Tibetan Royal Year of 2151 | Year of the Wood Dragon

༸པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

དེ་རིང་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༥ བདག་གིར་བཞེས་པའི་སྐུའི་འཁྲུངས་སྐར་གཞུང་འབྲེལ་སྒོ་ནས་སྲུང་བརྩི་ཞུས་པ་དང་བསྟུན། རྒྱ་གཞུང་ངོས་ནས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཆུང་སྲིད་རིན་པོ་ཆེ་མཆོག་མཇལ་འཕྲད་ཀྱི་གོ་སྐབས་འཕྲལ་དུ་སྤྲད་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། གོ་སྐབས་དེའི་བརྒྱུད་ནས་རྒྱ་གཞུང་གི་བསྐོ་འཛུགས་བྱས་པའི་རྒྱལ་མཚན་ནོར་བུ་ནི་གདོང་དམར་བོད་རིགས་བཀྲུས་ནས་མ་དག་པ་ཞིག་ཡིན་སྟབས། རྒྱ་གཞུང་གིས་ངན་གཡོའི་འོག་མ་ཚུད་པར་རང་ཉིད་ཀྱི་འགན་འཁྲིའི་ཁག་འཇིགས་ཞུམ་མེད་པར་ཁུར་ལེན་གནང་རྒྱུ་ལས། བོད་བསྟན་སྲིད་མི་རིགས་དང་བཅས་པར་རྨ་འབྱིན་གྱི་ལས་གཞིར་མི་རྩོམ་པའི་གཞེན་སྐུལ་གནང་སོང་།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཨི་སི་ཏཱོ་ནི་ཡ་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡུ་ཀུ་ཁལ་རེཌ་ Jukku-Kalle-Raid མཆོག དམིགས་བསལ་སྐུ་མགྲོན་བཀྲ་ཤིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིགས་རྒྱབ་རིན་པོ་ཆེ་མཆོག་དང་ཧི་མ་ལ་ཡའི་གནད་ཡོད་སྐུ་མགྲོན་གཞན་རྣམ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་པའི་མཛད་གཙོ་རྣམ་པ། གཞན་ཡང་སེར་སྐྱ་མི་མང་བཅས་ནས་ལྷན་ཞུགས་གནང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྐབས་དེར་བཀའ་ཤག་གི་གསུང་བཤད་ནང་། ཀུན་གཟིགས་པཎ་ཆེན་རིན་པོ་སྐུ་ཕྲེང་བཅུ་པ་མཆོག་གིས་མཛད་རྗེས་ངོ་སྤྲོད་ཁྲོད། བོད་ཀྱི་ཤེས་ཡོན་སློབ་གསོ་དང་། བོད་བརྒྱུད་ནང་བསྟན། མི་རིགས་ཀྱི་ཐོབ་ཐང་བཅས་རྒྱ་གཞུང་ལ་མེ་འཚིག་མེར་གཏུགས་ཀྱིས་ཞུ་སྐུལ་དང་སྐུ་དངོས་ཀྱི་འབད་འབུངས་བརྒྱ་ཕྲག་ལྷུར་བཞེས་མཛད་ཡོད་པ་མཛད་རྗེས་ངོ་སྤྲོད་གནང་སོང་།

ལྷག་པར་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༩༩ ལོར་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་བཤེགས་ཏེ་ལོ་ངོ་ ༡༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོའི་སྐབས། ༸པཎ་ཆེན་མཆོག་སྐུ་འཚོ་བཞུགས་ཡོད་ན་བོད་མིའི་བདེ་དོན་གྲུབ་ཐབས་སུ་ཐབས་ཤེས་གང་ཡོང་གནང་གི་རེད་བཅས་ཐུགས་ལ་དགོངས་ཡོད་པ་ངོ་སྤྲོད་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་དང་ཚོགས་སྡེ་ཁག་ལ་གནད་དོན་དེའི་སྐོར་སོ་སོའི་སྲིད་གཞུང་ལ་སྙན་སྐུལ་གྱི་ཐབས་ཤེས་གང་ཡོང་འཐེན་རྒྱུར་འབོད་སྐུལ་ཐོག རྒྱ་གཞུང་ངོས་ནས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཆུང་སྲིད་རིན་པོ་ཆེ་མཆོག་མཇལ་འཕྲད་ཀྱི་གོ་སྐབས་འཕྲལ་དུ་སྤྲད་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། རྒྱ་གཞུང་གི་བསྐོ་འཛུགས་བྱས་པའི་རྒྱལ་མཚན་ནོར་བུ་ནི་གདོང་དམར་བོད་རིགས་བཀྲུས་ནས་མ་དག་པ་ཞིག་ཡིན་ཞིང་། བོད་བརྒྱུད་ནང་བསྟན་ལ་ཐོས་བསམ་གྱི་གོ་སྐབས་ཐོབ་མྱོང་མཁན་ཞིག་ཡིན་སྟབས། རྒྱ་གཞུང་གིས་ངན་གསོའི་འོག་མ་ཚུད་པར། བོད་མི་རིགས་དང་བོད་བརྒྱུད་ནང་བསྟན་ཡན་གནས་ལ་ལོ་རྒྱུས་སུ་བྱུང་མ་མྱོང་བའི་ཛ་དྲག་དཀའ་ཉེན་ཇི་འཕྲད་ངོས་འཛིན་གསལ་པོ་གནང་བའི་ཐོག རང་ཉིད་ཀྱི་འགན་འཁྲིའི་ཁག་འཇིགས་ཞུམ་མེད་པར་ཁུར་ལེན་གནང་རྒྱུ་ལས། བོད་བསྟན་སྲིད་མི་རིགས་དང་བཅས་པར་རྨ་འབྱིན་གྱི་ལས་གཞིར་མི་རྩོམ་པའི་གཞེན་སྐུལ་གནང་སོང་།

 དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་བའི་ཁྲོད། རྒྱ་དམར་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་ཚབ་ཏུ་ཁྱེའུ་གཞན་ཞིག་ཡང་སྲིད་ཡིན་ཁུལ་གྱིས་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་དམིགས་ཏེ་ངན་གཤོམ་བྱས་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིསས་ངོས་འཛིན་མཛད་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་གཞེས་བྱེས་བོད་མི་ཡོངས་དང་། འཛམ་གླིང་ཁྱོན་གྱི་ནང་པ་ཚོས་ཡིད་ཆེས་ངེས་པ་རྙེད་པ་དེར་འགྱུར་བ་རྩ་བ་ནས་གཏོང་ཐབས་མེད་པ་མ་ཟད། ཁོང་ལ་དད་དམ་བརྟན་པོ་གནས་ངེས་ཡིན་པ་གསུངས་སོང་། ལྷག་པར་ཡང་སྲིད་རིན་པོ་ཆེ་མཆོག་དང་སྐུ་འཁོར་བཅས་ཀྱི་གནས་བབ་ངེས་པར་དུ་ཕྱི་གསལ་ནང་གསལ་བཟོ་དགོས་པ་ནན་སྐུལ་དང་སྦྲགས། རྒྱ་གཞུང་གི་བྱེད་བབ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་གྱི་ཡོད་པ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་ནང་ཆེད་གཉེར་གྱིས་ཞུ་གཏུག་ཙམ་མ་ཟད། གྲོས་ཚོགས་ནམ་ཚོགས་སྐབས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་བརྒྱུད་རྒྱ་གཞུང་ལ་སྐྱོན་བརྗོད་དང་འབོད་སྐུལ་རིམ་པ་གནང་བཞིན་ཡོད་པ་སོགས་གསུངས་སོང་།

མ་ཟད་སྐུ་མགྲོན་གཙོ་བོ་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡུ་ཀི་ཁལ་རེཌ་ Jukku-Kalle Raid མཆོག་གིས་དབུས་པའི་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་རྣམས་ཀྱི་གསུང་བཤད་གནང་བའི་ཁྲོད། དེ་སྔོན་ཁོང་རྣམ་པའང་དམར་ཤོག་རིང་ལུགས་ཀྱི་འོག་ཏུ་ཚུད་ནས་དེ་མཚུངས་ཀྱི་དཀའ་སྡུག་མྱངས་ཡོད་པ་འགྲེལ་བརྗོད་དང་འབྲེལ། བོད་མི་རྣམས་སེམས་ཤུགས་ཆགས་རྒྱུ་མེད། ང་ཚོ་མཉམ་དུ་ཡོད། དེ་རིང་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཡི་ཡོད་སྟབས། དེ་ལྟ་བུའི་ལས་དོན་ནི་གལ་འགངས་ཆེན་པོ་ཞིག་ཡིན་པར་རེ་བ་ནམ་ཡང་བརླག་རྒྱུ་མེད་པ་སོགས་གསུངས་སོང་།

དེ་རིང་གི་མཛད་སྒོའི་ཐོག་ད་དུང་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དབུས་པའི་སྐུ་མགྲོན་གཞན་རྣམ་པས་ཀྱང་གསུང་བཤད་གནང་ཡོད་པ་དང་། འཁྲུངས་སྐར་ཉིན་ཆེད་དུ་འདོན་སྤེལ་གནང་བའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་བའི་རིས་བསྒྲིགས་རྩེད་ཆས་ Jigsaw Puzzle དབུ་འབྱེད། དེ་བཞིན་བཀྲ་ཤིས་ལྷུན་པོའི་མཁས་པའི་སྒྱུ་རྩོམ་ཞིབ་འཇུག་སོགས་དཔེ་དེབ་ཁག་ལྔ་དབུ་འབྱེད་གནང་ཡོད་པ་མ་ཟད། བོད་ཀྱི་ཟློས་གར་ཚོགས་པ་དང་བཙན་བྱོལ་བོད་མིའི་གཞས་པ་གྲགས་ཅན་ཚེ་རིང་འགྱུར་མེད་ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེའི་དྲན་གདུང་དང་འབྲེལ་ནས་གླུ་གཞས་ཁག་གཅིག་གཟིགས་འབུལ་ཞུས་ཡོད་པ་རེད།

