Tibetan Royal Year of 2151 | Year of the Wood Dragon

བོད་ནང་མ་འཛུགས་བྱེད་མཁན་གྱི་བུ་ཕྲུག་རྣམས་བོད་ཁོངས་མཐོ་སློབ་ཀྱི་ཡིག་རྒྱུགས་ནང་བཞུགས་ཆོག་པ།

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གིས། རྒྱ་ནག་གི་ས་ཁུལ་གཞན་ནས་བོད་ནང་དུ་ཉུང་མཐར་རྒྱ་མིའི་སྒོར་མོ་ས་ཡ་ ༣ འམ་ཨ་སྒོར་འབུམ་བཞི་ཙམ་གྱི་མ་འཛུགས་བྱས་མཁན་ཡོད་ཚེ། དེ་དག་གི་བུ་ཕྲུག་རྣམས་ལ་ Gaokao ཞེས་མཐོ་སློབ་འཛུལ་ཞུགས་ཡིག་རྒྱུགས་ཆེན་མོའི་སྐབས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ནས་ཞུགས་ཆོག་པའི་གསལ་བསྒྲགས་སྤེལ་འདུག

རྩ་བའི་ Gaokao གའོ་ཁའོ་ཞེས་པ་དེ་འདི་གའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ལྟ་བུ་ཡིན་པ་དང་། རྒྱ་ནག་ནང་ཡིག་རྒྱུགས་དེ་འཕྲོད་པའི་རྗེས་སུ། རྒྱ་ནག་གི་མཐོ་རིམ་སློབ་གྲྭ་ཁག་ ༡༢༠༠ ཙམ་ཡོད་པའི་ནང་དུ་སློབ་ཞུགས་ཐོབ་ཀྱི་ཡོད་པ་དང་འབྲེལ། མ་འོངས་གཞུང་གི་ལས་ཀ་སོགས་ཀྱི་མདུན་ལམ་ས་བརྟན་བཟོ་རྒྱུར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་འདུག འཛམ་གླིང་ནང་གི་ཡིག་རྒྱུགས་ཁག་ཤོས་གྲས་སུ་ངོས་འཛིན་བྱས་པའི་རྒྱ་ནག་གི་ Gaokao ཡིག་རྒྱུགས་དེ་ལོ་ལྟར་ཕྱི་ཟླ་ ༦ པའི་ཚེས་ ༧ དང་ ༨ གཉིས་ལ་བཏང་གི་ཡོད་པ་དང་། ལོ་ལྟར་རྒྱ་ནག་གི་ཞིང་ཆེན་སོ་སོ་ནས་སློབ་ཕྲུག་སྟོང་ཕྲག་མང་པོས་ཡིག་རྒྱུགས་དེའི་ནང་བཞུགས་ཀྱི་ཡོད་པ་རེད། ཡིག་རྒྱུགས་དེ་འཕྲོད་པར་རྒྱ་ནག་གི་ས་ཁུལ་གཞན་ནས་ཁྱོན་ཨང་གྲངས་ ༧༥༠ ནས་ཉུང་མཐར་ ༤༤༨ ཐོབ་དགོས་སར། བོད་གཙོས་པའི་ས་ཁུལ་ཁ་ཤས་ནང་དུ་ཡིག་རྒྱུགས་དེ་འཕྲོད་པར་ཉུང་མཐའི་ཨང་གྲངས་ ༣༠༠ མ་གཏོགས་དགོས་ཀྱི་མེད་པ་རེད་འདུག རྒྱ་ནག་གི་སྒྲིག་གཞི་བཞིན་ཡིག་རྒྱུགས་དེ་བཞིན་སློབ་ཕྲུག་སོ་སོའི་སྡོད་གནས་མངའ་ཁོངས་ནས་བཏང་དགོས་ཀྱི་ཡོད་སྟབས། ལོ་ལྟར་སློབ་ཕྲུག་མང་པོས་ཡིག་རྒྱུགས་འཕྲོད་པའི་རེ་བ་ཆེ་བ་ཡོད་སའི་མངའ་སྡེའི་ཡིག་ཆ་རྫུན་མ་བཟོས་ནས་ཡིག་རྒྱུགས་ནང་མཛུལ་ཞུགས་བྱས་པའི་གནད་དོན་ཡང་མང་པོ་བྱུང་བཞིན་ཡོད་པ་རྣམས་ལ་ཡོངས་སྒྲགས་སུ་ Gaokao Migrants ཞེས་འབོད་སྲོལ་ཡོད་པ་རྣམས་ཀྱི་ཐོག་ལ་སྲིད་གཞུང་གིས་དམ་དྲག་ཤུགས་ཆེ་བྱེད་ཀྱི་ཡོད་འདུག

ཉེ་ཆར་ Reuters གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གིས་བོད་ནང་དུ་ཚོང་ལས་རྒྱ་སྐྱེད་དང་འབྲེལ་ནས་མ་འཛུགས་མང་བ་ཡོང་རྒྱུར་དམིགས་ཏེ། རྒྱ་ནག་གི་ས་ཁུལ་གཞན་ནས་བོད་ནང་དུ་ཨ་སྒོར་འབུམ་ ༤ ལས་མང་བའི་མ་འཛུགས་བྱེད་མཁན་བྱུང་བ་ཡིན་ན། དེ་དག་གི་བུ་ཕྲུག་རྣམས་ལ་བོད་ཀྱི་ཁོངས་གཏོགས་ནས་ཡིག་རྒྱུགས་ཆེན་མོའི་ནང་དུ་ཞུགས་རྒྱུའི་ཆོག་མཆན་སྤྲོད་རྒྱུ་ཡིན་པ་དང་། མ་འཛུགས་བྱས་པ་དེར་མ་འོངས་ལོ་ ༥ རིང་ཕྱིར་འཐེན་བྱེད་ཆོག་གི་མེད་པའི་གསལ་སྒྲགས་སྤེལ་བའི་སྐོར་དང་འབྲེལ། ད་ལྟའི་ཆར་ Weibo སོགས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནད་དོན་དེའི་ཐོག་གླེང་སློང་ཤུགས་ཆེན་པོ་བྱུང་བཞིན་ཡོད་པ་དང་། དེའི་ཁྲོད་ཁག་གཅིག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་ཐག་གཅོད་དེའི་རྐྱེན་པས་ས་ཁུལ་དེ་རང་ནས་ཡིན་པའི་སློབ་ཕྲུག་རྣམས་ལ་གྱོང་གུན་ཕོག་གི་མ་རེད་དམ་ཞེས་དྲི་བ་བཏང་བཞིན་ཡོད་ཅིང་། ཁག་གཅིག་གིས་ཐག་གཅོད་དེར་རྒྱབ་སྐྱོར་གྱིས་གླེང་སློང་བྱེད་བཞིན་ཡོད་པ་མངོན་གསལ་བྱས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།