Tibetan Royal Year of 2151 | Year of the Wood Dragon

བལ་ཡུལ་སྲིད་བློན་གཞོན་པ་ལྷ་སར་ཆེད་བསྐྱོད་ཀྱིས་ས་མཚམས་ཀྱི་འགག་སྒོ་ ༡༤ ཕྱེ་དགོས་པའི་ཞུ་འབོད་གནང་འདུག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བལ་ཡུལ་གྱི་སྲིད་བློན་གཞོན་པ་སྐུ་ཞབས་ Shrestha ལགས་བོད་ཀྱི་རྒྱལ་ས་ལྷ་སར་ཆེད་བསྐྱོད་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang yi དང་ཆེས་མཐོའི་འགོ་ཁྲིད་ཁག་གཅིག་ལྷན་དུ་ཐུག་འཕྲད་ཁྲོད་རྒྱ་གཞུང་ནས་བལ་བོད་ས་མཚམས་ཀྱི་འགག་སྒོ་ ༡༤ ཕྱེ་དགོས་པའི་ཞུ་འབོད་གནང་འདུག

Nepal Appeal

སྐུ་ཞབས་ Narayan Kaji Shrestha ལགས་ནི་ཟླ་བ་འདིའི་ཟླ་སྟོད་དུ་བལ་ཡུལ་གྱི་སྲིད་བློན་མཆོག་གིས་ཡུལ་དེའི་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་དུ་བསྐོ་གཞག་གནང་བ་ཞིག་ཡིན་པ་དང་། ཁོང་གིས་གོ་གནས་དེ་བཞེས་མ་ཐག་བལ་ཡུལ་ཕྱི་ཕྱོགས་ཡུལ་གྲུ་ཁག་གི་གཞུང་འབྲེལ་འཚམས་གཟིགས་དང་པོ་རྒྱ་ནག་ལ་ཕེབས་རྒྱུའི་ཐག་གཅོད་ལྟར། ཟླ་བ་སྔོན་མའི་ཚེས་ ༢༥ ནས་ད་རིང་ཕྱི་ཟླ་ ༤ ཚེས་ ༡ བར་གྱི་འཚམས་གཟིགས་ཁྲོད། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་བོད་ཀྱི་རྒྱལ་ས་ལྷ་ས་བཅས་སུ་ཕེབས་ཏེ་གནས་ཡོད་དཔོན་རིགས་ཁག་གཅིག་མཇལ་འཕྲད་གནང་བ་མ་ཟད། གནས་ཆེན་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་ཡང་ཆེད་ཕེབས་གནང་ཡོད་པ་རེད་འདུག

ཁ་སང་བལ་ཡུལ་གྱི་གསར་ཁང་གྲགས་ཅན་ Kathmandupost ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྐུ་ཞབས་ Shrestha ལགས་ནས་ལྷ་སའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wang Junzheng དང་ཐུག་འཕྲད་ཁྲོད་གཙོ་བོ་བལ་བོད་ས་མཚམས་ཀྱི་འགག་སྒོ་ ༡༤ ཕྱེ་དགོས་པའི་ཞུ་འབོད་དང་འབྲེལ། དེའང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་དཔལ་འབྱོར་གོང་འཕེལ་ཁོ་ནའི་སླད་མ་ཡིན་པར། ས་གནས་ས་ཐོག་གི་མི་མང་འགྲོ་བསྐྱོད་སླད་ཕྱེ་དགོས་པའི་ཞུ་སྐུལ་གནང་འདུག

