Tibetan Royal Year of 2151 | Year of the Wood Dragon

བཅའ་སྡོད་སློབ་གྲྭའི་ཕ་མ་ཚོས་རང་གི་ཕྲུ་གུར་ཆོས་ལ་ཡིད་ཆེས་བྱ་རྒྱུ་མེད་པའི་སློབ་གསོ་སྤྲོད་དགོས་ཞེས་བཙན་བཀའ་བཏང་འདུག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་ Bitterwinter ཞེས་རྒྱ་ནག་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གནས་ཚུལ་སྤེལ་མཁན་བརྒྱུད་ལམ་གྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་མཚོ་སྔོན་ཞིང་ཆེན་ཟེར་བའི་ཡུལ་ཤུལ་དུ་ཡོད་པའི་བོད་རིགས་སློབ་མ་མང་ཆེ་བ་མཉམ་ཞུགས་གནང་སའི་རྒྱ་ནག་གི་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་འབྲིང་ཞིག་གིས་ཕ་མ་ཚོས་རང་གི་བུ་ཕྲུག་ལ་ཆོས་དད་བྱ་རྒྱུ་མེད་པའི་སློབ་གསོ་སྤྲད་དགོས་པའི་བཙན་ཡིག་བཏང་ཡོད་པ་དང་། བཙན་ཡིག་ནང་བཅའ་སྡོད་སློབ་གྲྭའི་ཕ་མ་ཚོར་རང་གི་ཕྲུ་གུར་ཆོས་དད་མེད་པ་བཟོ་རྒྱུ་དེ་ཁྲིམས་ཀྱི་འགན་དབང་ཞིག་ཡིན་སྐོར་བཀོད་ཡོད་པ་ལུང་འདྲེན་དང་སྦྲགས། དེ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རྩ་མེད་བཟོ་རྒྱུའི་འཆར་གཞིའི་བདེན་དཔང་ཞིག་ཡིན་པར་གསུངས་འདུག

Bitterwinter གསར་ཁང་ལ་འདི་ལོའི་ཕྱི་ཟླ་ ༩ ནང་ཡུལ་ཤུལ་གྲོང་ཁྱེར་མི་རིགས་སློབ་འབྲིང་ཨང་ ༢ པས་ཕྱི་ཟླ་ ༩ ཚེེས་ ༤ ཉིན་བཅའ་སྡོད་སློབ་གྲྭའི་ཕ་མ་ཚོར་སྤྲིངས་པའི་ཡི་གེ་ཞིག་ས་གནས་རང་ནས་ཁུངས་ལྡན་ལག་སོན་བྱུང་ཡོད་པར་ངོ་སྤྲོད་དང་སྦྲགས། གསར་ཁང་དེས་ཡི་གེ་ཕབ་སྒྱུར་བྱེད་སྐབས་བཅའ་སྡོད་སློབ་གྲྭར་ལོ་ན་མ་སོན་པའི་བྱིས་པ་ཚོ་ཆོས་ཕྱོགས་ཀྱི་བྱེད་སྒོ་ནང་མཉམ་ཞུགས་མི་ཆོག་པ་དང་། ཕ་མ་ཚོས་རང་གི་བུ་ཕྲུག་ལ་ཆོས་དད་བྱ་རྒྱུ་མེད་པའི་སློབ་གསོ་སྤྲོད་དགོས་པ། ལྷག་པར་བོད་པ་དང་གྲངས་ཉུང་མི་རིགས་གཞན་ལ་དམ་བསྒྲགས་ཆེས་ཆེར་བྱས་ཏེ་ཆོས་དད་མེད་པར་བཟོ་རྒྱུའི་སློབ་གསོ་སྤྲོད་ཐབས་སུ་དམིགས་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད་པ་བཀོད་པ་དང་འབྲེལ་གཏན་འཇགས་སློབ་གྲྭའི་སློབ་ཕྲུག་བརྒྱ་ཆ་ ༩༠ བོད་རིགས་ཡིན་པར་བཀོད་འདུག

བཀོད་ཁྱབ་ཀྱི་ནང་དོན་ལ་ལོ་ན་མ་སོན་པའི་བྱིས་པ་རྣམས་ནི་མེས་རྒྱལ་གྱི་མ་འོངས་པ་དང་རྒྱལ་ཁབ་ཀྱི་རེ་བ། རྒྱ་ནག་རྒྱལ་ཁབ་ཀྱི་རྨི་ལམ་མངོན་གྱུར་ཡོང་བར་ནུས་ཤུགས་ཆེ་ཤོས་ཀྱི་མི་སྣ་ཞིག་ཡིན་ཞེས་དང་རྒྱ་ནག་གིས་ཆོས་དང་ཤེས་ཡོན་གཉིས་སོ་སོར་དབྱེ་ནས་ལག་བསྟར་གྱི་རྩ་འཛིན་ལ་ཆོས་ལུགས་ཀྱི་ཐོག་ནས་ཐེ་གཏོགས་མི་ཆོག་པ་དང་སློབ་གྲྭར་ཆོས་དད་དང་འབྲེལ་བའི་ལས་རིམ་ནང་ཞུགས་མི་ཆོག་པའི་ལམ་སྟོན་དང་། རྒྱབ་སྐྱོར། ཆོག་མཆན་སྤྲོད་མཁན་གྱི་ཚོགས་པའམ་གང་ཟག་སྒེར་པ་སུ་ཡིན་ལ་ལྟོས་མེད་དགག་བྱ་རྒྱུ་མ་ཟད། ཕ་མ་ཚོས་རང་གི་ཕྲུ་གུར་ཆོས་ལ་ཡིད་ཆེས་བྱ་རྒྱུ་མེད་པའི་སློབ་གསོ་སྤྲོད་རྒྱུ་ནི་ཁྲིམས་ཀྱིས་བཀུར་བའི་འགན་འཁྲིར་བརྩི་སྲུང་བྱེད་དགོས་ཞེས་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།