Tibetan Royal Year of 2151 | Year of the Wood Dragon

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་འདས་གྲོངས་སུ་གྱུར་བར་ཐུགས་གསོ་མཛད་འདུག

Tibetan News Headlines

  • Dalai Lama congratulates president Murmu on her 66th birthday
  • China places stringent restrictions on access to sacred Tibetan religious site in Golok
  • Tibetans worldwide hold prayer vigils for Dalai Lama’s successful knee surgery
  • Xi’s visit to Tibetan areas in Qinghai shows continuation of his Sinicization policy
  • Australian Tibetan protestor hospitalized after attack by China supporter during Li Qiang’s visit
  • US approves new $360 million arms sale to Taiwan for drones, related equipment

རེས་གཟའ་ཕུར་བུ། ༢༠༢༤།༠༦།༢༠

  • ༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ Murmu མཆོག་གི་སྐྱེས་སྐར་ཉིན་འཚམས་འདྲི་སྩལ་བ། མགོ་ལོག་ཁུལ་གྱི་གནས་ཆེན་གཉན་པོ་གཡུ་རྩེ་རུ་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས།
  • བོད་མི་ཚོས་༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུ་བཞིན་འདུག
  • ཞི་ཅིན་ཕིང་གི་མཚོ་སྔོན་ལྟ་སྐོར་དེ་ནི་རྒྱ་གཞུང་གིས་བོད་མིའི་ཐོག་རྒྱ་བསྒྱུར་གྱི་སྲིད་བྱུས་དེ་མུ་མཐུད་ལག་བསྟར་མཁྲེགས་འཛིན་བྱེད་བཞིན་པའི་རྣམ་པ་རེད།
  • ཨོ་གླིང་བོད་མི་ཞི་རྒོལ་བར་རྒྱ་ནག་རྒྱབ་སྐྱོར་བས་ཉེས་རྡུང་གིས་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག
  • ཨ་རིས་ཐའེ་ཝན་ལ་ཨ་སྒོར་ས་ཡ་ ༣༦༠ ལྷག་གི་གོ་ལག་ཚོང་འགྲེམས་བྱ་རྒྱུ།

ཁ་སང་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པ་བོད་ནང་གི་རྩོམ་པ་པོ་དང་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་མ་ཐག་སྤྱི་ཚོགས་དྲ་ལམ་ཐོག་ཁོང་ལ་དགའ་མོས་གནང་མཁན་དང་སྒྱུ་རྩལ་བ་དུ་མས་མྱ་ངན་ཞུས་དང་ཞུ་བཞིན་ཡོད་པའི་ཁྲོད། དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་གིས་སྤྱི་ཚོགས་དྲ་ལམ་ངོ་དེབ་ནང་དམ་པ་ཁོང་གི་མཛད་རྗེས་ལ་བསྔགས་བརྗོད་དང་སྦྲགས། ཁོང་གི་གཉེན་ཉེ་འབྲེལ་ཡོད་ཀུན་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོ་མཛད་འདུག

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་དམ་པ་ཁོང་གི་མཛད་རྗེས་ལ་བསྔགས་བརྗོད་མཛད་དེ་བོད་ཀྱི་གློག་བརྙན་ལས་རིགས་ཁྲོད་རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་འཁྲབ་ཁྲིད་པ་ཁོང་འདྲ་བ་སྔར་བྱུང་མྱོང་མེད་པ་ལྟ་བུ་རེད་ལ། ཁོང་མུ་མཐུད་བཞུགས་ན་ང་ཚོའི་མིག་ཡིད་ཀྱི་དགའ་སྟོན་དུ་འགྱུར་བའི་བོད་མི་རིགས་ཀྱི་འཚོ་བ་དངོས་དང་། ཆོས་རིག་གི་ཞག་རྩི་ལྡན་པའི་བརྩམ་བྱ་ཕུལ་བྱུང་མང་པོ་ཞིག་ཐོན་རྒྱུ་དང་། དེ་བཞིན་ཁོང་གིས་སྣེ་འཁྲིད་དང་། མིག་དཔེ་བཟང་པོ་ལ་བརྟེན་ནས། བོད་ཀྱི་གློག་བརྙན་ལས་རིགས་ཐད་མི་སྣ་ཕུལ་བྱུང་མང་པོའང་བསྐྱེད་བསྲིངས་ཐུབ་ངེས་ཡིན་པ་ཐུགས་ཕམ་མཛད་འདུག

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ལོ་ཤས་གོང་ཨ་རིར་སྐུ་བཞུགས་སྐབས། དམ་པ་ཁོང་དང་བཀའ་མོལ་ཟབ་མོ་མཛད་མྱོང་སྐོར་གསུངས་ཤིང་། ༸རྒྱལ་དབང་མཆོག་དུས་རྒྱུན་ནས་དམ་པ་ཁོང་གི་གློག་བརྙན་གྱི་བྱ་བཞག་ལའང་དངོས་བརྒྱུད་ནས་ཐུགས་ཁུར་མཛད་མཁན་ཞིག་ཡིན་པས་ཁོང་བློ་བུར་དུ་གཤེགས་པ་ཐུགས་ཕམ་མཛད་འདུག

