Tibetan Royal Year of 2151 | Year of the Wood Dragon

བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་ཁྲོད་ཨོ་སི་ཊོ་ལི་ཡར་བོད་མི་གཏོང་ཕྱོགས་ཐད་འདྲི་རྩད་ལྷུག་པོ་གནང་སོང་།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བཞུགས་སྒར་དུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་འཕྲོ་སྐྱོང་ལས་རིམ་འཚོག་བཞིན་པའི་ཁྲོད། ཁ་སང་ཚེས་ ༡༥ ཉིན་རྒྱབ་ཀྱི་ཚོགས་མཐུན་ ༣ པ་ནས་བདེ་སྲུང་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་བགྲོ་གླེང་གི་ལས་རིམ་ཐོག་ཕེབས་པའི་ཁྲོད། ཨོ་སི་ཊོ་ལི་ཡར་བོད་མི་གཏོང་ཕྱོགས་ཀྱི་སྐོར་ལ་དྲི་བ་དྲི་ལན་ལྷུག་པོ་གནང་སོང་།

Gyari Dolma

དེ་ཡང་ཁ་སང་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་བདེ་སྲུང་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༢ ནས་ ༢༠༢༣ གྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་སྤྱི་འཐུས་རྒྱུན་ལས་ཀྱིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ལ་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་དང་། དེར་བདེ་སྲུང་བཀའ་བློན་མཆོག་ནས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་གྲུབ་པའི་རྗེས་སུ། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་ཁྲོད། སྤྱི་འཐུས་ཁྱོན་ ༡༤ ཙམ་གྱིས་ཆ་ཤས་བླངས་བའི་ཁོངས་ནས། སྤྱི་འཐུས་ཁག་གཅིག་གིས་ Australia ནང་དུ་བོད་མི་ཆབ་སྲིད་བཙོན་ཟུར་དང་དེ་དག་གི་འབྲེལ་ཡོད་འབྲེལ་ཆགས་གཏོང་ཕྱོགས་ཀྱི་ལས་དོན་དང་། ལས་གཞི་དེ་གནས་སྐབས་འགག་ཡོད་མིན་སོགས་དྲི་བ་ཕུལ་མཁན་བྱུང་བ་ལྟར། སྐབས་དེར་བདེ་སྲུང་བཀའ་བློན་མཆོག་གིས།  ད་བར་ལས་གཞི་དེའི་འོག་ཕྱི་ལོ་ ༢༠༢༢ ནང་དེ་སྔ་ཏོག་དབྱིབས་རྐྱེན་གྱིས་ཕེབས་མ་ཐུབ་པར་ལྷག་པ་བོད་མི་ ༡༡༠ དང་། ༢༠༢༣ ནང་ཁྱོན་བོད་མི་ ༥༨ བཅས་བཏང་ཐུབ་པ་བྱུང་ཡོད་སྐོར་གྱི་གྲངས་ཐོ་སྙན་སྒྲོན་ཞུས་པ་མ་ཟད།  སྤྱིར་བདེ་སྲུང་ལས་ཁུངས་ནས་ལས་དོན་དེའི་སླད་འབྲེལ་ཡོད་སྐུ་ཚབ་དོན་གཅོད་ལས་ཟུར་རྣམ་པ་དང་ Australia གཞུང་བཅས་དང་འབྲེལ་བ་གནང་སྟེ་གང་ཐུབ་གནང་བཞིན་ཡོད་སྐོར་གསུངས་སོང་། ལྷག་པར་བདེ་སྲུང་ལས་ཁུངས་ཀྱི་གྲངས་ཐོར་གཞིགས་ན། ༢༠༡༩ ནས་རྩིས་པའི་ད་བར་ཨོ་གླིང་དུ་གཞིས་སྤོས་སླད་སྙན་ཞུ་ ༡༡༠༠ ཙམ་བྱུང་བའི་ཁོངས་ནས་སྙན་ཞུར་ངོ་བཞེས་ཐག་གཅོད་ཟིན་པ་ ༩༠༠ ཙམ་ཆགས་ཀྱི་ཡོད་པ་རེད་འདུག 

བཀའ་བློན་མཆོག་གིས་ད་དུང་སྤྱི་འཐུས་ཤིག་གིས་དྲི་བ་ཕུལ་བ་བཞིན་སྤྱི་ཚོགས་ཁྲོད་བྱེས་འབྱོར་བོད་མི་གཞིས་ཆགས་ཁག་ཏུ་གཞིས་སྤོས་ཀྱི་ལས་གཞི་རྐྱེན་པས་ Australia ཡི་ལས་འཆར་ཐོག་ཤུགས་གནོན་བསྐྱོན་གནང་གི་མེད་སྐོར་བརྗོད་མཁན་བྱུང་ན་རྩ་བ་ནས་བདེན་པ་མིན་སྐོར་གསུངས་སོང་།

ཁ་སང་བགྲོ་གླེང་ཁྲོད་གཞན་ཡང་སྤྱི་འཐུས་ཁག་གཅིག་གིས་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་གནང་བའི་ལག་དེབ་གསེར་པོ་དང་འབྲེལ་བའི་དཀའ་ངལ་དང་འབྲེལ་ནས་དྲི་བ་བཏང་མཁན་བྱུང་ཡོད།

དེ་མིན་ཕྱག་དེབ་གསེར་པོ་དང་འབྲེལ་བའི་འགྲུལ་བསྐྱོད་སྐབས་དགོས་ངེས་ཡིག་ཆ་ཁག་གང་མྱུར་རགས་ཐབས་ཐོག་མཐུན་གྱུར་རམ་འདེགས་ཞུ་ཕྱོགས་སྐོར་དང་། བལ་ཡུལ་ནང་གི་བོད་མིའི་གནས་སྟངས་། དེ་བཞིན་སྣེ་ལན་ཁག་གི་ཕྱག་ལས་གནང་ཕྱོགས་སོགས་ཀྱི་སྐོར་ལ་གསུང་མཁན་བྱུང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།