Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་སྣང་ཚུལ་དང་གནས་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་བགྲོ་གླེང་འཚོགས་བཞིན་པ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཁ་སང་ཕྱི་ཚེས་ ༢༩ ཉིན་ནས་དབུ་འཛུགས་ཀྱིས་ཉིན་གྲངས་གཉིས་ཀྱི་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པ་སྣང་ཚུལ་དང་གནས་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་ཚན་རིག་པ་དང་ནང་པའི་མཁས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོགས་བཞིན་འདུག

དེ་ཡང་ཁ་སང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག དེ་བཞིན་ཕྱི་ནང་གི་མཁས་པ་ཁག་དང་དགོན་སྡེ་ཁག་གི་འཐུས་ཚབ། དེ་བཞིན་ཟུར་ཉན་པ་བཅས་མི་གྲངས་ ༣༠༠ མ་ཟིན་ཙམ་ལྷན་ཞུགས་གནང་ཡོད་འདུག

རྩ་བའི་ཐེངས་འདིར་སྣང་ཚུལ་དང་གནས་ཚུལ་གྱི་བརྗོད་གཞིའི་བརྒྱུད་ནས་ང་ཚོའི་ཤེས་རབ་གོང་ཏུ་གཏོང་བ་ཙམ་མིན་པར་འགྲོ་བ་མིའི་བདེ་ཐབས་དང་བདེ་སྐྱིད་ལ་ཕན་ཐོགས་ངེས་ཅན་ཡོང་ཆེད་དུ་དམིགས་པ་ཞིག་ཡིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་དཔེ་མཛོད་ཁང་གི་ལས་གཞི་དེ་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ཀརྨ་ཐུབ་བསྟན་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གཤམ་ལ་གསན་གནང་ཡོང་བ་ཞུ།

གཞི་རྩའི་ཐེངས་འདིའི་བགྲོ་གླེང་ཐོག་ California གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ David Presti ལགས་དང་། Ashoka སློབ་ཆེན་གྱི་སློབ་དཔོན་Kranti Saran ལགས། དགེ་བཤེས་བློ་གྲོས་བཟང་པོ་ལགས། དགེ་བཤད་ལྷག་རྡོར་ལགས། དགེ་བཤེས་ཐབས་མཁས་བློ་གྲོས་ལགས། དགེ་བཤེས་ངག་དབང་བསམ་གཏན་ལགས། བསྟན་འཛིན་རབ་དགའ་ལགས། ཉམས་ཞིབ་པ་ཧྰར་ཤ་ནྰག་ཇུ་ན་ལགས། དེ་བཞིན་ཀརྨ་ཐུབ་བསྟན་ལགས་བཅས་ཁྱོན་གསུང་བཤད་པ་ ༩ ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།