Tibetan Royal Year of 2151 | Year of the Wood Dragon

མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་ཏེ་ཕྱིའི་རྒྱལ་ཁབ་སྤྱི་དང་ལྷག་པར་དུ་ཨ་རིར་འཇིགས་སྐུལ་དང་དྲག་གནོན་གྱི་བྱ་སྤྱོད་སྤེལ་བཞིན་པར་ཨ་རིའི་ངོས་ནས་གདོང་ལེན་ནན་པོ་གནང་བཞིན་པའི་ཁྲོད། ཁ་སང་ཨ་རིའི་ཁྲིམས་ཁང་ཞིག་གིས་རྒྱ་རིགས་སློབ་མ་ཞིག་གིས་རྒྱ་རིགས་བུད་མེད་མང་གཙོ་དོན་གཉེར་བར་རྗེས་འདེད་དང་འཇིགས་སྐུལ་བྱས་པའི་ཉེས་མིང་འོག་ཟླ་བ་དགུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་། ཁྲིམས་བཅད་ཚར་རྗེས་ཁོ་པ་རྒྱ་ནག་ལ་ཕྱིར་ལོག་དགོས་པའི་ཉེས་ཆད་བཏང་འདུག

གཞི་རྩའི་ཨ་རིིའི་གྲོང་ཁྱེར་ Boston ནང་རྟེན་གཞིས་བྱས་པའི་ Berklee College of Music ཞེས་རོལ་དབྱངས་གཙུག་ལག་སློབ་གཉེར་ཁང་གི་རྒྱ་རིགས་སློབ་མ་ Xiaolei Wu ཟེར་བ་ཁོང་གིས། དེ་སྔ་ཕྱི་ལོ་ ༢༠༢༢ ལོར་རྒྱ་རིགས་མང་གཙོའི་ལས་འགུལ་བ་བུད་མེད་སློབ་མ་ཞིག་གིས་སློབ་གྲྭའི་ཁོར་ཡུག་ནང་རྒྱ་ནག་ནང་མང་གཙོ་དང་རང་དབང་དགོས།ང་ཚོ་རྒྱ་ནག་གི་མང་ཚོགས་དང་ལྷན་དུ་ཡོད་སོགས་ཀྱི་སྦྱར་ཡིག་སྦྱར་བ་དང་མི་མང་ལ་བགོ་འགྲེམས་བྱས་པར་བརྟེན། སློབ་མ་ Wu ཡིས་དྲ་ཐོག་ནས་ཁོ་མོའི་ལག་པ་གཅད་རྒྱུ་ཡིན་པ་སོགས་ཀྱི་སྡིགས་ར་སྐུལ་བ་དང་། རྒྱ་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་བྱ་སྤྱོད་སྐོར་རྒྱ་ནག་གི་གཞུང་ཚབ་ཡན་ལག་ཁག་ལ་ལན་བསྐྱལ་ཡོད་པས་ཁོང་མོའི་རྒྱ་ནག་ནང་གི་ནང་མིར་དཀའ་ངལ་འཕྲལ་ངེས་ཡིན་སྐོར་དང་། ལྷག་པར་ཁོང་གི་བློ་དང་མཐུན་པའི་རྒྱ་མི་གཞན་ཚོར་ལའང་དྲ་ཐོག་ཏུ་བུད་མེད་ལས་འགུལ་བ་དེའི་སྡོད་སའི་ཁ་བྱང་དང་། གློག་འཕྲིན། དེ་བཞིན་ཁ་པར་ཨང་གྲངས་སོགས་འཚོལ་དགོས་པ་དང་། དེ་དག་བརྒྱུད་ཁོང་མོར་བརྙས་བཅོས་བྱ་རྒྱུའི་སྐུལ་མ་སོགས་བྱས་ཡོད་སྟབས། ༢༠༢༢ ལོའི་ཕྱི་ཟླ་ ༡༠ པའི་ནང་། Boston ཉེན་རྟོག་པས་ཁོ་པ་འཛིན་བཟུང་གྱིས་དེ་རྗེས་ཟླ་བ་ ༡༢ པའི་ནང་གོང་ཞུས་གནད་དོན་དེ་བཞིན་ཨ་རིའི་ Boston གྲོང་ཁྱེར་གྱི་ཁྲིམས་ཁང་ཏུ་བསྐྱལ་ཡོད་པ་རེད།

དེ་ཡང་དབྱིན་ཇིའི་ BBC གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཨ་རིའི་གྲོང་ཁྱེར་ Boston ཁྲིམས་ཁང་གིས་སློབ་མ་ Wu ལ་ བུད་མེད་མང་གཙོ་དོན་གཉེར་བར་རྗེས་འདེད་དང་འཇིགས་སྐུལ་བྱས་པའི་ཉེས་མིང་འོག་ཟླ་བ་དགུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་། ཁྲིམས་ཆད་བཅད་ཚར་རྗེས་ཁོ་པ་རྒྱ་ནག་ལ་ཕྱིར་ལོག་དགོས་པའི་ཉེས་ཆད་བཏང་འདུག

