Tibetan Royal Year of 2151 | Year of the Wood Dragon

ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས་དེ་རིང་རྒྱ་ནག་ཏུ་སྲིད་འཛིན་ཞི་ཅིན་ཕིང་དང་ཁ་སང་ཕྱི་སྲིད་བློན་ཆེན་ཝང་ཡི་བཅས་ཐུག་འཕྲད་གནང་བ་དང་། རྒྱ་ནག་གི་འགོ་ཁྲིད་དེ་དག་གིས་སྐབས་དེར་ཨ་རིའི་ངོས་ནས་རྒྱ་ནག་གི་ས་ཁོངས་བདག་དབང་ལ་བརྩི་བཀུར་ཞུ་དགོས་པ་དང་། ཨ་རྒྱ་གཉིས་མཐུན་གྲོགས་བྱ་དགོས་པ་ལས་ཕན་ཚུན་ཁ་གཏད་བྱ་མི་རུང་ཞེས་ནན་བརྗོད་བྱས་འདུག

དེ་ཡང་དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་ནས་དེ་རིང་སྔ་དྲོ་རྒྱ་ནག་རྒྱལ་ས་པེ་ཅིན་གྱི་ Great Hall of the People ཞེས་རྒྱ་ནག་མི་མང་ཚོགས་ཁང་ཆེན་མོར་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་གནང་ཡོད་པ་དང་སྐབས་དེར་ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་དབར་མི་མཐུན་པའི་གནད་དོན་མང་པོ་ཡོད་ཀྱང་ཕྱོགས་གཉིས་ནས་དཀའ་ངལ་དེ་རིགས་ལ་གདོང་ལེན་གྱིས་མཐུན་གྲོགས་བྱ་དགོས་པ་ལས་ཁ་གཏད་བྱ་རྒྱུ་མེད་སྐོར་བརྗོད་པ་མ་ཟད། རྩ་བའི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཁྲོད་ཡར་རྒྱས་ཀྱི་རྣམ་པ་མངོན་རྒྱུ་ཡོད་ཀྱང་། ད་དུང་ཡང་འབད་བརྩོན་འཕར་མ་བྱ་དགོས་པ་དང་། དེའང་ཕན་ཚུན་གུས་ཞབས་དང་། ཞི་བདེ་མཉམ་གནས། དེ་བཞིན་གཉིས་སྨན་མཉམ་ལས་ཀྱི་ཐོག་ནས་བྱ་དགོས་པ་ཞིག་ཡིན་པའི་ནན་བརྗོད་བྱས་འདུག

མ་ཟད་ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་ཐུག་འཕྲད་བྱས་པ་ལྟར། སྐབས་དེར་ལྦང་གིས་ཨ་རྒྱ་གཉིས་ཀྱི་དབར་གྱི་འབྲེལ་ལམ་ཁྲོད་ཕན་ཚུན་མི་མཐུན་པའི་གནད་དོན་ནམ་འབྲེལ་ལམ་ལ་གནོད་པའི་གནད་དོན་མུ་མཐུད་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཨ་རིས་རྒྱ་ནག་གི་ཁྲིམས་དང་མཐུན་པའི་རྒྱལ་ཁབ་ཡར་རྒྱས་ཀྱི་ཐོབ་ཐང་ཁག་ལ་དོན་མེད་འགོག་རྐྱེན་བཟོ་བཞིན་ཡོད་པ་དེས། རྒྱ་ནག་རྒྱལ་ཁབ་ཀྱི་གཞི་རྩའི་ཁེ་ཕན་ཁག་སྲུང་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་པ་དང་སྦྲགས། ལྦང་ཡི་ཡིས་རྒྱ་གཞུང་ངོས་ནས་སྲིད་འཛིན་ཞི་ཅིན་ཕིང་གི་མངོན་འདོད་ལྟར་རྒྱལ་ཁབ་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། དེ་བཞིན་རྒྱལ་ཁབ་ཕྱོགས་གཉིས་ཀའི་ཁེ་ཕན་བཅས་ཀྱི་རྩ་དོན་ལ་རྟག་ཏུ་བརྩི་སྲུང་བྱས་ཏེ། རྒྱ་ནག་དང་ཨ་རིའི་འབྲེལ་བ་བརྟན་རླིང་དང་ཕུགས་བརྟན་པོར་གོང་འཕེལ་གཏོང་རྒྱུའི་དམ་བཅའ་བཞག་ཡོད་ཅེས་བརྗོད་འདུག་པ་དང་། རྒྱ་ནག་གི་དགོས་འདུན་གཅིག་པོ་དེ་ནི། རྒྱལ་ཁབ་ཕན་ཚུན་གྱི་ཁེ་ཕན་ལ་བརྩི་སྲུང་བྱ་རྒྱུ་དེ་ཡིན་པས། ཨ་རི་གཞུང་ངོས་ནས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་དང་། རྒྱ་ནག་གི་ས་ཁོངས་བདག་དབང་དང་། བདེ་འཇགས། ཡར་རྒྱས་ཀྱི་ཁེ་ཕན་བཅས་ལ་གནོད་འགལ་མི་བྱ་རྒྱུར་གཙོ་འདོན་བྱ་དགོས་པ་བརྗོད་འདུག

