བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྦག་སྦག་སྐོར་བསྐྱོད་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་རྟ་དབང་ནས་ཨི་ཊ་ན་གཱར་ཕྱོགས་བཞིན་པ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

ཟླ་བ་འདིའི་ཚེས་ ༢༢ ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་བོད་དོན་དྲིལ་བསྒྲགས་ཀྱི་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དེ་འཕགས་བོད་གཉིས་ཀྱི་ས་མཚམས་རྟ་དབང་གི་འབུམ་ལ་ནས་འགོ་འཛུགས་གནང་ཡོད་ཅིང་། རིམ་པའི་སྐེས་འཛེགས་མ་ཎི་དང་དྷི་རང་། དེ་བཞིན་འབུམ་དྷི་ལའི་བརྒྱུད་དེ་རིང་ཨི་ཊ་ན་གར་བསྐྱོད་བཞིན་ཡོད་པ་རེད་འདུག

དེ་ཡང་ཕྱི་ཚེས་ ༢༢ ཉིན་འཕགས་བོད་ས་མཚམས་འབུམ་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྦག་སྦག་སྐོར་བསྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེ་བཞིན་འཕགས་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་ Pankaj Goyal པན་ཀ་ཇི་གོ་ཡལ་ལགས་ཀྱིས་དབུ་འབྱེད་གནང་ཡོད་པ་དང་འབྲེལ། འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་སྐབས་དེར་བོད་ཀྱི་གཞོན་ནུའི་ལས་འགུལ་བ་རྣམས་བོད་ཀྱི་ས་ཕྱོགས་སུ་ཡོད་པའི་རྒྱ་དམག་མདུན་སར་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། བོད་རང་བཙན་རྒྱལ་ལོ། བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཡོད་པ་དང་། ལྷག་པར་ཕ་ཡུལ་ཕྱོགས་སུ་རྒྱང་ལྟ་བྱས་ཏེ། དྲན་གདུང་དང་གུས་ཕྱག་གིས་གཞིས་བཞུགས་ཆོལ་གསུམ་སྤུན་ཟླ་ཡོངས་ཀྱི་རེ་སྨོན་མྱུར་དུ་འགྲུབ་ཕྱིར་སེམས་ཚོར་ཆེན་པོས་༸རྒྱལ་བའི་གསོལ་འདེབས་འདོན་རྒྱུ་བྱུང་ཡོད་པ་འགྲེལ་བརྗོད་གནང་སོང་།

ཉིན་དེར་བོད་གཞོན་ནུའི་ཚོགས་གཙོ་གཙོས་པའི་ལས་འགུལ་བ་རྣམས་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་དབུ་འཛིན་འཇམ་དཔལ་དབང་འདུས་ལགས་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་གླེང་སློང་དང་རྒྱབ་སྐྱོར་ཀྱི་རྣམ་པ་གསལ་སྟོན་གནང་ཡོད་པ་མ་ཟད། ཚེས་ ༢༣ ཉིན་ལས་འགུལ་བ་རྣམས་རྟ་དབང་གི་སངས་རྒྱས་སྐྱིད་ཚལ་ནས་འཕགས་བོད་འབྲེལ་མཐུད་ཚོགས་པ་དང་ལྷན་མཉམ་འཛོམས་ཀྱིས་རྒྱལ་པོ་ཀ་ལ་དབང་པོའི་ཚོགས་ཁང་བར་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་སྤེལ་ཡོད་ཅིང་། སྐབས་དེར་མངའ་སྡེའི་བློན་ཆེན་ T.N. Thongdok བསྟན་འཛིན་ནོར་བུ་མཆོག་དང་། དམིགས་བསལ་སྐུ་མགྲོན་ B. Langki Pancho ལིང་ཀི་འཕགས་མཆོག དེ་བཞིན་མངའ་སྡེའི་གྲོས་ཚོགས་འཐུས་མི་ཚེ་བརྟན་ཆོས་འཕེལ་ལགས། འཕགས་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་ Pankaj Goyal པན་ཀ་ཇི་གོ་ཡལ་ལགས་སོགས་ཕེབས་འདུག

