Tibetan Royal Year of 2151 | Year of the Wood Dragon

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་པའི་བསླབ་པ་མཐར་སོན།

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཆེས་མཐོའི་གཙུག་ལག་ཁང་གི་ངོས་འཛིན་ཡོད་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་གྱི་སྐབས་དང་པོའི་འབུམ་རམས་པའི་ཉམས་ཞིབ་པའི་སློབ་མ་བདུན་གྱིས་རང་ཉིད་ཀྱི་ཞིབ་འཇུག་རྩོམ་ཤོག་དང་ངག་རྒྱུགས་ལེགས་གྲུབ་གནང་ཐོག་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཨ་ཀ་མའི་ཚོགས་ཁང་དུ་སྐབས་དང་པོའི་འབུམ་རམས་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་སོང་།

དེ་རིང་གི་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོ་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་ཞིབ་རིགས་དྲུང་འབུམ་རམས་པ་ Srinivas Chowdappa མཆོག བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས། མཐོ་སློབ་ཀྱི་སློབ་སྤྱི། འབུམ་རམས་པ་རྣམས་དང་དེ་དག་གི་སློབ་སྟོན་པ་བཅས་དབུ་བཞུགས་ཐོག་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལྷན་འཛོམས་གནང་འདུག

སྐབས་དེར་མཐོ་སློབ་ཀྱི་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ཀྱིས་མཐོ་སློབ་ནང་འབུམ་རམས་པའི་ལག་འཁྱེར་གནང་ཆོག་པའི་རྒྱབ་ལྗོངས་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། ཐེངས་འདིར་བོད་རིག་པའི་ཐོག་འབུམ་རམས་པའི་མཚན་སྙན་བཞེས་མཁན་རྣམས་ལ་འཚམས་འདྲི་ཞུས་པ་དང་སྦྲགས། མཐོ་སློབ་ཀྱི་སློབ་སྤྱི་འབུམ་རམས་པ་བསྟན་འཛིན་པ་སངས་ལགས་ཀྱིས་སྦེང་ལོར་མཐོ་སློབ་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ལ་ཚད་མཐོའི་ངོས་འཛིན་གནང་སྟེ་ད་ཆ་འབུམ་རམས་པའི་སློབ་མ་བདུན་ལ་ཕྱག་འཁྱེར་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས་ཀྱིས་མཐོ་སློབ་ཀྱི་འགོ་ལས་ཡོངས་ཀྱི་བཀའ་དྲིན་ལ་བརྟེན་ནས་ད་བར་མཐོ་སློབ་འདིའི་ནང་བོད་ཡིག་ཆེད་སྦྱོང་ཐོག་རིག་གནས་རབ་འབྱམས་པ་དང་། གཙུག་ལག་རབ་འབྱམས་པ། ད་ཆ་འབུམ་རམས་པའི་བསླབ་པ་མཐར་སོན་པའི་ཕྱག་འཁྱེར་བཞེས་རྒྱུ་བྱུང་ཐུབ་པ་ནི་སྤོབས་པ་འོས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད། འདི་ལྟ་བུའི་གོ་སྐབས་དང་མཐུན་རྐྱེན་བཟང་པོ་ཡོད་པ་བོད་མིའི་ཁྲོད་ནས་དང་ལེན་གནང་མཁན་ཉུང་ཤས་ལས་མེད་སྟབས་མ་འོངས་པར་བོད་མི་གང་མང་ནས་མཉམ་ཞུགས་གནང་ཐུབ་པར་ཤུགས་སྣོན་རྒྱག་དགོས་པའི་ལམ་སྟོན་གནང་སོང་།

དེ་བཞིན་དམིགས་བསལ་སྐུ་མགྲོན་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གི་ཆེད་སྦྱོང་སྡེ་ཚན་གྱི་འབྲེལ་མཐུད་པ་ C. Skarigar ལགས་ཀྱིས་འབུམ་རམས་པའི་བསླབ་མཐར་སོན་པ་རྣམས་མ་འོངས་པར་བོད་པའི་སྤྱི་ཚོགས་ནང་གཞོན་སྐྱེས་མི་ཉུང་བ་ཞིག་ལ་འབུམ་རམས་པའི་ལམ་སྟོན་གནང་ཐུབ་པའི་ཐུགས་རེ་ཡོད་སྐོར་གསུངས་ཡོད།

སྐུ་མགྲོན་གཙོ་བོ་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་ཞིབ་རིགས་དྲུང་འབུམ་རམས་པ་ Srinivas Chowdappa མཆོག་གིས་འཛམ་གླིང་ཐོག་འགྱུར་ལྡོག་ཆེས་ཆེར་འགྲོ་བཞིན་པའི་དུས་སྐབས་ཁྲོད་མི་རིགས་མང་དག་ཅིག་གི་སྐད་ཡིག་རིམ་བཞིན་རྩ་མེད་དུ་འགྲོ་བཞིན་པར་བརྟེན། རང་མི་རིགས་ཀྱི་སྐད་ཡིག་གི་རིན་ཐང་དང་ཆེ་མཐོང་ཤེས་པའི་ཐོག་ནས་བདག་གཅེས་གནང་གལ་ཡིན་པར་ནན་གསུངས་དང་འབྲེལ། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ངོས་ནས་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་སྒྲིག་ཁག་དང་འགལ་མེད་ཐོག་འབུམས་པའི་བྱེད་སྒོ་རྣམས་ལེགས་གྲུབ་གནང་བར་ཡི་རང་བསྔགས་བརྗོད་གནང་སོང་།

ཐེངས་འདིར་འབུམ་རམས་པའི་བསླབ་པ་མཐར་སོན་པའི་ཁོངས་སུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཡིན་པ་དང་། ཁོང་གིས་མཛད་སྒོའི་ཐོག་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་བཞེས་རྗེས་འབུམ་རམས་པ་བདུན་པོའི་སྐུ་ཚབ་ཐོག་ནས་མྱོང་ཚོར་གསུངས་པ་དང་འབྲེལ། ཁོང་རྣམས་ཀྱིས་འདས་པའི་ལོ་ངོ་བཞི་ཙམ་རིང་སྐུ་ལས་མང་དག་ཅིག་བསྐྱོན་ནས་ཞིབ་འཇུག་གི་བརྗོད་གཞི་སྣ་མང་ཐོག་རྩོམ་ཤོག་བྲིས་ཡོད་པ་དེ་དག་བོད་མིའི་སྤྱི་ཚོགས་ནང་ཁ་ཡོད་ལག་ཡོད་ཕན་ཐོགས་བྱུང་བའི་གདེང་ཚོད་ཡོད་སྐོར་གསུངས་སོང་། པར་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།