Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པའི་ལས་དོན་ཐད་དབྱིན་ཡུལ་ནས་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་པ་གསུངས་འདུག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

དབྱིན་ཡུལ་གཞུང་གིས་རྒྱ་གཞུང་ནས་ཡུལ་དེའི་ནང་གནས་སྡོད་ཧོང་ཀོང་མི་སེར་རྣམས་ལ་འཇིགས་སྐུལ་བྱེད་བཞིན་པ་མངོན་གསལ་གྱིས། ཕྱིའི་རྒྱལ་ཁབ་ཅིག་གིས་དབྱིན་ཡུལ་གནས་སྡོད་མི་སྒེར་དང་ཚོགས་པ་སོགས་གང་རུང་ཐོག་འཇིགས་སྐུལ་དང་སུན་གཙེར་བྱས་ཚེ་དབྱིན་གཞུང་ནས་བཟོད་སྲན་བྱ་རྒྱུ་མིན་ཞིང་། ནུས་པ་ཡོད་ཚད་ཀྱིས་ཁོ་ཚོར་སྲུང་སྐྱོབ་ཀྱི་ཐབས་ལམ་རྒྱ་སྐྱེད་གཏོང་རྒྱུ་ཡིན་པ་གསུངས་འདུག

photo: nanovic institude

དེ་ཡང་ཁ་སང་དབྱིན་ཡུལ་གྱི་གྲོས་ཚོགས་གོང་མའི་འཐུས་མི་ Lord Alton ལགས་ཀྱིས་རང་ཉིད་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་ ༢༡ ཉིན་ཁོང་ནས་དབྱིན་ཞུང་ལ་རྒྱ་ནག་གཞུང་ནས་དབྱིན་ཡུལ་དུ་གནས་སྡོད་མི་སེར་རྣམས་ཀྱི་ཐོག་སྤེལ་བཞིན་པའི་དྲག་སྤྱོད་དང་། ལྷག་པར་དབྱིན་ཡུལ་གནས་སྡོད་རྒྱ་ནག་དམར་པོའི་གཞུང་གི་ཁ་གཏད་མི་སྣ་ཧོང་ཀོང་ནས་བྲོས་བྱོལ་དུ་ཕེབས་པ་རྣམས་ལ་ཉེན་ཁ་ཇི་ཆགས་དང་འབྲེལ་བའི་གནད་དོན་ཁག་གཅིག་གི་ཐོག་བཀའ་འདྲི་གནང་བ་ལྟར། ཟླ་འདིའི་ཚེས་ ༢༣ ཉིན་དབྱིན་ཡུལ་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ལས་རོག་ Lord Sharpe ལགས་ཀྱིས་ཡིག་ཐོག་ནས་ལན་འདེབས་གནང་ཡོད་པ་རེད་འདུག དེའི་ནང་ Lord Sharpe ལགས་ཀྱིས་ཕྱིའི་རྒྱལ་ཁབ་ཁག་གིས་དབང་ཆ་བེད་སྤྱོད་བྱས་ཏེ། དབྱིན་ཡུལ་གནས་སྡོད་མི་སྒེར་དང་ཚོགས་པ་གང་རུང་གི་ཐོག་སུན་གཙེར་དང་འཇིགས་སྐུལ་སོགས་ཀྱི་བྱ་སྤྱོད་སྤེལ་བ་ནི་བཟོད་ཐབས་བྲལ་བ་ཞིག་ཡིན་ཞིང་། དབྱིན་གཞུང་ངོས་ནས་གང་ཟག་གི་རང་དབང་དང་བདེ་འཇགས་ལ་ཉེན་འཚབ་དང་འབྲེལ་བའི་བྱ་སྤྱོད་རིགས་ཐད། དགོས་གལ་བྱུང་ན་ཕྱི་མི་གཞིས་སྤོས་ཀྱི་ཁྲིམས་ལག་ལྟར་གྱིས་ནུས་པ་གང་ཡོང་སྤུངས་རྒྱུ་ཡིན་པ་གསུངས་འདུག

photo: GOV UK

མ་ཟད་ཕྱི་ལོ་ ༢༠༢༣ ལོའི་དབྱིན་ཡུལ་གྱི་རྒྱལ་ཡོངས་བདེ་འཇགས་ཀྱི་ཁྲིམས་གཞི་འོག རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་། ལྷག་པར་ཁྲིམས་ལག་བསྟར་བྱེད་མཁན་དང་གསང་བའི་ལས་ཁུངས་ཁག་ལ། ཧོང་ཀོང་དང་རྒྱ་ནག་ནས་ཡོང་བཞིན་པའི་ཉེན་ཁ་སོགས་དེང་དུས་ཀྱི་རྒྱལ་ནང་བདེ་འཇགས་འཇིགས་སྐུལ་ལ་གདོང་ལེན་བྱ་རྒྱུའི་གལ་གནད་ཅན་གྱི་ཐབས་ལམ་ཆ་ཚང་ཡོད་པ་གསུངས་འདུག

Photo: David Alton

དེ་བཞིན་དབྱིན་ཡུལ་གྱི་མི་སེར་ཡིན་པའི་ཧོང་ཀོང་གི་དཔོན་རིགས་ལས་ཟུར་གྱི་གནས་འབབ་ཐད་དབྱིན་ཡུལ་གཞུང་གིས་ཞིབ་འཇུག་གནང་ཡོད་མེད་དང་། མི་སྣ་དེ་དག་ཧོང་ཀོང་ནས་བྲོས་བྱོལ་གྱིས་དབྱིན་ཡུལ་ནང་གནས་སྡོད་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་རྣམས་ལ་ཉེན་ཁར་འགྱུར་མིན་དང་དེ་ནི་རྒྱལ་མཚམས་དང་བརྒལ་བའི་ནག་ཉེས་ཡིན་མིན་སྐོར་གྱི་དྲི་བར་ཡང་ལན་འདེབས་ཁྲོད། དབྱིན་ཡུལ་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་རྣམས་ནས་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་གཅིག་དང་མཉམ་ལས་ཀྱིས། ཧོང་ཀོང་མི་སེར་གཙོས་པའི་དབྱིན་ཡུལ་མི་སེར་ཡོད་མཁན་ཧོང་ཀོང་མི་སེར་ཡོངས་ལ་དབྱིན་ཡུལ་དེ་བཞིན་བདེ་འཇགས་ལྡན་པ་ཡོང་རྒྱུའི་ཐབས་ཤེས་གནང་བཞིན་ཡོད་པ་གསུངས་འདུག

རྩ་བའི་དབྱིན་ཡུལ་གྱི་གྲོས་ཚོགས་གོང་མའི་འཐུས་མི་ Lord Alton ལགས་ནི་ལོ་མང་པོའི་རིང། རྒྱ་ནག་དམར་གཞུང་གིས་སྤེལ་བཞིན་པའི་བྱ་སྤྱོད་རྣམས་ཐེར་འདོན་གྱིས་གྲོས་ཚོགས་ཐོག་ཡང་ཡང་གླེང་སློང་གནང་མཁན་ཞིག་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།