བལ་ཡུལ་དུ་འཚོག་འཆར་ཡོད་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་རྒྱ་ནག་གཞུང་ཚབ་ཀྱིས་བློ་འཚབ་ཐོག་གོ་སྒྲིག་ཚོགས་ཆུང་གིས་དགག་ལན་བསྐྱོན་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

རིང་མིན་ཟླ་བ་བརྒྱད་པའི་ནང་བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་འཚོག་གཏན་འཁེལ་བར། བལ་ཡུལ་གནས་འཁོད་རྒྱ་ནག་གི་གཞུང་ཚབ་ཀྲང་ནའོ་མིང་(Zhang Maoming)གིས་ཚོགས་འདུ་དེ་ཉིད་ཆབ་སྲིད་དང་འབྲེལ་བ་ཡོད་སྲིད་པའི་སེམས་འཚབ་བསྟན་ཡོད་ནའང་། ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གིས་ཞིབ་འཇུག་ཚོགས་འདུ་དེ་ནི་ཤེས་རིག་ཁོ་ནའི་སྡིངས་ཆ་ཞིག་ཡིན་ཞེས་དགག་ལན་བསྐྱོན་འདུག

དེ་ཡང་ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༣ ནས་ ༢༩ བར་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དེ་འཚོག་གཏན་འཁེལ་ཡོད་པ་དང། ཚོགས་འདུའི་ཐོག་འཛམ་གླིང་རྒྱལ་ཁབ་ ༣༢ ནས་བོད་རིག་པའི་མཁས་དབང་བཅུ་ཕྲག་ཁ་ཤས་འདུ་འཛོམས་གནང་གི་ཡོད་པ་མ་ཟད། རྒྱ་ནག་ནས་ཀྱང་མཁས་པ་ཁ་ཤས་མཉམ་ཞུགས་གནང་གི་ཡོད་པ་རེད་འདུག

ཀ་ཐ་མན་གྲུ་པོསྚ་(The Kathmandu Post)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གི་གཞུང་ཚབ་ཀྲང་ནའོ་མིང་གིས་བལ་ཡུལ་ཕྱི་སྲིད་དྲུང་ཆེ་ཨམ་རིཏ་བྷ་ཧ་དུར་རའི་(Amrit Bahadur Rai)དང་ཐུག་འཕྲད་བྱས་ཏེ། བལ་ཡུལ་ནང་འཚོག་འཆར་ཡོད་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐོག་རྒྱ་ནག་ལ་སྐྱོན་བརྗོད་དང་བོད་དོན་ཆབ་སྲིད་གླེང་སྲིད་པས། དེ་དོན་བལ་ཡུལ་གཞུང་ནས་དོ་ཁུར་དགོས་པའི་སེམས་འཚབ་བསྟན་ཡོད་པ་བརྗོད་འདུག

རྒྱ་ནག་གཞུང་ཚབ་ཀྱིས་ཚོགས་འདུ་དེའི་སྐོར་ངག་ཐོག་ནས་བློ་འཚབ་བསྟན་པ་ཙམ་ལས་དངོས་སུ་ཞུ་ཡིག་བཏང་མི་འདུག་ལ། ཚོགས་འདུ་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཡང་བྱས་མི་འདུག

བལ་ཡུལ་གཞུང་ངོས་ནས་གནད་དོན་དེའི་སྐོར་ད་བར་གཞུང་འབྲེལ་གསལ་བཤད་གང་ཡང་གནང་མི་འདུག

ཚོགས་འདུའི་གཙོ་སྐྱོང་བ་ཀ་ཐ་མན་གྲུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སཱ་གར་ཤར་མ་ཡིས། ཚོགས་འདུ་དེ་ནི་བོད་དོན་ལ་རྒྱབ་སྐྱོར་གྱི་འདུ་འཛོམས་ཤིག་མ་ཡིན་པར། དེའི་ནང་དུ་རྒྱ་ནག་གི་མཁས་པའང་མང་པོ་མཉམ་ཞུགས་བྱེད་ཀྱི་ཡོད་ལ། དེའི་སྐོར་རྒྱ་ནག་གཞུང་ཚབ་ཁང་གིས་ཀྱང་ཤེས་ཀྱི་ཡོད་པར་བརྗོད་འདུག

