Tibetan Royal Year of 2151 | Year of the Wood Dragon

ཨ་རི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

ཨ་རིའི་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་བཟོ་ཚོང་ལས་ཁང་ ༣༡ ཙམ་ཞིག་ལ། ཨུ་རུ་སུ་དང་ཡུག་རེན་དབར་གྱི་དམག་འཁྲུག་ཁྲོད་ཨུ་རུ་སུར་དམག་གི་མཐུན་འགྱུར་མཁོ་སྤྲོད་བྱེད་བཞིན་པའི་གནད་དོན་འོག་སྲིད་དོན་ཉེས་ཆད་བཀལ་འདུག

དེ་ཡང་ཁ་སང་རེས་གཟའ་ལྷག་པའི་ཉིན། ཨ་རིའི་ནོར་སྲིད་དང་ཕྱི་སྲིད་ལས་ཁུངས་གཉིས་ཀྱིས་ཨུ་རུ་སུ་དང་ཡུག་རེན་དབར་དམག་འཁྲུག་ཁྲོད་ཨུ་རུ་སུར་དམག་གི་མཐུན་འགྱུར་སྦྱོར་མཁན་གྱི་བཟོ་ཚོང་ལས་ཁང་སོགས་ཁྱོན་ ༣༠༠ ལ་སྲིད་དོན་ཉེས་ཆད་བཀལ་བའི་གསལ་བསྒྲགས་གནང་ཡོད་པའི་ཁྲོད་རྒྱ་ནག་དང་ཧོང་ཀོང་ནང་གི་ཚོང་ལས་ཁང་ ༣༡ ཙམ་དེའི་ཁོངས་སུ་ཚུད་འདུག

ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་དེ་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། ཨ་རིའི་ནོར་སྲིད་ལས་ཁུངས་ངོས་ནས་ཨ་རུ་སུར་དམག་གི་གོ་མཚོན་རྒྱལ་སྲུང་དང་འབྲེལ། འཕྲུལ་ལས་གྱི་མཐུན་རྐྱེན་སྦྱར་མཁན་ ༢༠༠ ལྷག་ཙམ་དང་དེ་བཞིན་ཕྱི་སྲིད་ལས་ཁུངས་ངོས་ནས་ ༨༠ ཙམ་ལ་སྲིད་དོན་ཉེས་ཆད་བཀལ་ཡོད་པ་སྟེ། དེའི་དམིགས་ཡུལ་གཙོ་བོ་ནི་ཨུ་རུ་སུའི་དམག་གི་ནུས་པ་ཉམས་ཉེས་གཏོང་རྒྱུ་དང་། དེར་སྐྱེ་དངོས་དང་རྫས་འགྱུར་གྱི་མཚོན་ཆ་གཙོས་འབར་རྫས་སོགས་ཀྱི་རྒྱུ་ཆ་མཁོ་སྤྲོད་བྱེད་མཁན་ཚོར་དྲག་གནོན་བྱ་རྒྱུ་དེ་ཡིན་ཞེས་གསུངས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གྲངས་ཐོར་གཞིགས་ན། ལས་ཁུངས་དེའི་ངོས་ནས་ཐེངས་འདིར་སྲིད་དོན་ཉེས་ཆད་བཀལ་བའི་རྒྱ་ནག་གི་ཚོང་ལས་ཁང་ཁོངས་སུ་ཨུ་རུ་སུར་མགོ་གཉིས་སྤྱོད་ཀྱི་མཁའ་དབྱིངས་ལག་རྩལ་གྱི་ཡོ་ཆས་རིགས་བཟོ་སྐྲུན་དང་མཁོ་སྤྲོད་བྱེད་མཁན་རྣམས་ཚུད་ཡོད་པ་དང་། རྒྱ་ནག་ནང་རྟེན་གཞི་བྱས་པའི་བཟོ་ཚོང་ལས་ཁང་དེ་དག་ནས་ཨུ་རུ་སུ་ནང་གི་བཟོ་གྲྭར་འཕུར་འདེད་རླུང་འཁོར་དང་འཕྲུལ་འཁོར། དེ་བཞིན་ཚོར་ཆས་སོགས་འཕུར་མདའ་བཟོ་སྐྲུན་བྱ་རྒྱུའི་ཅ་དངོས་ཕྱིར་གཏོང་བྱེད་བཞིན་ཡོད་པ་བརྗོད་འདུག མ་ཟད་རྒྱ་ནག་ནང་གི་བཟོ་ཚོང་ལས་ཁང་བཞི་ཡིས་ཨུ་རུ་སུའི་ནང་གི་ཨ་རིའི་བཀག་སྡོམ་འོག་ཡོད་པའི་ཚོགས་པ་ཁག་ལ་དགོས་ངེས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱས་པ་དང་། ཏུར་ཀི་དང་ཁར་ཇི་སི་ཐན། Kyrgyzstan  མ་ལེ་ཤི་ཡ་བཅས་ཀྱི་ཁེ་ལས་ཚོགས་པ་ཁག་ལ་དགོས་ངེས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱས་ཏེ་ཨུ་རུ་སུའི་སྲུང་སྐྱོབ་ཀྱི་བཟོ་ལས་གཞི་རྟེན་ལ་རྒྱབ་སྐྱོར་བྱས་པ་སོགས་ཀྱི་ཉེས་འཛུགས་བྱས་འདུག ལྷག་པར་ཐོ་གཞུང་དེའི་ཁྲོད་ཀྱི་ཁེ་ལས་ཁང་ཁ་ཤས་ཀྱིས་ཨ་རིའི་ལྷོ་བྱང་ཁུལ་དུ་དངོས་ཟོག་དབོར་འདྲེན་བྱས་ཏེ། ཨུ་རུ་སུའི་རྒྱལ་སྲུང་བཟོ་ལས་ཀྱི་རྟེན་གཞི་ཁག་ལ་གནད་འགག་ཆེ་བའི་དངོས་ཟོག་བཟོ་སྐྲུན་དང་ཕྱིར་གཏོང་བྱེད་མཁན་ཚོ་ཡིན་པ་དང་། ཁོ་ཚོ་ཁ་ཤས་ཀྱིས་ཨ་རིའི་ལྷོ་བྱང་ཁུལ་དུ་དངོས་ཟོག་དབོར་འདྲེན་བྱས་ཡོད་པ་སོགས་མངོན་གསལ་གནང་འདུག