རྩ་བའི་དེ་རིང་གི་མཛད་སྒོ་གྲུབ་མཚམས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་རྣམས་དང་། བཀྲ་ཤིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དབུས་པའི་༸སྐྱབས་རྗེ་ལོ་ཆེན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཚེ་མཆོག་གླིང་རིན་པོ་ཆེ་མཆོག དེ་བཞིན་ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོའི་སྐུ་ཚབ་རིག་འཛིན་རྡོ་རྗེ་ལགས་བཅས་ནས་གསར་འགོད་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་པ་དང་སྐབས་དེར། ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་རྣམ་པས་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད། ཨི་སི་ཏོ་ནི་ཡའི་ནང་གི་མི་མང་ཕལ་མོ་ཆེ་བོད་དང་སེམས་ཐག་ཉེ་པོ་ཞིག་ཡོད་པ་དང་། ༸པཎ་ཆེན་རིན་པོ་ཆེའི་གནད་དོན་དེ་མ་འོངས་པར་ཡུ་རོབ་གྲོས་ཚོགས་ནང་གླེང་སློང་བྱ་རྒྱུ་ཡིན་སོགས་གསུངས་སོང་།  

press conference

དེ་བཞིན་བཀྲ་ཤིས་ལྷུན་པོ་དང་ཧི་མ་ལ་ཡའི་དགོན་པ་དང་ཚོགས་པ་བཞི་ནས་དོན་ཚན་ལྔ་ཅན་གྱི་ཟུང་འབྲེལ་ཞུ་འབོད་གནང་བའི་ནང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁག་ནས་གར་སོང་ཆ་མེད་དུ་གྱུར་བའི་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ མཆོག་གི་ཛ་དྲག་གནས་སྟངས་ཤེས་རྟོགས་ཆེད་དུ་རྒྱ་ནག་ནང་ཕྱི་རྒྱལ་གཞུང་ཚབ་མི་སྣས་ཆུང་སྲིད་རིན་པོ་ཆེ་སྐུ་དངོས་སུ་མཇལ་འཕྲད་ཐུབ་ཐབས་ཀྱི་གཞུང་འབྲེལ་ཁྲིམས་འཆར་གཏན་འབེབས་གནང་ཐབས་ཡོང་བ་དང་། རིན་པོ་ཆེ་༸གང་ཉིད་མཆོག་དགུང་ལོ་ ༦ ནས་ད་བར་མི་ལོ་ ༢༩ རིང་ཆོས་དད་རང་མོས་དང་བྱིས་པའི་ཐོབ་ཐང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩ་བ་ནས་མེད་པར་ངོས་བཞེས་མཚོན་རྟགས་ཀྱི་གཟེངས་རྟགས་རིགས་འབུལ་ཐབས་ཡོང་བ། ༸གང་ཉིད་གློད་བཀྲོལ་ཆེད་ཆེ་མཐོང་རྒྱབ་སྐྱོར་མཚོན་ཕྱིར་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩིའི་ལས་འགུལ་སྤེལ་གནང་ཡོང་བ། དེ་བཞིན་༸གང་ཉིད་ཀྱི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་དབུ་འཛིན་བྱ་བྲལ་རིན་པོ་ཆེ་མཆོག་གིས་གཙོས་པའི་ཆབ་སྲིད་བཙོན་ཟུར་རྣམས་གློད་བཀྲོལ་ཡོང་ཐབས་སུ་རྒྱབ་སྐྱོར་གྱིས་བོད་ནང་རང་ལུས་མེར་བསྲེག་སོགས་ཀྱི་གནད་དོན་མང་པོ་བྱུང་ཡོད་སྟབས། བོད་ནང་གི་དོངས་ཡོད་དཀའ་ངལ་ཁག་མྱུར་དུ་སེལ་ཐབས་སུ་སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེན་གནང་སྐྱོང་ཡོང་བ། བོད་མི་མང་གི་མངོན་འདོད་༸རྒྱལ་བ་རིན་པོ་ཆེ་མཆོག་མྱུར་དུ་བོད་ལ་ཞབས་སོར་བདེ་བར་འཁོད་ཐབས་ཐོག་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་གཉིས་སྨན་དབུ་མའི་ལམ་གྱི་བོད་དོན་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་ཡོང་བ་བཅས་འཁོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།