སྤྱིར་རྒྱ་ནག་གཞུང་གིས་བལ་ཡུལ་ནང་བོད་མིའི་ཆབ་སྲིད་རང་དབང་ལ་དམ་བསྒྲགས་བྱ་རྒྱུར་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲོད་མུས་ཡིན་ནའང་། ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བལ་ཡུལ་ནང་བོད་མིའི་ཆོས་དད་དང་། རིག་གཞུང་རྒྱུན་འཛིན་དར་སྤེལ་གྱི་ལས་གཞི་ཁག་ལའང་དམ་བསྒྲགས་བྱ་རྒྱུར་གནོན་ཤུགས་སྤྲོད་འགོ་བཙུགས་ཡོད།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ཁས་ལེན་བྱས་ཡོད་སྟབས། བལ་ཡུལ་ནང་རྒྱ་ནག་ལ་གནོད་པའི་ལས་འགུལ་རིགས་དང་། ལྷག་པར་དུ་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུར་དམ་བསྒྲགས་བྱེད་ཀྱི་ཡོད། དེ་ཡང་གཙོ་བོ་བལ་ཡུལ་དེ་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གི་བར་དུ་གནས་ཡོད་དུས་ས་ཁམས་ཆབ་སྲིད་དང་དཔལ་འབྱོར་ཐོག་ནས་རྒྱ་ནག་ལ་མ་བརྟེན་རང་བརྟེན་ཆགས་ཡོད་པས། རྒྱ་ནག་གི་གནོན་ཤུགས་འོག་སྒུར་དགོས་ཐུག་གི་ཡོད། དེ་མིན་བལ་ཡུལ་གཞུང་གིས་བཙན་བྱོལ་བོད་མིར་མ་དགའ་བའི་རྣམ་པའི་ཐོག་ནས་དམ་བསྒྲགས་བྱས་པ་ཞིག་མིན། ཞེས་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ལྟ་བུ་ལའང་རྒྱ་ནག་གཞུང་གིས་སེམས་འཚབ་བསྟན་པ་དེས་རྒྱ་ནག་གཞུང་གིས་བལ་ཡུལ་ནང་དུ་རྒྱ་ནག་གི་བཤད་ཚུལ་དང་མི་མཐུན་པའི་ལོ་རྒྱུས་དང་། རིག་གཞུང་བགྲོ་གླེང་བྱ་འཇུག་འདོད་མེད་པ་གསལ་པོ་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་གིས་གནད་དོན་དེའི་སྐོར་བློ་འཚབ་ཙམ་ལས་བསྟན་མེད་ནའང་། མ་འོངས་པར་དེ་ལྟ་བུའི་ཚོགས་འདུ་འཚོག་རྒྱུར་གནོན་ཤུགས་དམ་བསྒྲགས་བྱེད་ཀྱང་སྲིད་པ་རེད་ཅེས། ༡༠༨ ཞི་བདེ་བསྟི་གནས་ཁང་གི་ཉམས་ཞིབ་པ་ཡེ་ཤེས་ཟླ་བ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག

རྩ་བའི་ཕྱི་ལོ་ ༢༠༢༥ ལོར་བལ་ཡུལ་ནང་གཞི་རྒྱ་ཆེ་བའི་གཞོན་སྐྱེས་ཀྱི་ངོ་རྒོལ་བྱུང་རྗེས། རྒྱ་ནག་དང་འབྲེལ་ཐག་ཉེ་བའི་དམར་ཤོག་སྲིད་གཞུང་མགོ་རྟིང་ལོག་པ་དང་། ཕྱི་ལོ་ ༢༠༢༦ ཟླ་བ་ ༣ པའི་ནང་རྒྱལ་ཡོངས་རང་དབང་ཚོགས་པར་(Rastriya Swatantra Party)རྒྱལ་ཡོངས་འོས་བསྡུ་ཆེན་མོར་རྒྱལ་ཁ་ཐོབ་པས། ཆབ་སྲིད་ཀྱི་གནས་སྟངས་གསར་པ་དེའི་འོག་ཏུ། བལ་ཡུལ་ནང་རྒྱ་ནག་གི་ཁ་གཏད་ལས་འགུལ་སྤེལ་ཤུགས་ཆེ་རུ་འགྲོ་སྲིད་པའི་འཇིགས་སྣང་གིས།  བལ་ཡུལ་དམར་ཤོག་སྲིད་དོན་ཚོགས་པ་ཁག་དང་། རྒྱ་ནག་གཞུང་གིས་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་དང་འབྲེལ་བའི་ལས་འགུལ་ཕལ་ཆེ་བ་རྒྱ་ནག་གི་ཁ་གཏད་ལས་འགུལ་ཡིན་ཁུལ་གྱི་འགྲེལ་བཤད་ལོག་པ་རྒྱག་གི་ཡོད།

དེ་མ་ཟད་འདི་ལོར་འཚོག་འཆར་ཡོད་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་དེ་ལའང་ཆབ་སྲིད་ཀྱི་གནད་འགག་ཡོད་སྲིད་པའི་དོགས་གཞིའི་འོག རྒྱ་ནག་གཞུང་ཚབ་ཁང་གིས་སྔོན་ཚུད་ནས་བལ་ཡུལ་གཞུང་ལ་སེམས་འཚབ་བསྟན་པ་དེ། རྒྱ་ནག་གི་འདོད་བློར་མེད་པའི་བརྗོད་གཞི་ཁག་གི་ཐོག་བགྲོ་གླེང་བྱ་རྒྱུར་བཀག་འགོག་བྱ་རྒྱུའི་ཆེད་ཡིན་སྲིད་པ་དང་། གལ་ཏེ་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བགྲོ་གླེང་གི་བརྗོད་གཞིར་འགྱུར་བ་གཏོང་དགོས་ཐུག་ན། ཞིབ་འཇུག་བགྲོ་གླེང་དེའི་རང་དབང་གནས་ཚད་དང་ཆེ་མཐོང་ལའང་དོ་ཕོག་འགྲོ་སྲིད་པའི་ཉེན་ཁ་ཡོད་སྐོར་གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

གཞི་རྩའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་དེ་བཞིན་ཕྱི་ལོ་ ༡༩༧༩ ལོར་དབྱིན་ཡུལ་གྱི་ཨོག་སི་ཧྤོཊ་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། སྐད་ཡིག སྒྱུ་རྩལ་ཐོག་ཉམས་ཞིབ་བྱེད་མཁན་གྱི་ཚོགས་པའི་ངོ་བོར་བཙུགས་པ་ཞིག་ཡིན་པ་དང་། ད་བར་ཞིབ་འཇུག་ཚོགས་པ་དེས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་དྲུག་བསྐོང་ཟིན་འདུག ཚོགས་འདུའི་གསལ་བསྒྲགས་ལྟར་ན། འདི་ལོའི་ཚོགས་འདུ་ཐེངས་བཅུ་བདུན་པ་དེ་ཀ་ཐ་མན་གྲུ་གཙུག་ལག་སློབ་གྲྭ་ཆེན་མོའི་ཧི་མ་ལ་ཡ་ཨེ་ཤི་ཡའི་རིག་གནས་ལྟེ་གནས་ཁང་(HiCAS) དང་། ཀ་ཐ་མན་གྲུ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་པའི་ཆོས་རིག་(KU-CBS at RYI)ལྟེ་གནས་ཁང་རང་བྱུང་ཡེ་ཤེས་སློབ་གླིང་གཉིས་ཀྱིས་གོ་སྒྲིག་གནང་གི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།