Tibetan Royal Year of 2151 | Year of the Wood Dragon

ནི་དར་ལེནྜ་གཞུང་ཚབ་ཀྱིས་བོད་ཁམས་སྡེ་དགེ་ནས་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་གསུངས་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་འོག་ཡོད་པའི་ཁམས་སྡེ་དགེའི་བོད་མི་ཞི་རྒོལ་བ་རྣམས་ཀྱི་གནས་སྟངས་ཐད་ནི་དར་ལེནྜ་གཞུང་ཚབ་ནས་ཐུགས་འཚབ་ཀྱི་རྣམ་པ་གསལ་བཏོན་གནང་འདུག

Wim Geerts

དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༤ ཉིན་ནི་དར་ལེནྜ་གཞུང་ཚབ་ཀྱི་འགྲོ་བ་མིའི་ཐོབ་ཐང་མགྲིན་ཚབ་པ་སྐུ་ཞབས་ Wim Geerts ལགས་ཀྱིས་རང་ཉིད་ཀྱི་ Twitter དྲ་གནས་ཐོག་ཁམས་སྡེ་དགེ་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐད་ཆེས་ཐུགས་འཚབ་དང་སྦྲགས། རྒྱ་གཞུང་གིས་སྡེ་དགེའི་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞིའི་ཁྲོད་ལོ་རྒྱུས་རང་བཞིན་ལྡན་པའི་བོད་པའི་དགོན་སྡེ་ཁག་དྲུག་དང་གྲོང་ཚོ་གཉིས་གཏོར་སྐྱོན་བྱེད་ཉེན་ལ་བརྟེན། ལས་གཞི་དེར་ངོ་རྒོལ་གནང་མཁན་ས་གནས་བོད་མི་རྣམས་འཛིན་བཟུང་བཀག་ཉར་གྱིས་ཁོང་རྣམ་པའི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་སོགས་ལ་རྩིས་མེད་རྡོག་རོལ་ཤུགས་ཆེ་བཏང་བར་ངོ་རྒོལ་གནང་སྟེ་ད་ཆ་རྒྱ་ཡི་བཀག་ཉར་འོག་ཡོད་པའི་བོད་མི་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་དང་ནི་དར་ལེནྜ་གཞུང་ནས་བོད་མི་དེ་དག་གི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱ་རྒྱུའི་ཐད་ཆོད་སེམས་བརྟན་པོ་ཡོད་པ་གསུངས་སོང་།

རྩ་བའི་སྡེ་དགེ་ཁུལ་གྱི་ཛ་དྲག་གི་གནས་སྟངས་དང་འབྲེལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ཨ་རི་དང་ཁེ་ཎ་ཌའི་ཕྱི་སྲིད་ལས་ཁུངས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། དེ་བཞིན་ཨ་རི་གཞུང་གི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ། གཞན་ཡང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་དང་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་སོགས་ནས་རྒྱ་གཞུང་གི་བྱ་སྤྱོད་དེ་ནི་བཟོད་ཐབས་བྲལ་བ་ཞིག་ཡིན་པར་སྐྱོན་བརྗོད་དང་། བོད་མི་ཞི་རྒོལ་བ་རྣམས་འཕྲལ་མར་གློད་བཀྲོལ་ཡོང་སླད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པའི་ཞུ་སྐུལ་སོགས་ཀྱི་བསྒྲགས་གཏམ་བསྟུད་མར་སྤེལ་ཡོད་པ་མ་ཟད། ཨ་རི་གྲོས་ཚོགས་ནང་དེ་འབྲེལ་ཁྲིམས་འཆར་ཞིག་ཀྱང་ཆེད་འདོན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།