འདི་ག་རླུང་འཕྲིན་ཁང་ལ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་འགྲེལ་བརྗོད་གནང་དོན་དུ་སྐབས་དེར་སྐུ་མགྲོན་རྣམ་པས་བོད་དོན་བདེན་མཐའ་མ་སེལ་བར་དུ་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་ལས་འགུལ་མུ་མཐུད་སྤེལ་དགོས་གལ་ཡིན་པ་སོགས་གསུང་ཡོད་པ་འགྲེལ་བརྗོད་གནང་སོང་། ཁོང་གིས་མུ་མཐུད་དེ་ཕྱི་ཚེས་ ༢༤ ཉིན་རྟ་དབང་ཁུལ་གྱི་སྐེས་འཛེགས་མ་ཎི་ཞེས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བྲོལ་བྱོལ་རྗེས་རྒྱ་གར་གྱི་ས་ཐོག་དུ་ཐོག་མ་ཞབས་སོར་འཁོད་པའི་གནས་སུ་༸རྒྱལ་བའི་སྐུ་ཚེ་བརྟན་ཆེད་དང་བོད་རང་བཙན་སླར་གསོའི་དོན་དུ་སྨོན་ལམ་གསོག་སྒྲུབ་ཀྱིས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱལ་དར། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་དར་བཅས་འཕྱར་ཏེ་ལས་འགུལ་དམིགས་བསལ་ཅན་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་སོང་།

ལྷག་པར་ཁ་སང་སྟེ། ཕྱི་ཚེས་ ༢༥ ཉིན་ལས་འགུལ་བ་རྣམས་རྟ་དབང་ནས་ཐོན་ཏེ་དྷི་རང་བརྒྱུད། འབུམ་སྡེ་ལར་འབྱོར་ཡོད་པ་དང་། ལམ་བར་དུ་བི་ཇེ་པི་ཆབ་སྲིད་ཚོགས་པའི་ས་གནས་ཀྱི་དཔོན་རིགས་ཁག་དང་ས་གནས་གཞོན་ལྷན་རྒྱུན་ལས་སོགས་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། དེ་རིང་འབུམ་སྡེ་ལ་ནས་ཐོན་ཏེ་ Tezpur ཏེཛ་པུར་དུ་བོད་དོན་དྲིལ་བསྒྲགས་ཀྱི་གསར་འགོད་ལྷན་ཚོགས་ཤིག་ཚོགས་ཡོད་ཅིང་། ཕྱི་དྲོ་ Itanagar ཨི་ཊ་ན་གཱར་དུ་ཞག་སྡོད་གནང་གི་ཡོད་པ་རེད་འདུག

གཞི་རྩའི་ཐེངས་འདིའི་ལས་འགུལ་ནང་ལོ་ན་ ༢༠ ནས་ ༤༠ བར་གཞོན་སྐྱེས་ཁྱོན་ ༡༥ ཙམ་ནས་མཉམ་ཞུགས་གནང་ཡོད་པ་དང་། དེ་ཡང་ཟླ་བ་གཉིས་རིང་རྒྱ་གར་གྱི་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་མངའ་སྡེ་ ༢༠ ནང་དགོས་འདུན་གཙོ་བོ་གསུམ་སྟེ། རྒྱ་ནག་གཞུང་གིས་བོད་ནང་རིག་གཞུང་རྩ་གཏོར་གྱིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་རྣམས་འཕྲལ་མར་མཚམས་འཇོག་དགོས་ཤིང་དེར་རྒྱ་གར་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དགོས་པ། དེ་བཞིན་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། རྒྱ་གར་གཞུང་དམངས་གཉིས་ནས་རྒྱ་གར་གྱི་བདེ་འཇགས་དང་ཞི་བདེ་སོགས་ལ་དམིགས་ཏེ་བོད་རང་བཙན་གྱི་བདེན་པའི་གནས་བབ་ལ་རྒྱབ་སྐྱོར་གྱིས་གྲོས་ཆོད་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ། ལྷག་པར་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་རྩ་གཏོར་གཏོང་བའི་ལས་གཞི་རྒྱ་ཆེར་སྤེལ་གྱི་ཡོད་སྟབས། རྒྱ་གར་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དགོས་པ་བཅས་ལ་དམིགས་ཏེ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026