Tibetan Royal Year of 2151 | Year of the Wood Dragon

བརྟན་བཞུགས་བསྟར་འབུལ་དང་ཆོས་འབྲེལ་གྱི་མཛད་འཆར་ཐུགས་གཏན་ཁེལ་བ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རིང་མིན་ཕྱི་ཟླ་ ༤ ནང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་སྩལ་རྒྱུའི་ཐུགས་གཏན་ཁེལ་འདུག

HHDL Long Life Offering

དེའང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཁ་སང་སྤེལ་བའི་གསལ་བསྒྲགས་ནང་གསལ་ལྟར་ན། སྟོད་པ་སྐྱིད་སྡུག་དང་། སྤུ་ཧྲེང་མི་མང་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཕྱི་ཟླ་ ༤ ཚེས་ ༣ རེས་གཟའ་ལྷག་པ་༸རྒྱལ་བའི་༸སྐུའི་བླ་གཟའ་དང་བསྟུན་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་འབུལ་ལམ་ཞུ་གཏན་ཁེལ་བ་དང་བཞུགས་སྒར་དྷརྨ་སཱ་ལཱར་ཕྱི་ཟླ་ ༤ ཚེས་ ༡ ཉིན་ནས་དབུ་འཛུགས་ཀྱིས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྟོད་པ་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་རྣམས་ཀྱིས་༸སྐུའི་ཚེ་སྒྲུབ་ཀྱི་གནང་སྒོ་ཁག་གནང་རྒྱུ་རེད་འདུག

ད་རེས་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སླད་རྒྱ་བལ་གཉིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྟོད་པ་སྐྱིད་སྡུག་གི་སྐུ་ཚབ་མི་སྣ་ཁྱོན་མི་གྲངས་ ༡༥༠༠ ལྷག་ཆེད་ཕེབས་གནང་རྒྱུའི་ཚོད་དཔག་གནང་བཞིན་པ་དང་སྟོད་པ་གཞིས་བྱེས་གཉིས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དེ་ད་ལན་ཐེངས་དང་པོ་ཞིག་མ་ཡིན་པར་དེ་སྔ་ཕྱི་ལོ་ ༡༩༨༥ ལོར་གནས་མཆོག་རྡོ་རྗེ་གདན་དང་དེ་རྗེས་ཝ་ར་ཎ་སི་དང་བཞུགས་སྒར་དྷརྨ་ས་ལ་བཅས་སུ་འབུལ་ལམ་ཞུས་མྱོང་ཡོད་པ་རེད་ལ་ད་རེས་འདི་ཐེངས་བཞི་པ་དེ་ཆགས་ཀྱི་འདུག

གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་ ༤ ནང་གི་མཛད་འཆར་ཁྲོད་གཞན་ཡང་སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིག་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ཟླ་ ༤ ཚེས་ ༡༩ དང་ ༢༠ བཅས་ཉིན་གཉིས་རིང་གི་སྔ་དྲོ་འདུལ་ནག་པ་དཔལ་ལྡན་བཟང་པོ་མཆོག་གི་མཛད་པའི་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།