Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ལ་གཅར་རྡུང་དྲག་པོ་བཏང་རྐྱེན་གཟུགས་གཞི་གནས་སྟངས་ཛ་དྲག་ཏུ་གྱུར་བ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དབང་ཆེན་ལགས་རྒྱ་གཞུང་གི་ཆོག་མཆན་ཡིག་ཆ་མེད་པར་བོད་ཀྱི་རྒྱལ་ས་ལྷ་སར་གནས་མཇལ་དུ་བསྐྱོད་སྟབས་ཉེན་རྟོག་པས་གཅར་རྡུང་དྲག་པོ་བཏང་རྐྱེན་གྲོད་ཁོག་སོགས་བསྐྲངས་པར་བརྟེན་ད་ལྟའི་ཆར་གཟུགས་གཞིའི་གནས་སྟངས་ཛ་དྲག་ཏུ་གྱུར་ནས་སེ་རའི་གཤམ་གི་དམག་གི་སྨན་ཁང་དུ་སྨན་བཅོས་གནང་བཞིན་ཡོད་པ་རེད།

གཞོན་ནུ་དབང་ཆེན་ལགས་ནི། ཕྱི་ལོ་ ༢༠༡༩ ལོར་ཕྱག་རོགས་གསུམ་དང་ལྷན་རི་ལ་བསང་གསོལ་གཏོང་སྐབས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རིན་པོ་ཆེ་གློད་བཀྲོལ་དགོས་པ་དང་༸རྒྱལ་བ་༸པཎ་ཆེན་རྣམ་གཉིས་བོད་དུ་ཞལ་འཛོམས་དགོས་སྐོར་སྐད་འབོད་གནང་བར་བརྟེན་རྒྱ་གཞུང་གིས་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ ནང་གློད་བཀློལ་བཏང་ཡོད་ཀྱང་རྒྱ་ནག་གཞུང་གིས་ཁོང་གི་ཐོབ་ཐང་དཔང་ཡིག་དང་ཡིག་ཆ་གཞན་རྣམས་ཕྱིར་བསྡུ་བྱས་འདུག  

ཁ་སང་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ཚེ་ཆབ་སྲིད་བཙོན་ཟུར་གཞོན་ནུ་དབང་ཆེན་ལགས་འདི་ལོའི་ཕྱི་ཟླ་ ༤ ནང་བཙོན་གྲོལ་ཐོབ་རྗེས་ཕྱི་ཟླ་ ༦ ནང་རང་ཉིད་ཀྱི་ནང་མི་དང་ལྷན་དུ་ལྷ་སར་གནས་སྐོར་དུ་ཕེབས་སྐབས་ལྷ་སའི་ཉེན་རྟོག་པས་ཁོང་ལ་ཡིག་ཆ་མེད་པའི་ཁར་གོང་རིམ་ལའང་ཆོག་མཆན་མ་ཞུས་པར་ས་གནས་གཞན་དུ་ཕེབས་ཡོད་སྐོར་སོགས་ཀྱི་ཉེས་མིང་འོག་གཅར་རྡུང་དྲག་པོ་བཏང་སྟེ་ཕྱིར་ཕ་ཡུལ་དུ་འཁྲིད་རྩིས་བྱས་ཏེ་གནམ་ཐང་དུ་འབྱོར་སྐབས་ཁོང་གི་ཕོ་བར་ན་ཟུག་ཆེན་པོ་ལངས་སྟབས་གནམ་ཐང་གི་བདེ་འཇགས་ཚན་པས་སྨན་པའི་ཡིག་ཆ་མེད་པར་གནམ་གྲུའི་ནང་བསྐྱོད་ནས་གྲོངས་ཚེ་དེའི་འགན་འཁུར་ཐབས་མེད་སྐོར་བཤད་ཡོད་སྟབས། རྒྱ་གཞུང་ཉེན་རྟོག་པས་ཐད་ཀར་སྨན་ཁང་དུ་འཁྲིད་ནས་བརྟག་དཔྱད་གནང་སྐབས་ཕོ་བར་རྨས་སྐྱོན་ཆེན་པོ་ཕོག་ཡོད་པ་ཤེས་རྟོགས་བྱུང་འདུག

གཞི་རྩའི་ས་གནས་རྒྱ་གཞུང་ཉེན་རྟོག་པས་དབང་ཆེན་ལགས་དང་ཁོང་གི་རོགས་པ་བློ་བཟང་ལགས་དང་ཡོན་ཏན་ལགས། གཞན་ཞིག་བཅས་གཞོན་སྐྱེས་བཞིས་རི་རྩེར་བསང་གསོལ་གཏོང་སྐབས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རིན་པོ་ཆེ་གློད་བཀྲོལ་དགོས་པ་དང་༸རྒྱལ་བ་༸པཎ་ཆེན་རྣམ་གཉིས་བོད་དུ་ཞལ་འཛོམས་དགོས་སྐོར་སྐད་འབོད་གནང་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་དང་། ཟླ་དྲུག་གི་རྗེས་སུ་བློ་བཟང་ལགས་དང་ཡོན་ཏན་ལགས་གཉིས་གློད་བཀློལ་བཏང་ཡོད་པ་རེད། འོན་ཀྱང་དབང་ཆེན་ལགས་ལོ་བཞིའི་བཙོན་འཇུག་བྱས་ཏེ་འདི་ལོའི་ཕྱི་ཟླ་ ༤ ནང་གློད་བཀློལ་བཏང་ཡོད།

ཕྱི་ལོ་ ༢༠༡༩ ཟླ་ ༥ ནང་དབང་ཆེན་ལགས་ཀྱི་ཨ་ནེ་སྒྲོལ་དཀར་ལགས་ཀྱིས་ཁོང་གསུམ་འཛིན་བཟུང་བྱས་པའི་གནས་ཚུལ་ཡོངས་གྲགས་གནང་བའི་ཉེས་མིང་འོག་ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༥ ཉིན་གྱི་ཕྱི་དྲོར་སྔོན་བརྡ་གང་ཡང་མེད་པར་ཕྱིར་རང་ཁྱིམ་དུ་བསྐྱལ་ཡོད་ཀྱང་། བཙོན་ཁང་དུ་ས་བརྐོ་རྡོ་སློག་སོགས་ཀྱི་ངལ་རྩོལ་གྱི་ལས་རིགས་གཉེར་དྲག་པར་བརྟེན་ཁོང་གི་གཟུགས་གཞིའི་གནས་སྟངས་ཆེས་ཞན་པོ་གྱུར་བ་མ་ཚད་པར་རྐང་ལག་བརྐྱང་བསྐུམ་སོགས་གནང་དཀའ་བའི་གནས་སྟངས་གྱུར་ཡོད་པའི་གནས་ཚུལ་ཐོན་ཡོད། པར་བདག་དབང་བོད་ཀྱི་དུས་བབ།

འབྲེལ་ཡོད་གསར་གནས།

གསར་གནས།