སྤྱིར་ད་རེས་ཨ་རིའི་གཞུང་གིས་སྲིད་དོན་ཉེས་ཆད་བཀལ་བ་དེ་རྒྱ་ནག་གཅིག་པོ་མ་ཡིན་པར་ཨུ་རུ་སུའི་དམག་འཁྲུག་ལ་སྒོ་གང་ས་ནས་རྒྱབ་སྐྱོར་བྱེད་མཁན  Azerbaijan དང་། Belgium་Slovakia དེ་བཞིན་ Turkey དང་ཨ་རབ་མཉམ་འབྲེལ་རྒྱལ་ཁབ་བཅས་ཀྱི་ཚོང་ལས་ཁང་གཞན་མང་དག་ཞིག་ཡོད་པ་རེད་འདུག་

རྩ་བའི་ཨ་རིའི་ནོར་སྲིད་དྲུང་ཆེ་ Janet Yellen དང་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་ནས་རྒྱ་ནག་ཏུ་འཚམས་གཟིགས་རིམ་པ་གནང་བའི་ཁྲོད་རྒྱ་ནག་གཞུང་ནས་ཨུ་རུ་སུར་དམག་དོན་སྟོབས་ཤུགས་ཆེ་རུ་གཏོང་བར་བེད་སྤྱོད་གཉིས་ལྡན་གྱི་དངོས་ཟོག་མཁོ་སྤྲོད་མི་བྱ་རྒྱུའི་རེ་སྐུལ་དང་ཉེན་བརྡ་བསྟུད་མར་བཏང་བའི་རྗེས་སུའང་། རྒྱ་ནག་གི་བཟོ་ཚོང་ལས་ཁང་དང་ཁེ་ལས་པ་ཁག་གཅིག་གིས་མུ་མཐུད་བྱ་སྤྱོད་དེ་རིགས་སྤེལ་ཡོད་ཅིང་།  ཕྱི་ལོ་ ༢༠༢༢ ལོར་ཨུ་རུ་སུས་ཡུག་ཀེ་རན་ལ་དྲག་པོས་བཙན་འཛུལ་བྱས་པ་ནས་བཟུང་སྟེ། ཨ་རིས་ཨུ་རུ་སུའི་དངུལ་ཁང་དང་ཁེ་ལས་ཁག་ལ་དཔལ་འབྱོར་གྱི་ཉེས་ཆད་ལྗིད་མོ་བཀལ་ཡོད་པའི་རྐྱེན་གྱིས། བར་ལམ་རྒྱ་ནག་གིས་ཨུ་རུ་སུ་དང་ཐད་ཀར་དངུལ་གཏོང་ལེན་བྱས་མེད་ཀྱང་། ཉེ་ཆར་རྒྱ་ནག་གི་དངུལ་ཁང་དང་ཁེ་ལས་པ་འགའ་ཤས་ཀྱིས་ཨ་རིའི་དཔལ་འབྱོར་གྱི་ཉེས་ཆད་ལ་གཡོལ་ཏེ་ཨུ་རུ་སུའི་ས་མཚམས་བར་ཚོང་རྒྱག་མཁན་བརྒྱུད་ནས་ལྐོག་ཏུ་དངུལ་གཏོང་ལེན་སོགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་པ་དེའི་རྐྱེན་གྱིས་བྱུང་བ་ཞིག་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།