Tibetan Royal Year of 2151 | Year of the Wood Dragon

བོད་མི་སྡོད་ཁང་མེད་མཁན་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོ་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

བཀའ་ཤག་སྐབས་ ༡༦ པའི་ངོས་ནས་མ་འོངས་འགན་སྲུང་དང་འབྲེལ་བའི་ཕུགས་དམིགས་གཙོ་བོ་གཅིག་སྟེ་ Building Back Compact Communities ཞེས་རུབ་སྡོད་གཞིས་སྒར་བསྐྱར་གསོའི་གཙོ་གནད་ལས་གཞི་འམ་གཞིས་སྤོས་ལས་གཞི་ཟེར་བའི་འོག བྱེས་འབྱོར་བོད་མི་རྣམས་དང་གཞིས་སྐལ་མ་ཐོབ་པའི་ཁ་ཐོར་བོད་མི་རྣམས་ལ་སྡོད་ཁང་གི་མཐུན་རྐྱེན་སྦྱོར་ཐབས་ཀྱི་ལས་གཞི་དབུ་འཛུགས་གནང་བ་ལྟར། ཕྱི་ལོ་ ༢༠༢༢ ནས་བཟུང་ད་བར་ལས་གཞི་དེའི་ཆེད་ཞིབ་འཇུག་དང་། ས་ཆ་ཐབས་འཚོལ་སོགས་ཀྱི་དགོས་གལ་ལས་དོན་ཆ་ཚང་གྲུབ་སྟེ་ད་ཆ་བོད་མི་རྣམས་ལ་སྡོད་ཁང་བགོ་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས་གནང་འདུག

ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་སྒྲུབ་ལགས་ཀྱིས་གསུངས་པར་གཞིགས་ན། ཐོག་མའི་ཆར་ལས་གཞི་དེའི་འོག་སྡོད་ཁང་མེད་པའི་བྱེས་འབྱོར་བོད་མི་ ༢༠༠༠ ཙམ་དང་གཞིས་ཆགས་ཀྱི་མཐུན་རྐྱེན་མ་ཐོབ་པའི་ཁ་ཐོར་བོད་མི་ ༢༠༠༠ ཙམ་བཅས་ཁྱོན་ ༤༠༠༠ ལྷག་ཙམ་བྱུང་ཡོད་ཀྱང་། རིམ་པས་ཞིབ་འཇུག་རྗེས་ད་ཆ་ལས་གཞི་དེའི་འོག་གྲོང་པ་ཁྱོན་ ༨༠༠ ཙམ་ཞིག་བྱུང་ཡོད་པ་དང་། སྒྲིག་འཛུགས་ངོས་ནས་ཉེ་ལམ་ཕྱི་ཟླ་ ༤ པའི་ཟླ་མཇུག་ནས་བཟུང་ Orissa དང་ལ་དྭགས། ཧུན་སུར་བཅས་སུ་ལས་བྱེད་ཆེད་གཏོང་གིས་བོད་མི་དེ་དག་ལ་དངོས་སུ་ས་ཆ་བགོ་འགྲེམས་ཀྱི་ལས་དོན་དབུ་འཛུགས་གནང་འདུག

བཀའ་ཤག་གི་ཞུ་སྐུལ་རིམ་པའི་ཁྲོད། གཞིས་ཆགས་ཁག་ནས་ཕྱི་རྒྱལ་ཡུལ་གྲུར་གནས་སྤོས་གནང་མཁན་ཁག་གཅིག་གིས་རང་ཉིད་ཀྱི་ས་ཆ་སྒྲིག་འཛུགས་ལ་ཕྱིར་བསློག་བྱུང་བ་མ་ཟད། བཀའ་ཤག་ངོས་ནས་གཞིས་ཆགས་ས་གནས་སོ་སོ་ནས་ས་ཆ་ཉོས་ཏེ། བོད་མི་རྣམས་ལ་ད་ཆ་ས་ཆ་བགོ་འགྲེམས་ཙམ་མ་ཟད། ཁང་པ་རྒྱག་རྒྱུའི་དོད་ཀྱི་ཚུལ་དུ་གཞིས་ཆགས་ལ་དཔགས་པའི་ཧིན་སྒོར་འབུམ་གཉིས་དང་ཕྱེད་ཀ་ནས་བདུན་དང་ཕྱེད་ཀའི་བར་ཕུལ་གྱི་ཡོད་པ་དང་།  Orissa དང་ Mainpat ཀྱི་ས་ཁུལ་ལྟ་བུར་མཚོན་ན་ཁང་པ་རྒྱག་ཡག་དང་ཆ་ཚང་ནང་སྲིད་ལས་ཁུངས་རང་ནས་གནང་གི་ཡོད་པ་རེད་འདུག

