Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ Better We Better World ཞེས་པའི་ཚོགས་མི་རྣམས་ལ་བཀའ་སློབ་སྩལ་བ།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

ཁ་ཉིན་ཕྱི་ཚེས་ ༦ ཉིན་དབུ་འཛུགས་ཀྱིས་དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ Better We Better World ཞེས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་པའི་ཚོགས་པས་འཛམ་གླིང་གི་གནས་བབ་བཟང་ཕྱོགས་ལ་བསྒྱུར་ཐབས་སླད་ཐབས་ལམ་ཇི་ཡོད་ཁག་ལམ་ལག་བསྟར་གནང་རྒྱུའི་བགྲོ་གླེང་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཚེས་ ༨ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་པ་དེའི་ཚོགས་མི་ ༢༧ རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག

དེའང་ Better We Better World ཞེས་པའི་ཚོགས་མི་རྣམས་ནི་ཡོ་རོབ་ཀྱི་རྒྱལ་ཁབ་ཕ་རན་སི་དང་བྷེལ་ཇམ་གཙོས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཚན་རིག་མཁས་པ་དང་སྤྱི་ཚོགས་ཞབས་ཞུ་གཉེར་མཁན་སོགས་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་ཆགས་ཀྱི་ཡོད་པ་དང་། ཚོགས་མི་རྣམས་ཀྱིས་བྱམས་བརྩེའི་ཐོག་ནས་གོ་ལ་ཧྲིལ་པོར་ཞི་བདེ་ཇི་ལྟར་བསྐྲུན་ཐབས་དང་འབྲེལ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་ཞུ་ཕྱིར་ཆེད་བཅར་ཞུས་ཡོད་སྟབས། དེ་རིང་མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་མི་རྣམས་ཀྱིས་ཆབ་སྲིད་དང་ཆོས་ལུགས། དེ་བཞིན་ཆོས་དད་ཡོད་མེད་སོགས་རྒྱུ་མཚན་ཅི་རིགས་ཀྱི་ཐོག་ནས་ང་ཚོ་དང་ཁོ་ཚོ་ཞེས་རིམ་པ་གཉིས་པའི་དབང་དུ་སོང་སྟེ་གོ་མཚོན་སྤྱོད་སྟབས་ངལ་བ་དུ་མ་མྱོང་དགོས་པའི་གནས་སྟངས་སོགས་བཀའ་སྩལ་བ་དང་སྦྲགས། འཛམ་གླིང་ནང་གི་མི་དུང་ཕྱུར་བདུན་བརྒྱད་ཡོད་པ་དེ་དག་ཨ་མའི་ནུ་ཞོར་བརྟེན་སྟེ་འཚང་ལོངས་བྱུང་བ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་སྟབས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་ལམ་སྟོན་མཛད་འདུག

དེ་བཞིན་༸གོང་ས་༸སྐྱབས་མགོན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནང་པའི་དགེ་སློང་ཞིག་ཡིན་ཀྱང། མགོན་པོ་མཆོག་གིས་མང་ཚོགས་གང་ཟག་སུ་འདྲ་ཞིག་དང་མཇལ་འཕྲད་མཛད་རུང་འགྲོ་བ་མི་གཅིག་གྱུར་གྱི་དགོངས་གཞིའི་ཐོག་ནས་གཟིགས་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག ང་ཚོ་གོ་ལ་འདིར་གནས་པའི་འགྲོ་བ་མི་དུང་ཕྱུར་བདུན་བརྒྱད་ཡོད་པ་དེ་དག་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་རོགས་རམ་གནང་སྟེ་མཉམ་གནས་གནང་གལ་ཡིན་པ་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློར་དགོངས་པ་ཆེ་བཞེས་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུག

མགོན་པོ་༸གང་ཉིད་མཆོག་གིས་ད་དུང་གོ་ལའི་ཁོར་ཡུག་འགྱུར་ལྡོག་དང་འབྲེལ་ནས་བཀའ་སྩལ་སྐབས་འཛམ་གླིང་འདི་རིམ་བཞིན་ཚ་དྲོད་རྒྱས་ཏེ་མེའི་གོང་བུ་ལྟ་བུར་འགྱུར་བཞིན་འདུག་ཀྱང་། དེ་ནི་ང་ཚོས་ནམ་ཡང་འགོག་ཐབས་མེད་པའི་ཆེས་ཛ་དྲག་རང་བཞིན་ཅན་གྱི་གནས་སྟངས་ཤིག་གྱུར་སྟབས་ང་ཚོ་འཚོ་བའི་རིང་ལ་མཆེད་གྲོགས་ཀྱི་འདུ་ཤེས་ཐོག་ནས་མཉམ་གནས་གནང་དགོས་པར་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད། 

གཞི་རྩའི་ Better We Better World ཞེས་པའི་ཚོགས་པའི་ཚོགས་མི་རྣམས་བཞུགས་སྒར་དུ་ཆེད་བཅར་ཐོག་དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ་ཁ་ཉིན་ཚེས་ ༦ ནས་དབུ་འཛུས་ཀྱིས་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཆོས་ཕྱོགས་དང་བྱམས་བརྩེ། དེ་བཞིན་འཛམ་གླིང་གི་གནས་བབ་བཟང་ཕྱོགས་ལ་བསྒྱུར་ཐབས་སླད་ཐབས་ཇི་ཡོད་ཁག་ལམ་ལག་བསྟར་གནང་རྒྱུའི་བགྲོ་གླེང་འཚོགས་བཞིན་ཡོད་པ་དང་།  བགྲོ་གླེང་གི་ཚོགས་ཆེན་དེ་གནངས་ཕྱི་ཚེས་ ༡༠ ཉིན་མཇུག་སྒྲིལ་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།