Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ཉེན་ཚབས་དང་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་ཏེ་དྲག་གནོན་གྱི་ལས་འགུལ་སྤེལ་སྐོར་ཉན་ཞིབ་ཚོགས་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་ཨོ་ཊ་ཝའི་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་འོག་ཁ་སང་ཕྱི་ཚེས་ ༢༠ ཉིན་ China Human Rights Forum ཞེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ཉན་ཞིབ་ལས་རིམ་ཞིག་ཚོགས་འདུག་པ་དང་། སྐབས་དེར་བོད་མི་སྐུ་ཚབ་གཉིས་ཀྱིས་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་ཉེན་ཚབས་དང་རྒྱ་ནག་གིས་རང་གི་རྒྱལ་མཚམས་ལས་བརྒལ་ཏེ་དམ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་པའི་གནས་སྟངས་ཁག་སྙན་སེང་ཞུས་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པས་ཉན་ཞིབ་སྐོར་གནས་ཚུལ་སྤེལ་ཁག་ལ་གཞིགས་ན། ཁ་སང་རེས་གཟའ་ཟླ་བ་ཉིན་ཚོགས་པའི་ཉན་ཞིབ་ཀྱི་ལས་རིམ་ཐོག་སྐུ་མགྲོན་གཙོ་བོ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་འགན་འཛིན་ལྕམ་སྐུ་ Sophie Richardson ལགས་ཀྱིས་དབུས་པའི་ཡུལ་དེའི་སྤྱི་དམངས་ཚོགས་པ་འདྲ་མིན་གྱི་སྐུ་ཚབ། རྒྱ་གཞུང་གི་འོག་གདུག་རྩུབ་ཅན་གྱི་མནར་གཅོད་མྱོང་བཞིན་པའི་ཧོང་ཀོང་བ་དང་རྩ་རླུང་སྒོམ་སྒྲུབ་པའམ་ཧྥ་ལུང་གྷོང་རྗེས་འབྲང་པ། དེ་བཞིན་ཡུ་གུར་མི་རིགས་ཀྱི་སྐུ་ཚབ་བཅས་མི་གྲངས་ ༤༠ མ་ཟིན་ཙམ་ཆེད་ཕེབས་གནང་ཡོད་པ་དང་། ལྷག་དོན་བོད་མིའི་ཕྱོགས་ནས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་རྒྱལ་ལོ་ལགས་དང་། ཁེ་ན་ཌར་གནས་བཞུགས་བོད་མི་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་བཅས་མཉམ་ཞུགས་གནང་འདུག

སྐབས་དེར་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ཡོངས་ལ་བརྩི་མེད་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་འཕོན་ཆེན་ཆེད་འཛུགས་བྱས་པའི་ནང་བོད་ཕྲུག་ས་ཡ་གཅིག་ལྷག་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་ནས་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་གི་ཡོད་སྐོར་དང་། ལྷག་པར་བོད་ཕྲུག་སློབ་མ་རྣམས་སོ་སོའི་སྐད་ཡིག་དང་རིག་གཞུང་ཐོག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་མེད་པའི་ཛ་དྲག་གནས་སྟངས་ཆགས་ཡོད་སྐོར་སྙན་སེང་ཞུས་པ་དང་སྦྲགས། བོད་ནང་བཅའ་སྡོད་སློབ་གྲྭ་སོགས་ཀྱི་ལས་གཞི་ཁག་འཕྲལ་མར་མཚམས་འཇོག་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག

སྐབས་དེར་འཆི་མེད་ལྷ་མོ་ལགས་ཀྱིས་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་ཏེ་དམ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་པའི་ཐོག་གཏམ་བཤད་གནང་བའི་ཁྲོད་རྒྱ་གཞུང་གིས་བོད་ཙམ་མིན་པར་ཕྱི་ཕྱོགས་རང་དབང་ལུང་པར་སྨྲ་བརྗོད་རང་དབང་འགོག་ཐབས་བྱེད་བཞིན་ཡོད་པ་མངོན་གསལ་དང་སྦྲགས། ཁོང་གིས་ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་མགྲོན་ཁང་གི་ཕྱི་ཕྱོགས་སུ་ཞི་བའི་ངོ་རྒོལ་གནང་བཞིན་པའི་ཁྲོད་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱབ་སྐྱོར་བ་ཚོས་ཁོང་གི་གདོང་ལ་འགྱིག་དམ་འཕངས་པར་བརྟེན་མ་ལེར་རྨས་སྐྱོན་ཕོག་ཡོད་པ་སོགས་ངོ་སྤྲོད་གནང་བ་དང་ཆབས་ཅིག བོད་ཀྱི་རྒྱལ་དར་འཕྲོག་པ་དང་བོད་ཀྱི་རྒྱལ་དར་རྡོག་རྫིས་བཏང་བ། དེ་བཞིན་ཞི་བའི་ངོ་རྒོལ་བར་འཇིགས་སྐུལ་སོགས་ཀྱི་བྱ་འགུལ་སྤེལ་བ་དེས་རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་གྱི་ལས་འགུལ་སྤེལ་གྱི་ཡོད་པ་མཚོན་ཐུབ་ཀྱི་ཡོད་སྐོར་སྙན་སེང་ཞུས་འདུག

གཞི་རྩའི་འདས་པའི་དུས་ཡུན་ནང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་སྐོར་ལ་ཁེ་ན་ཌ་དང་ཨ་རིའི་གྲོས་ཚོགས་གཉིས་སུ་ཉན་ཞིབ་ཀྱི་ལས་རིམ་ཁག་གཅིག་ཚོགས་ཡོད་པར་མ་ཟད། ཕྱི་ཟླ་གཉིས་པ་དང་གསུམ་པའི་ནང་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་ཚོགས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་ཚོགས་ཆུང་གི་ལས་རིམ་སོ་སོར་འཇར་མ་ནི་གཙོས་ཨ་རི་དང་དབྱིན་ཡུལ་སོགས་རྒྱལ་སྤྱིའི་རྒྱལ་ཁབ་བཅུ་གཅིག་གི་གཞུང་ཚབ་པ་ཚོས་རྒྱ་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་གནས་སྟངས་ལ་ཐུགས་འཚབ་ཡོད་པའི་བཀའ་མོལ་དང་། རྒྱ་གཞུང་གི་སྐུ་ཚབ་ལ་འདྲི་རྩད་ནན་པོ་གནང་བའི་གནས་སྟངས་བྱུང་ཡོད་ལ། ཟླ་ལྔ་པའི་ནང་སུད་སིར་ཚོགས་པའི་ཇི་ནི་ཝའི་ལྷན་ཚོགས་ཐོག་ལའང་རྒྱ་གཞུང་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭར་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་མཐོང་ཐོས་མྱོང་གསུམ་ཡོད་མཁན་འབུམ་རམས་པ་རྒྱལ་ལོ་ལགས་ལྷན་ཞུགས་ཐོག་ནས་བཅའ་སྡོད་སློབ་གྲྭའི་ཉེན་ཚབས་སྐོར་བཀའ་མོལ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།