Tibetan Royal Year of 2151 | Year of the Wood Dragon

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་༸རྒྱལ་བའི་བརྟན་བཞུགས་ཀྱི་སྒྲུབ་ཞག་དབུ་འཛུགས།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

དྷ་ས་རིགས་སློབ་མ་ལག སེར་བྱེས་ཧར་གདོང་ཁང་ཚན། རྫོང་འགོ་ལྷ་ངམ་ཕུན་གསུམ། དེ་བཞིན་བོད་མིའི་ཚོང་ལས་བདེ་ཚོགས་བཅས་ཚོགས་པ་བཞིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དངོས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད།

སྐབས་དེའི་༸རྒྱལ་བའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་འབྲེལ་བའི་ཐུན་མོང་གི་སྔོན་འགྲོའི་ཆོ་ག་ཁག་ཅིག་བདུན་ཕྲག་གཅིག་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནང་གཏན་ཁེལ་ཡོད་པ་བཞིན། དེ་རིང་ཕྱི་ཚེས་ ༡༩ ཉིན་ནས་དབུ་འཛུགས་ཀྱིས་ཁྱོན་གཟའ་འཁོར་གཅིག་རིང་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཞྭ་སེར་བསྟན་པའི་མངའ་བདག་འཇམ་མགོན་༸རྒྱལ་བའི་༸རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་༸སྐུ་ཚབ་ཏུ་སེ་ར་ཧར་གདོང་ཀེའུ་ཚང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བརྟན་བཞུགས་ཀྱི་སྒྲུབ་ཞག་གནང་བཞིན་ཡོད་པ་དང་། བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་སོ་སོས་ཐེངས་འདིའི་༸རྒྱལ་བའི་བརྟན་ཞུགས་ལ་སྨན་པའི་༸སྐུ་ཚེའི་ཚེ་སྒྲུབ་སོགས་ཀྱི་ཆོ་ག་འདྲ་མིན་གནང་དང་གནང་རེད་འདུག

ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་ཀྱི་འབུལ་རྫས་གཙོ་བོ་ནི་ སྐུ་གསུང་ཐུགས་རྟེན་མཚོན་བྱེད་དུ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་འདྲ་སྐུ་དང༌གསུང་རབ་གླེགས་བམ། མཆོད་རྟེན་བཅས་དང་། དེ་བཞིན་འབྲུ་སྣ་ལྔ་དང་རིན་ཆེན་སྣ་ལྔ། བཀྲིས་རྫས་བརྒྱད་སོགས་ཆགས་ཀྱི་འདུག

༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་རྒྱར་༸གོང་ས་མཆོག་གི་མཛད་འཆར་ཐུགས་གཏན་ཁེལ་ཁག་ཡོངས་གྲགས་གནང་བར་གཞིགས་ན། ཕྱི་ཟླ་ ༡༡ ཚེས་ ༢༦ ནས་ཕྱི་ཟླ་ ༡༢ ཚེས་ ༡༣ བར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་སྦེལ་ཀོབ་དང་ཧུན་སུར་གཉིས་སུ་བཀའ་ཆོས་དང་བཀའ་དབང་། དེ་བཞིན་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ཟླ་ ༡༢ ཚེས་ ༢༩ དང་ ༣༡ བར་བཀའ་ཁྲིད་དང་རྗེས་གནང་། ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡ ཚེས་ ༡ སྟེ་ཕྱི་ལོ་གསར་ཚེས་ཉིན་བརྟན་བཞུགས་སོགས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།