཚོ་ལའང་དོ་ཕོག་དང་གནོད་འཚེ་འབྱུང་གི་ཡོད་སྟབས། ང་ཚོས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་དགོས་ངེས་ཡིན་པ་དང་། དེ་ནི་ང་ཚོས་བསྐྲུན་ཐུབ་ཀྱི་རེད་ཅེས་བཀའ་ནན་དང་འབྲེལ། དུས་རབས་ཉེར་གཅིག་འདི་བཞིན་སྔར་ལྷག་ཞི་བདེ་དང་། སྙིང་རྗེ་ལྡན་པ། དེ་བཞིན་མཛའ་མཐུན་ཡོང་བའི་ཐུགས་སྨོན་མཛད་འདུག

གཞི་རྩའི་ཟླ་བ་འདིའི་ཕྱི་ཚེས་ ༡༩ ནས་ ༢༡ བར་ཉིན་གྲངས་གསུམ་གྱི་རིང་ཉི་འོང་གི་གྲོང་ཁྱེར་ Hiroshima ནང་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་བདུན་སྟེ། ཁེ་ཎ་ཌ་དང་། ཕ་རན་སི། འཇར་མ་ནི། ཨི་ཊ་ལི། ཉི་འོང་། དབྱིན་ཡུལ། ཨ་རི། དེ་བཞིན་ཡོ་རོབ་མཐུན་ཚོགས་བཅས་ཀྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཚོགས་ཏེ། གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་གནད་དོན་མང་པོ་གོ་བསྡུར་གནང་ཡོད་པ་མ་ཟད། དབུ་ཁྲིད་རྣམ་པས་བོད་ནང་གི་གནས་སྟངས་ཐད་ཐུགས་འཚབ་ཀྱི་རྣམ་པ་གསལ་འདོན་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།