མ་ཟད་ཐུགས་གསོའི་མཐའ་མར་དམ་པ་ཁོང་ཚེ་རབས་གཞན་དུ་ཆོས་ལྡན་གྱི་ལུས་སུ་སྐྱེས་ཏེ་སླར་ཡང་རང་ཡུལ་གངས་ཅན་གྱི་ཞིང་འདིར་སྲི་ཞུ་ལེགས་སྐྱེས་འབུལ་བའི་རིགས་སུ་སྐྱེ་བའི་ཐུགས་སྨོན་མཛད་པ་དང་འབྲེལ། ཁོང་གི་གཉེན་ཉེ་དང་། གྲོགས་པོ་སོགས་འབྲེལ་ཡོད་ཀུན་ལའང་ཐུགས་གསོ་དང་། གདུང་སེམས་མཉམ་བསྐྱེད་མཛད་འདུག

རྩ་བའི་དམ་པ་ཁོང་གིས་ཕྱི་ལོ་ ༢༠༠༢ ལོར་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པའི་གློག་བརྙན་ཆེས་ཐོག་མ་བཟོ་སྐྲུན་གནང་སྟབས་རྒྱལ་སྤྱིའི་ཐོག་ངོས་འཛིན་ཤུགས་ཆེར་ཐོབ་སྟེ་ད་བར་རྩྭ་ཐང་དང་ཁྱི་རྒན། ཐར་ལོ་ལ་སོགས་པའི་གློག་བརྙན་དུ་མ་བཟོ་སྐྲུན་གནང་བར་མ་ཟད། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་མའི་ནང་གློག་བརྙན་གཟིགས་འབུལ་དང་བྱ་དགའ་དུ་མ་བཞེས་ཡོད་པ་རེད། དམ་པ་ཁོང་གི་གློག་བརྙན་བཟོ་སྐྲུན་གྱི་སྒྱུ་རྩལ་ལ་བརྟེན་ནས་བོད་ནང་དོ་དབྱིངས་གནང་མཁན་ཇི་སྙེད་ཅིག་བྱུང་ཡོད་པ་དང་ཆབས་ཅིག བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་སྐྲུན་གནང་མཁན་ཚོས་མིག་ལྟོས་གནང་ས་ཞིག་ཏུའང་གྱུར་ཡོད།

དེ་སྔོན་དམ་པ་ཁོང་གིས་བོད་ནང་གློག་བརྙན་བཟོ་བསྐྲུན་གནང་བའི་ནང་ནས་ཆེས་སྙན་གྲགས་ཆེ་བའི་གློག་བརྙན་ Balloon འམ་དབུགས་ལྒང་ཞེས་པ་དེ་འགྲེམས་སྤེལ་དང་འབྲེལ་ནས་བཅར་འདྲི་ཞིག་གི་སྐབས། དམ་པ་ཁོང་གིས་གློག་བརྙན་དེའི་ནང་བོད་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས་ལྡན་པའི་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་དང་། དེ་བཞིན་ཁོང་ཆུང་དུས་ནས་གློག་བརྙན་ལ་དགའ་མོས་ཆེན་པོ་ཡོད་པ་ཞིག་དང་། ལྷག་པར་དུ་བོད་ཀྱི་གློག་བརྙན་ནང་དེང་རབས་ཀྱི་ཚོར་བ་མཚོན་པ་ཉུང་ཉུང་ཡིན་པར་བརྟེན། བོད་ཀྱི་དེང་རབས་ཚོར་བ་མཚོན་པའི་གློག་བརྙན་བཟོ་རྒྱུ་དེ་དམ་པ་ཁོང་གི་ཐོག་མའི་བསམ་ཚུལ་ཡིན་པ་སོགས་གསུངས་འདུག

གཞི་རྩའི་ཁ་སང་དམ་པ་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འཕྲལ་སྤྱི་ཚོགས་དྲ་ལམ་ཐོག་གཞིས་བྱེས་གཉིས་སུ་གནས་པའི་སྒྱུ་རྩལ་བ། རྩོམ་པ་པོ་སོགས་ཁོང་ལ་དགའ་མོས་གནང་མཁན་དུ་མས་ཁོང་གི་པར་དང་བརྩམས་ཆོས་རྣམས་དྲ་ཐོག་ཏུ་བཞག་ནས་མྱ་ངན་རྗེས་དྲན་ཞུས་དང་ཞུ་བཞིན་ཡོད་པའི་ཁྲོད། ཁ་སང་དགོང་དྲོ་ཆུ་ཚོད་ ༦༌༣༠ ཡོལ་ཙམ་ལ་དྷ་ས་གྷམ་རུ་གྲོང་གསེབ་ཏུ་ཆགས་པའི་དོ་ར་ཇ་ཁང་དུ་དམ་པ་ཁོང་གི་རྗེས་དྲན་སླད་དུ་ཁོང་གི་བཟོ་བསྐྲུན་གནང་བའི་གློག་བརྙན་རྣམས་བདུན་ཕྲག་གཅིག་གི་རིང་གཟིགས་འབུལ་ཞུ་བཞིན་པ་བཙན་བྱོལ་བོད་མིའི་གློང་བརྙན་བཟོ་སྐྲུན་པ་ཚེ་དབང་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།