གནད་དོན་དེ་དང་འབྲེལ་གྱོད་དོན་འདི་ཉིད་ཞིབ་འཇུག་གནང་མཁན་ Boston ཉེན་རྟོག་འགན་འཛིན་སྐུ་ཞབས་ Jodi Cohen ལགས་ཀྱིས་རྒྱ་རིགས་ Wu ཡིས་བུད་མེད་ལས་འགུལ་བར་འཇིགས་སྐུལ་བྱེད་ཆེད་རྒྱ་ནག་རྒྱལ་ཁབ་ཀྱི་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་རང་བཞིན་དེ་མཚོན་ཆར་བེད་སྤྱོད་བཏང་ཡོད་པ་དེ་ནི་མངོན་གསུམ་བློ་འཚབ་སྐྱེས་གཞིའི་གནད་དོན་ཞིག་ཆགས་ཡོད་པ་དང་། སྨྲ་བརྗོད་རང་དབང་ནི་ཨ་རིའི་རྩ་ཁྲིམས་ནང་འཁོད་པའི་ཐོབ་ཐང་ཞིག་ཡིན་སྟབས་དེ་སྲུང་སྐྱོབ་གནང་རྒྱུ་ནི་ང་ཚོའི་འགན་ཡིན་པ་ལྟར། ད་རེས་སྡིགས་ར་དང་བརྙས་བཅོས་བྱེད་མཁན་གྱི་གང་ཟག་དེར་ཉེས་ཆད་བཏང་ཡོད་པ་སོགས་གསུངས་འདུག

མ་ཟད། འདི་ལོའི་ཕྱི་ཟླ་ ༡ པའི་ནང་སློབ་མ་ Wu ཡིས་ཁྲིམས་བཤེར་སྐབས་ཨ་རིའི་ཁྲིམས་རྩོད་པ་སྐུ་ཞབས་ Joshua S. Levy ལགས་ཀྱིས་རྒྱ་རིགས་ Wu ཡིས་བུད་མེད་དེར་འཇིགས་སྐུལ་བྱས་པ་དེས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ཚོར་འཇིགས་སྣང་སྐུལ་ཡོད་པ་སོགས་འགྲེལ་བརྗོད་ཀྱིས་ཁོ་པའི་དམིགས་ཡུལ་གྲུབ་ཡོད་པ་དེ་ལྟར་ཡང་།  ཨ་རི་ངོས་ནས་བཅའ་ཁྲིམས་ཀྱི་དོན་ཚན་དང་པོའི་ཐོབ་ཐང་གཞིར་བཟུང་མང་ཚོགས་རྣམས་ཀྱི་སྨྲ་བརྗོད་དང་བསམ་བློའི་རང་དབང་སྲུང་སྐྱོབ་གནང་རྒྱུའི་ཐད་གང་ཐུབ་གནང་རྒྱུ་དང་། འདི་ལྟ་བུའི་དྲག་གནོན་གྱི་བྱ་སྤྱོད་ཁག་ལ་ནམ་ཡང་བཟོད་སྒོམ་བྱ་རྒྱུ་མིན་ཞེས་གསུངས་ཡོད།

གཞི་རྩའི་རྒྱ་གཞུང་གིས་རྒྱ་ནག་རྒྱལ་ནང་ཙམ་མ་ཚད་པར་ཨ་རི་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་རྒྱ་རིགས་གཙོས་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་བ་སོགས་ཀྱི་ཉིན་རེའི་ལས་དོན་ཐོག་ལྟ་སྲུང་དང་སུན་གཙེར་སོགས་བྱས་ཏེ་རང་དབང་ལུང་པར་སྨྲ་བརྗོད་རང་དབང་གཙོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་རྒྱུར་འགོག་རྐྱེན་སྣ་ཚོགས་བཟོ་བཞིན་ཡོད་པ་དེ་ལྟར་ཡང་། སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་འོག་དམར་ཤོག་ཚོགས་པར་ངོ་རྒོལ་གནང་མཁན་ལས་འགུལ་བ་རྣམས་ལ་སུན་གཙེར་དང་རྒོལ་རྡུང་། དེ་བཞིན་འཇིགས་སྐུལ་སོགས་སྔ་ལས་ངར་ཤུགས་ཆེ་རུ་བཏང་ཡོད་སྐོར་རྒྱལ་སྤྱིའི་གནད་དོན་དཔྱད་ཞིབ་པ་ཚོས་གསུངས་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།