Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་བལ་པོའི་མི་སེར་ཉི་བརྒྱ་བརྒལ་བར་མཇལ་ཁ་སྩལ་བ།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

ཁ་སང་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་བལ་ཡུལ་གྱི་འགྲོ་ཀུན་བྱང་ཆུབ་གླིང་དང་། ཨ་ཧིམྶ་ཝཱ་དཱི་སངས་རྒྱས་ཆོས་གླིང་གཉིས་ཀྱི་ཚོགས་མི་ ༢༡༣ གྱིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་སོང་བ་དང་། ཁོང་རྣམ་པ་ནི་གཙོ་བོ་ཡོལ་མོ་དང་ཤར་པ།  གུ་རུང་དང་Tamang དེ་བཞིན་ལེབ་ཆ་སོགས་ཀྱི་མི་རིགས་ཆགས་ཀྱི་འདུག

HHDL Nepal Audience

བལ་ཡུལ་ནང་རྟེན་གཞི་བྱས་པའི་འགྲོ་ཀུན་བྱང་ཆུབ་ཆོས་གླིང་དང་། ཨ་ཧིམྶ་ཝཱ་དཱི་སངས་རྒྱས་ཆོས་གླིང་དགོན་པ་གཉིས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་ཧི་མཱ་ལ་ཡའི་མི་རིགས་རྣམས་ནས་ནང་པའི་ཆོས་དང་རིག་གཞུང་ཟབ་མོ་ཡོད་པ་དེ་དག་སྲུང་སྐྱོབ་གནང་དགོས་ཞེས་བཀའ་སློབ་ཇི་ལྟར་ཕེབས་པའི་དགོངས་དོན་སྙིང་བཅངས་ཀྱིས་བཙུགས་གནང་བ་ཞིག་དང་། ལྷག་པར་དགོན་པ་གཉིས་ཀྱི་ངོས་ནས་དྭ་ཕྲུག་གཙོས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་བོད་ཡིག་སློབ་ཁྲིད། དེ་བཞིན་སྨྱུང་གནས་དང་མ་ཎི་སྨོན་ལམ་གསོག་སྒྲུབ་སོགས་སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་སྣ་ཚོགས་སྒྲུབ་བཞིན་ཡོད་པ་རེད་འདུག

HHDL Nepal Audience

དེ་གའི་གསར་འགོད་པས་འགྲོ་ཀུན་བྱང་ཆུབ་གླིང་དགོན་པའི་མཁན་པོ་མཆོག་ལ་ཐེངས་འདིའི་མཇལ་ཁ་དང་འབྲེལ་བཅར་འདྲི་ཞུས་སྐབས་ཁོང་གིས་འགྲོ་ཀུན་བྱང་ཆུབ་གླིང་དགོན་པ་དེ་ཉིད་ཁོང་གིས་བཙུགས་གནང་བ་ཞིག་དང་། དགོན་པའི་མིང་དེ་བཞིན་སྐྱབས་རྗེ་བཟོད་པ་རིན་པོ་ཆེ་དམ་པ་དེ་ཉིད་ཀྱིས་གནང་བ་ཞིག་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། ད་རེས་ཁོང་དང་ལྷན་ཁྱོན་དགོན་པའི་ཚོགས་མི་ ༦༢ ཕེབས་ཡོད་པས་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བར་ཧ་ཅང་གི་དགའ་པོ་བྱུང་ཞེས་དང་། བསོད་ནམས་ཆེན་པོ་རེད་ཅེས་གསུངས་གི་འདུག  

HHDL Nepal Audience

མ་ཟད་མཇལ་ཁའི་ཐོག་བཅར་བའི་མི་སྣ་ཁག་གཅིག་ལ་རང་ཉིད་ཀྱི་མྱོང་ཚོར་དང་འབྲེལ་བཀའ་འདྲི་ཞུས་པར་ཁག་གཅིག་གིས་མཇལ་ཁ་འདི་ལྟ་བུ་ཐོབ་ཀྱི་རེད་བསམ་པ་མ་བྱུང་ཞེས་མིག་ཆུ་བཏང་ནས་མཇལ་ཁ་དེ་བཞིན་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་འགྲེལ་བརྗོད་དང་། ཡང་ཁག་གཅིག་གིས་སྤྱན་རས་གཟིགས་སྐུ་ཤ་རློན་པ་མཇལ་བ་ལྟ་བུ་བྱུང་ཞེས་དང་།  ༸གོང་ས་མཆོག་ཇི་ཙམ་སྐུ་ཚེ་བརྟན་ན་དེ་ཙམ་གྱི་འཛམ་གླིང་ཡོངས་ལ་དགའ་འོས་པ་ཞིག་ཡིན་པ་མ་ཟད། བསྐལ་པ་ནས་བསྐལ་པ་༸གོང་ས་མཆོག་གི་རྗེས་སུ་བཟུང་བའི་སྨོན་ལམ་བཏབ་པ་སོགས་འགྲེལ་བརྗོད་གནང་གི་འདུག  

HHDL Nepal Audience

གཞི་རྩའི་ཐེངས་འདིའི་མཇལ་ཁའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་བཀའ་སློབ་ཕེབས་མེད་པ་དེ་ལྟར་ཡང་། མགོན་པོ་༸གང་ཉིད་མཆོག་གིས་དུས་ནས་དུས་སུ་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས་ཧི་མཱ་ལ་ཡའི་མི་རིགས་ནས་སོ་སོར་ཡོད་པའི་རང་དབང་གི་གོ་སྐབས་སྤྱད་དེ་མུ་མཐུད་སངས་རྒྱས་པའི་ཆོས་བདག་གཅེས་གནང་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་ཡང་ཡང་སྩལ་གྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།