བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་དང་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་ཟུར་པ་གཉིས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ Lindsey Graham ལིནྜ་སི་གྷ་ར་ཧམ་ལགས་འདི་ཚེས་ ༡༡ ཉིན་སྙུང་གཞི་རྐྱེན་པས་དགུང་ལོ་ ༧༡ ཐོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

དེ་ཡང་དམ་པ་ཁོང་གིས། དེ་སྔོན་ཕྱི་ལོ་ ༢༠༢༠ ལོར་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ Tibet Policy and Support Act 2020 དང་། ༢༠༢༤ ལོར་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག Resolve Tibet Act བཅས་ལ་རྒྱབ་སྐྱོར་གནང་ཡོད་པ་དང་། ཉེ་ལམ་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་ཨ་རིར་རྟེན་གཞིས་བྱས་པའི་རྒྱ་ནག་གཞུང་ཚབ་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེས་བོད་མི་སོགས་ཀྱི་སྐད་ཡིག་དང་རིག་གཞུང་ཐད་ཉེན་འཚབ་ཆེ་བས་ཕྱིར་བསྡུ་དགོས་པའི་དགོས་འདུན་བཏོན་མཁན་ཁོངས་སུ་ཡོད་པ་རེད། མ་ཟད་ཕྱི་ལོ་ ༢༠༡༨ ལོའི་སྲིད་འཛིན་ Trump ཊོམཔ་ཀྱིས་འཆར་འབུལ་ཞུས་པའི་ཨ་རིའི་སྔོན་རྩིས་ཁྲོད་བོད་མི་ཚོར་རོགས་དངུལ་སྤྲོད་རྒྱུ་མཚམས་འཇོག་གནང་འཆར་ལ་གྲོས་ཚོགས་ནས་རྒྱབ་སྐྱོར་གནང་རྒྱུ་མེད་པའི་ཞུ་སྙན་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བའི་སྐབས། དམ་པ་ཁོང་ཨ་རིའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་སྔོན་རྩིས་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་ཡིན་པ་སོགས་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད་འདུག

རྩ་བའི་དམ་པ་ཁོང་ནི་ཕྱི་ལོ་ ༡༩༥༥ ལོར་སྐྱེས་ཤིང་། ཕྱི་ལོ་ ༢༠༠༣ ནས་བཟུང་འདས་གྲོངས་སུ་མ་གྱུར་བར་ South Carolina ལྷོ་ཀེ་རོ་ལི་ནཱའི་ཁུལ་གྱི་གྲོས་ཚོགས་འཐུས་མི་ཞིག་ཡིན་པ་རེད་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

ཕྱོགས་མཚུངས་ཕྱི་ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་ཟུར་པ་རྒན་བློ་བཟང་བསམ་གཏན་ལགས་དགུང་ལོ་ ༦༩ སྟེང་ཀེ་ལི་ཕོར་ནི་ཡའི་སྨན་ཁང་ཞིག་གི་ནང་དུ་སྐུ་ཚེའི་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པ་དང་། དེ་རིང་བོད་ཀྱི་ཟློས་གར་ཚོགས་པའི་གཞུང་འབྲེལ་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། བོད་ཀྱི་ཟློས་གར་ཚོགས་པའི་དབུ་ལས་ཚོགས་མི་ཡོངས་ནས་བསྔོ་སྨོན་གསོལ་འདེབས་དང་གདུང་སེམས་མཉམ་སྐྱེད་ཞུས་འདུག

རྩ་བའི་རྒན་བློ་བཟང་བསམ་གཏན་དམ་པ་དེ་ཉིད་ཕྱི་ལོ་ ༡༩༥༧ ལོར་གཙང་གྲུམ་པ་གླིང་དཀྱིལ་ཞེས་པའི་ཁྱིམ་ཚང་དུ་ཕ་སངས་རྒྱས་རྡོ་རྗེ་དང་། མ་བདེ་སྐྱིད་སྒྲོལ་མ་གཉིས་སུ་སྐྱེས་ཤིང་། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་ཌལ་ཧོར་བོད་གཞུང་སློབ་གྲྭ་ནས་འཛིན་རིམ་བཅུ་གཅིག་བར་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༧༤ ལོར་བོད་ཀྱི་ཟློས་གར་ཚོགས་པའི་ནང་སྒྲིག་ཞུགས་འོག་རིམ་པས་སྒྱུ་རྩལ་བ་རྒན་པའི་མཚན་གནས་ཐོབ། ཕྱི་ལོ་ ༡༩༨༡ ལོར་འཁྲབ་སྟོན་པ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་པ་དང་། ཕྱི་ལོ་ ༡༩༨༦ ལོར་བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་དུ་བསྐོ་གཞག་བྱུང་འདུག དེ་ནས་ཕྱི་ལོ་ ༡༩༨༩ ལོར་འཁྲབ་སྟོན་འགན་འཛིན་དུ་བསྐོ་གཞག་གིས་ཕྱི་ལོ་ ༢༠༡༩ བར་མི་ལོ་ ༤༠ ལྷག་གི་རིང་ཟློས་གར་སྒྱུ་རྩལ་རིག་པའི་སློབ་སྟོན་པ་དང་འཁྲབ་འཁྲིད་པ་སོགས་ཀྱི་ཞབས་ཞུ་རྒྱ་ཆེར་བསྒྲུབས་ཡོད་པ་རེད་འདུག

འདི་ག་རླུང་འཕྲིན་ཁང་ནས་ཕྱི་ལོ་ ༢༠༡༩ ལོར་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་ཟུར་པ་རྒན་བློ་བཟང་བསམ་གཏན་ལགས་རྒས་ཡོལ་ཕྱིན་པའི་སྐབས་བཅར་འདྲི་ཞུས་པའི་ནང་། ཁོང་རང་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བོད་ཀྱི་ཟློས་གར་སྒྲིག་འཛུགས་དབུ་བརྙེས་པའི་དམིགས་ཡུལ་དང་དེའི་གལ་གནད་སོགས་ཀྱི་སྐོར་ལ་གསུངས་པའི་དུམ་ཚན་ཞིག་གོང་གི་སྒྲ་སྒམ་ནས་གསན་ཐུབ། བཅར་འདྲི་རྒྱས་པ་འདི་ག་རླུང་འཕྲིན་ཁང་གི་ཡུ་ཊུབ་དྲ་ཚིགས་ཐོག་གཟིགས་ཐུབ།

འབྲེལ་ཡོད་གསར་གནས།

གསར་གནས།