Tibetan Royal Year of 2151 | Year of the Wood Dragon

གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་དོན་མུ་མཐུད་སྐྱོང་ཕྱིར་གསལ་བསྒྲགས་སྔོན་སོང་ལྟར་རང་འཇགས་གནས་རྒྱུའི་མང་མོས་ཐག་གཅོད་གནང་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་དོན་མུ་མཐུད་སྐྱོང་དགོས་རིགས་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༥ ནས་ ༢༩ བར་ལས་ཉིན་ལྔ་བསྐྱང་གཏན་འཁེལ་བའི་གསལ་བསྒྲགས་སྔོན་སོང་ལྟར་ཟླ་དུས་ཚེས་གྲངས་རང་འཇགས་གནས་ཡོད་པའི་གསལ་བརྡ་བསྐྱར་དུ་གནང་འདུག

དེའང་། ཉེ་ལམ་ཟླ་བ་འདིའི་ཚེས་ ༡༦ ཉིན་ཚོགས་དྲུང་ལས་ཁུངས་ཀྱིས་ཚོགས་བརྡ་ཞིག་གནང་བ་དང་སྦྲགས་ཏེ། འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཚོགས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་བརྟེན་དུས་བཀག་བཞིན་འཚོགས་མ་ཐུབ་པར་འཕར་འགྱངས་གནང་དགོས་བྱུང་བ་ལྟར། ཚོགས་དུས་འདིའི་ལས་དོན་ལྷག་མ་རྣམས་རིང་མིན་ཕྱི་ཟླ་ ༡༢ ཚེས་ ༢༥ ནས་ ༢༩ བར་ལས་ཉིན་ལྔ་བསྐྱང་གཏན་ཁེལ་ཡོད་པའི་ཡོངས་ཁྱབ་གནང་ཡོད།

ཕྱི་ཚེས་ ༢༠ ཉིན་བོད་མི་མང་སྤྱི་འཐུས་ལས་ཐོག་བཅུ་དྲུག་གིས་ཟུང་སྦྲེལ་ཐོག་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ཀྱི་མཚན་ཐོག་ཏུ་ཞུ་ཡིག་ཞིག་ཕུལ་ཏེ་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་བསྐོང་འཚོགས་གནང་བར་དགའ་བསུ་དང་མོས་མཐུན་ཡོད་ཀྱང་། མཇུག་སྐྱོང་ཚོགས་དུས་དེ་ངེས་པར་ཕྱི་ཟླ་ ༡༢ ནང་འཚོགས་དགོས་པའི་ཛ་དྲག་དགོས་གལ་ཆེ་བ་གང་ཡང་མ་གཟིགས་པ་དང་ལྷག་དོན་ཕྱི་ཚེས་ ༢༩ ནས་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་དབུ་འཛུགས་མཛད་རྒྱུ་ལྟར་མཛད་གཙོ་རྣམ་པས་གཙོས་པའི་འབྲེལ་ཡོད་མང་པོ་སྔོན་ཚུད་ནས་ས་གནས་སུ་ཕེབས་ཐོན་དགོས་པ་དང་། ཚོགས་དུས་ཀྱི་ཟླ་ཚེས་ཡས་མས་ནི་ཡི་ཤུ་མ་ཤི་ཀའི་འཁྲུངས་ཚེས་དང་ཕྱི་ལོ་ ༢༠༢༤ ལོ་གསར་དུ་བཞད་པ་དང་བསྟུན་གུང་སེང་སོགས་ཁེལ་གྱི་ཡོད་སྟབས་གནམ་གྲུའི་འཛིན་བྱང་རང་བཞིན་གྱི་གོང་ཚད་ཆེ་བ་ཆགས་ཡོད་པས་མཇུག་སྐྱོང་ཚོགས་དུས་ལ་གཞུང་གྲོན་ཚད་ལས་བརྒལ་བ་འགྲོ་ངེས་པ་མངོན་གསལ་གནང་སྟེ་ད་ལན་གྱི་ཚོགས་དེ་བཞིན་ཕྱི་ལོའི་ཟླ་ ༣ པའི་གྲོས་ཚོགས་ཚོགས་དུས་བདུན་པར་ཉིན་གྲངས་འཕར་མ་འགའ་དང་བཅས་སྟབས་གཅིག་དུས་གཅིག་ལ་འཚོགས་ཐབས་ཤིག་ཡོང་བའི་འབོད་སྐུལ་གྱི་ཞུ་སྙན་ཕུལ་ཡོད་པ་རེད།

འོན་ཀྱང་ཁ་སང་ཕྱི་ཚེས་ ༢༩ ཉིན་ཚོགས་དྲུང་ལས་ཁུངས་ཀྱིས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གི་མཚན་ཐོག་ཏུ་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་བཞིན་ཕྱི་ཟླ་ ༣ པའི་གྲོས་ཚོགས་ཚོགས་དུས་བདུན་པར་ཉིན་གྲངས་འཕར་མ་འགའ་དང་བཅས་སྟབས་གཅིག་དུས་གཅིག་ལ་འཚོགས་ཐབས་ཤིག་གནང་སྐྱོང་ཡོང་བའི་ཞུ་སྙན་ཕུལ་མཁན་བོད་མི་མང་སྤྱི་འཐུས་ལས་ཐོག་བཅུ་དྲུག་ལ་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༡༩ ཐོག་སྙན་སེང་ཞུས་པར་བཅའ་ཁྲིམས་དགོངས་དོན་སྤྱི་འཐུས་རྒྱུན་ལས་རྣམ་པར་གོ་བསྡུར་གྱིས་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་སྐྱོང་ཚོགས་དུས་འཚོག་རྒྱུའི་ཐག་གཅོད་གནང་འབེབས་གནང་བ་ཞིག་ཡིན་སྟབས། གསལ་བསྒྲགས་སྔོན་སོང་ལྟར་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་དོན་མུ་མཐུད་སྐྱོང་རྒྱུའི་ཟླ་ཚེས་རང་འཇགས་གནས་རྒྱུའི་མང་མོས་ཐག་གཅོད་བྱུང་སོང་ཞེས་གསུངས་འདུག

གཞི་རྩའི་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་དབུ་འཛུགས་གནང་བའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་དང་པོར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་རྒྱའི་སོ་པ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་དང་འབྲེལ་གྲོས་ཚོགས་སུ་གནད་དོན་དེའི་སྐོར་བགྲོ་གླེང་ཤུགས་ཆེར་གནང་བའི་ཁྲོད། སྤྱི་འཐུས་ཁག་གཅིག་གིས་བདེ་སྲུང་ལས་ཁུངས་ནས་གནད་དོན་གཙང་བཟོ་མ་གནང་བར་དུ་གྲོས་ཚོགས་ནང་ཆ་ཤས་བཞེས་རྒྱུ་མིན་ཞེས་གསུངས་པ་ལྟར་གྲོས་ཚོགས་ཀྱི་གྲུབ་ཆ་རྩ་འབོར་གསུམ་ཆ་གཉིས་མ་ལོངས་སྟབས། ལས་ཉིན་བཞི་པ་ནས་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་འོག་དེ་མུར་ལྷག་པའི་མཚམས་སུ་ཚོགས་དྲུང་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༨ ཉིན་གྲོས་ཚོགས་ཚོགས་དུས་དྲུག་པ་འཕར་འགྱངས་གནང་བའི་གསལ་བསྒྲགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།