གཞི་རྩའི་བཀའ་ཤག་སྐབས་གོང་མའི་སྐབས་སུ། བཞུགས་སྒར་ཉེ་འཁྲིས་ Bir དང་ Kullu, མོན་འགོ་འདོད་རྒུ་གླིང་། དེ་བཞིན་སྦེལ་ཀོབ་ལུགས་བསམ་བཅས་སུ་བྱེས་འབྱོར་བོད་མི་གཙོ་བོར་འགྱུར་བ་ཁག་གཅིག་ལ་སྡོད་ཁང་མཁོ་སྤྲོད་ཀྱི་ལས་གཞི་སྤེལ་ཡོད་པ་ལྟར། ད་ལྟའི་གཞིས་སྤོས་ཀྱི་ལས་གཞི་དེའང་སྤྱིར་མི་མང་གི་བདེ་དོན་ལ་དམིགས་པའི་ལས་གཞི་གཅིག་མཚུངས་ཡིན་ཡང་། ད་ལྟའི་ལས་གཞི་དེའི་ནང་སྡོད་ཁང་གི་དཀའ་ངལ་ཡོད་པ་ཡོངས་རྫོགས་ལྡེབས་གཅིག་ལ་སེལ་རྒྱུར་དམིགས་བཞིན་ཡོད་པ་གསུངས་ཀྱི་འདུག

ཡིན་ནའང་ཐེངས་འདིའི་ལས་གཞི་ནང་དུ་བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་ས་གནས་ཁག་གཅིག་གི་གྲོང་པ་ ༨༨༠ ཙམ་ནས་ད་ལྟ་སོ་སོ་གནས་སྡོད་བྱེད་ས་རྡ་ས་རང་འཇགས་མ་གཏོགས་ས་གནས་གཞན་ལ་སྤོ་བྱ་རྒྱུ་མིན་པ་གསུངས་མཁན་བྱུང་ཡོད་པ་དང་། དེ་བཞིན་ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ཁང་པ་བགོ་འགྲེམས་བྱ་སའི་ས་ཁག་ ༩ ཡོད་པའི་ནང་དུ་ས་ཁུལ་གང་ཡང་མ་བདམས་ནས་བསྡད་མཁན་གྲོང་པ་ ༡༤༠ ལྷག་ཙམ་བྱུང་ཡོད་པ་རེད་འདུག ནང་སྲིད་དྲུང་ཆེ་ངོས་ནས་རྡ་ས་ལྟ་བུའི་ནང་ས་ཆ་ཐོབ་རྒྱུ་ཧ་ཅང་ཁག་པོ་ཡིན་པ་འགྲེལ་བརྗོད་དང་འབྲེལ་བོད་མི་དེ་དག་ལ་མ་འོངས་པར་སྡོད་ཁང་ཞུ་རྒྱུའི་ལམ་ཁ་ཁག་པོ་ཡིན་པའི་བརྡ་ལན་གནང་སོང་། 

རྩ་བའི་བོད་མིའི་སྒྲིག་འཛུགས་ངོས་ནས་འདི་ལོའི་སྔོན་རྩིས་ནང་དུ་ལས་གཞི་འདིའི་ཆེད་དུ་ཧིན་སྒོར་ས་ཡ་ ༩༦ ལྷག་ཙམ་གྱི་འགྲོ་གྲོན་འཆར་འབུལ་ལྟར་གཏན་འབེབས་བྱུང་ཡོད་པ་རེད་འདུག

དཔལ་ལྡན་ལགས་ཀྱིས་ད་དུང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ད་ལྟའང་བོད་མིའི་སྒྲིག་འཛུགས་ཀྱི་གསལ་བསྒྲགས་མ་ཐོས་པར་སྡོད་ཁང་མེད་པར་ལྷག་ཡོད་པའི་བོད་མི་དང་། བོད་མིའི་སྒྲིག་འཛུགས་ཀྱི་མིང་ཐོ་བསྡུ་འགོད་ནང་དུ་མིང་མ་འཁོད་པ་རེ་ཟུང་ཡོད་ན། ནང་སྲིད་ལས་ཁུངས་ལ་འབྲེལ་གཏུགས་ཀྱིས་མ་འོངས་པར་རིམ་པས་དཀའ་ངལ་སེལ་རྒྱུའི་ཐབས་ལམ་འཚོལ་རྒྱུ་ཡིན་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།