Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་ Thermo Fisher བཟོ་ཚོང་ཁང་ལ་ངོ་རྒོལ་གྱིས་པར་རིས་ལས་འགུལ་སྤེལ་བ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

རྒྱལ་སྤྱིའི་ཚོགས་སྡེ་འདྲ་མིན་ ༡༢༠ ཙམ་གྱིས་ཕྱི་ཟླ་ ༡ ཚེས་ ༣༠ ནས་གཟའ་འཁོར་གཅིག་རིང་རྒྱལ་སྤྱིའི་ས་གནང་གང་སར་ཨ་རིའི་ Thermo Fisher བཟོ་ཚོང་ཁང་གི་བྱ་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་བཞིན་པའི་ཁྲོད་འདིར། བཞུགས་སྒར་དུ་བོད་མི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིས་གོ་སྒྲིག་གནང་སྟེ་ཨ་རིའི་ Thermo Fisher བཟོ་ཚོང་ཁང་ནས་རྒྱ་གཞུང་ལ་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་བཙོང་རྒྱུ་མཚམས་འཇོག་དགོས་པའི་ནན་བརྗོད་དང་སྦྲགས་པར་རིས་ལས་འགུལ་ཞིག་སྤེལ་སོང་།དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠༌༣༠ སྟེང་བཞུགས་སྒར་མེག་གྷན་ཁྲོམ་གཞུང་གི་བཞི་མདོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞིས་མང་ཚོགས་ཁྲོད་པར་རིས་ལས་འགུལ་སྤེལ་བའི་ཐོག་ནས་ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱ་ནག་སྲིད་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ DNA འམ་རིགས་རྫས་བསྡུ་ལེན་གྱི་ལས་གཞི་སྤེལ་བའི་ཁོངས་སུ་སྔོན་འགྲོ་སློབ་གྲྭའི་བྱིས་པ་ལོ་ལྔ་ཡན་བོད་རིགས་ས་ཡ་གཅིག་ལྷག་གི་རིགས་རྫས་བཙན་གྱིས་བསྡུ་ལེན་བྱས་པ་དང་དེ་འབྲེལ་རིགས་རྫས་བསྡུ་ལེན་ཆེད་ཨ་རིའི་ཚོང་ལས་སྡེ་ཚན་ Thermo Fisher གྱིས་རྒྱ་གཞུང་ལ་ཡོ་ཆས་ཚོང་འགྲེམས་བྱེད་བཞིན་ཡོད་པ་བཅས་བོད་ནང་གི་ཛ་དྲག་གནས་སྟངས་ཐེར་འདོན་གནང་སྟེ་ Thermo Fisher བཟོ་ཚོང་ཁང་གི་ངོས་ནས་རྒྱ་གཞུང་ལ་རིགས་རྫས་བསྡུ་ལེན་གྱི་ཡོ་བྱད་བཙོང་རྒྱུ་འཕྲལ་མར་མཚམས་དགོས་པའི་ངོ་རྒོལ་གནང་ཡོད།གསར་འགོད་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་ནས་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མུས་ཐོག་བཙན་དབང་གིས་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་སྐྱོན་བརྗོད་གནང་བ་དང་ཆབས་ཅིག་ཏུ་ཨ་རིའི་ Thermo Fisher ཚན་རྩལ་ཁང་ནས་རྒྱ་གཞུང་ལ་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་ཉོ་ཚོང་འཕྲལ་མར་མཚམས་འཇོག་དགོས་ཞེས་དང་། ཨ་རིའི་གཞུང་ནས་བཟོ་ཚོང་ཁང་དེ་ཉིད་ཀྱི་ལས་དོན་བྱེད་ཕྱོགས་ལ་རྟོག་ཞིབ་ནན་པོ་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།