སྐབས་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས། སྔ་ལོའི་ཕྱི་ཟླ་ ༡༡ པའི་ནང་ San Francisco རུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་སྲིད་འཛིན་དབར་ གྲོས་གཞི་བཞག་པ་དེར་ནུས་པ་ལྡན་པའི་ལག་བསྟར་དགོས་གལ་ཆེ་བ་ཡིན་ཞེས་གསུངས་པ་དང་སྦྲགས། རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེའི་ཐད་གདོང་དང་གདོང་ཐུག་གིས་ངོ་ཚབ་བྱེད་ཐུབ་མཁན་རྒྱལ་ཁབ་གཞན་ཞིག་མེད་པས། ཕྱོགས་གཉིས་ཀས་ཕན་ཚུན་དབར་གྱི་མི་མཐུན་ཕྱོགས་གཙང་ཤེས་ཀྱི་ཐོག་ནས་གོ་ནོར་དང་རྩིས་ནོར་མི་ཡོང་བའི་ཆེད་འབད་བརྩོན་གང་ཐུབ་བྱ་དགོས་ཞེས་གསུངས་འདུག་ལ། རྒྱལ་ཁབ་ཕྱོགས་གཉིས་དབར་མཉམ་ལས་བསྐྱར་གསོ་དང་། མྱོས་རྫས་འདོན་སྤེལ་བཀག་སྡོམ་དང་། དམག་གི་སྒྲིག་འཛུགས་ཕན་ཚུན་དབར་གླེང་མོལ། མི་མང་དང་མི་མང་དབར་གྱི་འབྲེལ་ལམ་སྲ་བརྟན་དུ་གཏོང་དགོས་པ་གསུངས་འདུག

རྩ་བའི་རྒྱལ་ཁབ་ཕྱོགས་གཉིས་དབར་ཆུ་ཚོད་ལྔ་དང་ཕྱེད་ཀ་ལྷག་གི་རིང་གླེང་མོལ་ཡང་བྱུང་ཡོད་པ་དང་། ཐེངས་འདིའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡི་འཚམས་གཟིགས་དེའི་ཁྲོད་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཉལ་ཐ་དང་ཁྲིམས་འགལ་ལས་དོན་གྱི་དྲུང་ཆེ་ཕྱག་རོགས་ Todd Robinson དང་།  cyberspace དྲ་ཚིགས་ཀྱི་གཞུང་ཚབ་ཆེན་མོ་ Nathaniel Fick གཙོས་པའི་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་གཅིག་ནས་མཉམ་ཞུགས་གནང་ཡོད་པ་རེད།  

འབྲེལ་ཡོད་གསར་གནས།

གསར་གནས།