Tibetan Royal Year of 2151 | Year of the Wood Dragon

བོད་དོན་གཏམ་བཤད་ཀྱི་སྐོར་སྐྱོད་ལས་འགུལ་སྤེལ་བཞིན་པ་བསྟན་འཛིན་བརྩོན་འགྲུས་ལགས་ནོར་ཝེ་ནང་ལ་འབྱོར་འདུག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

རྩོམ་པ་པོ་དང་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཟླ་ ༤ ཚེས་ ༢ ཉིན་ཡོ་རོབ་སུད་སི་རྒྱལ་ཁབ་ནས་འགོ་འཛུགས་ཀྱིས་ཡོ་རོབ་ནང་གི་རྒྱལ་ཁབ་མི་ཉུང་བ་ཞིག་ཏུ་བོད་དོན་གཏམ་བཤད་ཀྱི་སྐོར་སྐྱོད་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ཁ་ཉིན་ཕྱི་ཚེས་ ༡༨ ཉིན་ཁོང་སུད་སི་དང་། ཌེན་མག སུད་ཌེན་བཅས་ཀྱི་ནང་གཏམ་བཤད་ཀྱི་ལས་རིམ་ཁག་གྲུབ་ནས་ནོར་ཝེ་རྒྱལ་ས་ཨོས་ལོ་ (Oslo) ནང་དུ་འབྱོར་མཚམས་ས་གནས་བོད་མི་རྣམས་དང་ཐུག་འཕྲད་དང་ལྷག་པར་དུ་ཁ་ཉིན་དང་དེ་རིང་བཅས་སུ་ནོར་ཝེ་རྒྱལ་ཁབ་ཀྱི་ཁོར་ཡུག་བློན་ཆེན་ཟུར་པ་སྐུ་ཞབས་ Ola Elvestuen ལགས་དང་འཛུགས་སྐྲུན་བློན་ཆེན་ཟུར་པ་སྐུ་ཞབས་ Dag Inge Ulstein ལགས། བདེ་སྲུང་དང་ཕྱི་འབྲེལ་བློན་ཆེན་ཟུར་པ་ལྕམ་ Ine Eriksen Soereide ལགས་བཅས་དང་མཇལ་འཕྲད་ཞུས་ཏེ་བོད་དོན་སྐོར་གླེང་སློང་དང་། རྒྱལ་ས་ཨོས་ལོ་ནང་ཡོད་པའི་ The House of Literature ཞེས་པའི་སྟེ་གནས་ཁང་དུ་བོད་དོན་སྐོར་གཏམ་བཤད་སོགས་ཀྱང་གནང་ཡོད་པ་རེད།རླུང་འཕྲིན་ཁང་གིས་ཞལ་པར་བརྒྱུད་བསྟན་འཛིན་བརྩོན་འགྲུས་ལགས་སུ་ད་བར་འདས་པའི་ཉིན་གྲངས་ཉི་ཤུ་ཙམ་གྱི་ཡོ་རོབ་སྐོར་སྐྱོད་ཀྱི་ལས་འགུལ་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།