Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་གནད་དོན་སྐོར་བགྲོ་གླེང་ལྷུག་པོ་གནང་སོང་།

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

བཞུགས་སྒར་དུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པ་ཚོགས་བཞིན་པ་དང་བསྟུན། དེ་རིང་ལས་ཉིན་ལྔ་པ་ཕལ་ཆེ་བ་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་པའི་ཁྲོད། བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་བཅོས་ཀྱི་ལས་དོན་ཐད་བགྲོ་གླེང་ལྷུག་པོ་གནང་སོང་།

Sikyong

དེ་ཡང་དེ་རིང་སྔ་དྲོ་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དང་འབྲེལ་བའི་ལས་རིམ་གྲུབ་པའི་རྗེས་སུ་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་ཐོག་མུ་མཐུད་ཕེབས་པ་བཞིན། དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་སྐབས། སྤྱི་འཐུས་མང་པོ་ཞིག་གིས་དྭངས་བླང་དཔྱ་དངུལ་ལག་དེབ་སྐོར་ལ་དོགས་འདྲི་དང་། ཁག་གཅིག་གིས་ད་ལྟ་ལྷོད་ཡངས་མང་དྲགས་མེད་ན་མཉམ་པའི་བསམ་ཚུལ་བཏོན་མཁན་བྱུང་བ་མ་ཟད། སྤྱི་འཐུས་གཅིག་གིས་དྭང་བླངས་དཔྱ་དངུལ་ལག་དེབ་གསར་བཟོའི་གྱེང་ཤོག་ནང་དུ་ཕ་མ་གང་རུང་གཅིག་གི་མིང་བྲིས་ན་ཆོག་པ་བཟོ་གལ་བཅས་ཀྱི་སྐོར་ལ་དགོངས་ཚུལ་གསུང་མཁན་བྱུང་སོང་།

སྲིད་སྐྱོང་མཆོག་གི་ངོས་ནས་སྐབས་དེར་ད་ལྟའི་བཀའ་ཤག་གི་ངོས་ནས་བོད་མི་ཡིན་པ་ཁུངས་སྐྱེལ་ཐུབ་པའི་རྗེས་སུ་ཚང་མར་དྭང་བླངས་དཔྱ་དངུལ་ལག་དེབ་བཟོ་རྒྱུའི་གོ་སྐབས་གནང་གི་ཡོད་པ་བསྐྱར་ནན་གནང་བ་དང་ཆབས་ཅིག  མང་ཚོགས་ནས་ཀྱང་གཞུང་གིས་ཟླ་བ་འདིའི་ཚེས་ ༣༡ བར་དུས་བཀག་བཞག་པ་ནང་ཚུད་སྙན་ཞུ་ཕུལ་དགོས་པའི་སྐུལ་འདེབས་གནང་སོང་།

TPiE 2024

ཕྱོགས་མཚུངས་སྤྱི་འཐུས་ཁག་གཅིག་གིས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་ལས་དོན་དང་འབྲེལ་སྡེ་ཚན་དེ་གལ་གནད་ཆེན་པོ་ཡིན་པ་གསུང་སྟེ།  སྔོན་རྩིས་འཆར་འབུལ་ཞུས་པར་སྤར་ཆ་གནང་ན་དགེ་མཚན་ཆེན་པོ་གཟིགས་ཀྱིས་ཡོད་སྐོར་གསུང་མཁན་བྱུང་སོང་།

དེ་བཞིན་དེང་སྐབས་གནས་ཡུལ་རྒྱ་གར་གཞུང་གི་ངོས་ནས་སྔོན་རྩིས་ཐོག་ཁྲིམས་སྒྲིག་དམ་པོ་བཟོས་པའི་ཁྲོད་སྤྱིར་སྒེར་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་སུ་བོད་མིའི་སྒྲིག་འཛུགས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་དགོན་སྡེ་གྲྭ་ཚང་ཁག་གི་རྩིས་ཁྲ་ཉར་ཚག་དང་ Income Tax འམ་ཡོངས་བབ་ཁྲལ་བསྡུ་བཅས་ཀྱི་ཐོག་ལ་ལམ་སྟོན་སློབ་གསོ་དགོས་གལ་སྐོར་གསུངས་པར། དཔལ་འབྱོར་བཀའ་བློན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རིང་མིན་དཔལ་འབྱོར་ལས་ཁུངས་ངོས་ནས་གནད་དོན་དེ་རང་ཆེད་ཡུལ་ཁྲིམས་ཞིབ་འཇུག་དང་སློབ་སྟོན་གྱི་ཚན་པ་ཞིག་གསར་བཙུགས་གནང་འཆར་ཡོད་པ་གསུངས་སོང་།

དེ་རིང་སྤྱི་འཐུས་ཁག་གཅིག་གིས་བགྲོ་གླེང་ཁྲོད། བོད་མི་སུད་ཚོང་བའི་གནས་སྟངས་དང་འབྲེལ་ནས་ས་གནས་གང་སར་ལོ་ལྟར་ས་ཆའི་དཀའ་ངལ་ཆེ་རུ་འགྲོ་བཞིན་པ་དང་། བུན་གཏོང་དངུལ་འབོར་མང་དུ་གཏང་དགོས་གལ་སོགས་ཀྱི་སྐོར། བོད་མི་གཞོན་སྐྱེས་ལས་མེད་རྣམས་ལ་མཐུན་འགྱུར་འབུལ་ཕྱོགས་སོགས་ཀྱི་གནད་དོན་གཞན་ཁག་གི་ཐོག་ལ་ཡང་གླེང་སློང་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།