Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་སྣང་ཚུལ་དང་གནས་ཚུལ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་འཚོགས་བཞིན་པ།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

ཁ་སང་ཕྱི་ཚེས་ ༢༩ ཉིན་དབུ་འཛུགས་ཀྱིས་ཉིན་གྲངས་གཉིས་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པ་སྣང་ཚུལ་དང་གནས་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་ཚན་རིག་པ་དང་ནང་པའི་མཁས་པའི་དབར་ལ་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོགས་བཞིན་འདུག

དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་གཙོས་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག དེ་བཞིན་ཕྱི་ནང་གི་མཁས་པ་ཁག་དང་དགོན་སྡེ་ཁག་གི་འཐུས་ཚབ། ཟུར་ཉན་པ་བཅས་མི་གྲངས་ ༣༠༠ ཙམ་ལྷན་ཞུགས་གནང་ཡོད་པ་རེད།

སྣང་ཚུལ་དང་གནས་ཚུལ་གྱི་བརྗོད་གཞི་བརྒྱུད་ནས་ང་ཚོའི་ཤེས་རབ་གོང་མཐོར་གནང་བ་ཙམ་མིན་པར་འགྲོ་བ་མིའི་བདེ་ཐབས་དང་བདེ་སྐྱིད་ལ་ཕན་ཐོགས་ངེས་ཅན་ཡོང་ཕྱིར་དམིགས་པ་ཞིག་ཡིན་པ་རེད།

གཞི་རྩའི་ཐེངས་འདིའི་བགྲོ་གླེང་ཐོག་ California གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ David Presti ལགས་དང་། Ashoka སློབ་ཆེན་གྱི་སློབ་དཔོན་ Kranti Saran ལགས། དགེ་བཤེས་བློ་གྲོས་བཟང་པོ་ལགས། དགེ་བཤེས་ལྷག་རྡོར་ལགས། དགེ་བཤེས་ཐབས་མཁས་བློ་གྲོས་ལགས། དགེ་བཤེས་ངག་དབང་བསམ་གཏན་ལགས། བསྟན་འཛིན་རབ་དགའ་ལགས། ཉམས་ཞིབ་པ་ཧྰར་ཤ་ནྰག་ཇུ་ན་ལགས། དེ་བཞིན་ཀརྨ་ཐུབ་བསྟན་ལགས་བཅས་ཁྱོན་གསུང་བཤད་པ་དགུ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།