Nepal Appeal

གནད་དོན་དེ་དང་འབྲེལ་ལྷ་སར་ཡོད་པའི་བལ་ཡུལ་གཞུང་ཚབ་ལས་ཁང་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཐེངས་དེའི་ཐུག་འཕྲད་སྐབས་བལ་ཡུལ་གྱི་བློན་ཆེན་གཞོན་པ་ནས་བལ་ཡུལ་གྱི་ཚོང་པ་གཙོས་ས་གནས་མི་རྣམས་ཕར་འགྲོ་ཚུར་འོང་ཆེད་ས་མཚམས་ཀྱི་འགག་སྒོ་ ༡༤ དེ་དག་ཕྱེ་དགོས་པའི་འབོད་སྐུལ་ཞུས་པ་ཙམ་མ་ཟད། རྒྱ་ནག་དང་བལ་ཡུལ་དབར་ལོ་ཤས་གོང་ནས་འཕྲད་བཞིན་པའི་ཚོང་འབྲེལ་གྱི་དཀའ་ངལ་ཁག་སེལ་ཐབས་དང་། ལྷག་པར་རྒྱ་ནག་གཞུང་ཕྱོགས་ནས་དེ་སྔ་ཚོང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་བཀག་འགོག་བྱས་པ་རྣམས་རྒྱུན་འཁྱོངས་བྱ་རྒྱུ། དེ་བཞིན་བལ་ཡུལ་གྱི་རྒྱལ་ས་Kathmandu ནས་ལྷ་ས་བར་སྤྱི་སྤྱོད་རླངས་འཁོར་གྱི་འགྲིམ་འགྲུལ་དེ་ཉིད་མུ་མཐུད་བསྐྱོད་ཆོག་པའི་འབོད་སྐུལ་དང་ཆབས་གཅིག་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཁེ་ཕན་གཙོར་བཟུང་གིས་འབྲེལ་ལམ་མུ་མཐུད་བཟང་ཕྱོགས་སུ་གཏོང་རྒྱུའི་གྲོས་མོལ་སོགས་བྱུང་ཡོད་པ་རེད་འདུག

བལ་ཡུལ་བློན་ཆེན་གཞོན་པས་ཐེངས་འདིའི་རྒྱ་ནག་ནང་གི་འཚམས་གཟིགས་ཁྲོད་ཡུལ་དེའི་ཕྱི་སྲིད་བློན་ཆེན་ Wang yi དང་ཐུག་འཕྲད་བྱས་པའི་སྐབས་སུའང། གོང་ཞུས་གནད་དོན་དང་འབྲེལ་གྲོས་བསྡུར་བྱས་ཡོད་པ་མ་ཟད། ཐུག་འཕྲད་དེ་དང་འབྲེལ་རྒྱ་ནག་ཏུ་ཡོད་པའི་བལ་ཡུལ་གྱི་གཞུང་ཚབ་ཆེན་མོ་ Chen Song ཟེར་བས་རྒྱ་བལ་གཉིས་ཀྱི་འགོ་ཁྲིད་ཚོས་གྲོས་མཐུན་ཁག་ལ་མོས་མཐུན་བྱས་པ་བཞིན་ས་མཚམས་ཀྱི་འགག་སྒོ་ ༡༤ དེ་དག་གང་མགྱོགས་ཕྱེ་རྒྱུའི་ཐག་གཅོད་བྱུང་ཡོད་པ་བཀོད་འདུག

རྩ་བའི་རྒྱ་ནག་ནི་བལ་ཡུལ་གྱི་ཚོང་འབྲེལ་རྒྱལ་ཁབ་ཆེ་གྲས་ཤིག་ཆགས་ཀྱི་ཡོད་པ་དང་། དེ་སྔ་ནས་རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམས་བོད་ཀྱི་རྒྱལ་ས་ལྷ་སར་དངོས་སུ་མཉམ་འཛོམས་ཐོག་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་དང་ཆབ་སྲིད་དེ་བཞིན་ས་མཚམས་སོགས་ཀྱི་ཐོག་ལ་གྲོས་བསྡུར་ལན་མང་བྱུང་བཞིན་ཡོད་ཀྱང་། གནད་དོན་དེ་དག་ཐད་མུ་མཐུད་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།