Tibetan Royal Year of 2151 | Year of the Wood Dragon

སྲིད་བློན་ Modi མཆོག་ལ་འབྲུག་རྒྱལ་ཁབ་ཀྱི་ཆེས་མཐོའི་སྤྱི་དམངས་གཟེངས་རྟགས་འབུལ་བཞེས་གནང་འདུག

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་འབྲུག་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད་པ་དང་བསྟུན། ཁ་སང་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་སྲིད་བློན་ Modi  མཆོག་ལ་ Order of the Druk Gyalpo ཞེས་འབྲུག་རྒྱལ་ཁབ་ཀྱི་ཆེས་མཐོའི་སྤྱི་དམངས་གཟེངས་རྟགས་མངའ་བདག་དཔལ་གྱི་འཁོར་ལོ་ཞེས་པ་འབུལ་བཞེས་གནང་འདུག

India Bhutan Meet

མངའ་བདག་དཔལ་གྱི་འཁོར་ལོ་ཞེས་པའི་གཟེངས་རྟགས་དེ་ཕྱི་ལོ་ ༢༠༠༨ ནས་འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་གསར་དུ་བཟོས་ཏེ། མི་ཚེ་ཧྲིལ་པོར་འབྲུག་རྒྱལ་ཁབ་དང་མི་མང་ལ་ཞབས་འདེགས་ཞུས་པར་ཆེ་བསྟོད་ངོས་འཛིན་གྱིས་གནང་སྲོལ་ཡོད་པ་རེད།

དེ་སྔ་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༡༢ ནང་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་འབྲུག་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༡༡༤ འཁོར་བའི་རྒྱལ་སྟོན་དུས་ཆེན་དང་བསྟུན། འབྲུག་རྒྱལ་ཁབ་ཀྱི་ཆེས་མཐོའི་སྤྱི་དམངས་གཟེངས་རྟགས་མངའ་བདག་དཔལ་གྱི་འཁོར་ལོ་ཞེས་པ་རྒྱ་གར་གྱི་སྲིད་བློན་ Modi མཆོག་ལ་འབུལ་རྒྱུ་ཡིན་པ་གསལ་བསྒྲགས་གནང་ཡོད་པ་ལྟར། ཁ་སང་ Modi མཆོག་གི་འབྲུག་ནང་གི་གཞུང་འབྲེལ་འཚམས་གཟིགས་ཉིན་དང་པོར་འབྲུག་རྒྱལ་པོས་སྲིད་བློན་ Modi  མཆོག་གིས་རྒྱ་གར་དང་འབྲུག་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་དང་། ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་སྐབས་ཁོང་ཉིད་ནས་འབྲུག་རྒྱལ་ཁབ་དང་མི་མང་ལ་རྒྱབ་སྐྱོར་དང་ཞབས་འདེགས་བླ་ན་མེད་པ་ཞུས་ཡོད་པར་ངོས་འཛིན་གྱིས་ཆེ་བསྟོད་གཟེངས་རྟགས་དེ་ཉིད་ཕུལ་ཡོད་པ་དང་། དེ་ནི་ཧི་མ་ལ་ཡའི་རྒྱལ་ཁབ་ནས་འགོ་ཁྲིད་ཅིག་ལ་ Order of the Druk Gyalpo ཞེས་མངའ་བདག་དཔལ་གྱི་འཁོར་ལོའི་ཆེས་མཐོའི་གཟེངས་རྟགས་ཕུལ་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

India Bhutan Meet

སྲིད་བློན་ Narendra Modi མཆོག་གིས་འབྲུག་ནང་གི་འཚམས་གཟིགས་དང་འབྲེལ། རང་ཉིད་ཀྱི་སྤྱི་ཚོགས་དྲ་ལམ་ཐོག་ཐེངས་འདིའི་འཚམས་གཟིགས་ཁྲོད་འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་། སྲིད་བློན་ཚེ་རིང་སྟོབས་རྒྱལ་གཉིས་ཀྱི་དབུས་པའི་གཞན་འགོ་ཁྲིད་ཁག་གཅིག་དང་ཐུག་འཕྲད་ཀྱིས་གྲོས་མོལ་སྐབས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་དུ་གཏང་རྒྱུ་གཙོས་ཚོང་དང་བདེ་འཇགས་ཀྱི་གནད་དོན་སོགས་ཕྱོགས་ཡོངས་ནས་གྲོས་བསྡུར་ལྷུག་པོ་བྱུང་ཞེས་དང་། དེ་སྔ་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ལས་གཞི་ཁག་ལ་བསྐྱར་ཞིབ་ཀྱིས་དེ་ལྟར་ཕྱག་བསྟར་ཡོང་སླད་གཙོས་ས་མཚམས་ཀྱི་རྩོད་གཞི་ཁག་གི་ཐོག་གླེང་སློང་བྱས་ཡོད་པ་གསུངས་འདུག

ཁོང་ཉིད་ལ་འབྲུག་རྒྱལ་པོས་མངའ་བདག་དཔལ་གྱི་འཁོར་ལོའི་ཆེས་མཐོའི་གཟེངས་རྟགས་སྩལ་བར་བརྗོད་དུ་མེད་པའི་དགའ་པོ་བྱུང་ཞེས་དང་། འབྲུག་གཞུང་དམངས་གཉིས་ནས་ཁོང་ལ་སྣེ་ལེན་གཙོས་མགྲོན་སྐྱོང་ཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་གར་ངོས་ནས་འབྲུག་དང་ལྷན་དུ་འབྲེལ་བ་དམ་ཟབ་འཛིན་རྒྱུ་གལ་ཆེར་ངོས་འཛིན་གནང་གི་ཡོད་པ་ལྟར་མུ་མཐུད་འབྲེལ་བ་གོང་འཕེལ་དང་སྲ་བརྟན་གཏོང་རྒྱུའི་ཐད་ཆོད་སེམས་བརྟན་པོ་ཡོད་པ་གསུངས་འདུག

India Bhutan Meet

དེ་བཞིན་དེ་རིང་འཚམས་གཟིགས་ཀྱི་ཉིན་གཉིས་པར་སྲིད་བློན་ Modi མཆོག་གིས་འབྲུག་གི་རྒྱལ་ས་ Thimpu ནང་རྒྱ་གར་དང་འབྲུག་གཉིས་ཀྱི་མཛའ་འབྲེལ་ལ་ཆེད་དམིགས་ཀྱིས་རྒྱ་གར་གཞུང་གིས་མ་དངུལ་བརྒྱུད་བཙུགས་པའི་ Gyaltsuen Jetsun Pema Mother and Child Hospital ཞེས་དེང་དུས་ཀྱི་མ་དང་བྱིས་པའི་སྨན་ཁང་དེ་ཉིད་དབུ་འབྱེད་གནང་ཡོད་འདུག

ལྷག་པར་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དབུ་ཁྲིད་རྣམ་པའི་མཇལ་འཕྲད་དང་འབྲེལ། རྒྱ་གར་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Vinay Kwatra ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་བརྒྱུད་སྲིད་བློན་ Modi མཆོག་གིས་འབྲུག་ནང་གི་འཚམས་གཟིགས་འདི་ནི་རྒྱ་གར་དང་འབྲུག་གཉིས་ཀྱི་འབྲེལ་ལམ་ཐད་གལ་གནད་ཆེ་བའི་གོམ་སྟབས་ཤིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་ད་ཐེངས་འབྲུག་རྒྱལ་པོས་ Modi མཆོག་ལ་ Order of the Druk Gyalpo ཞེས་པའི་གཟེངས་རྟགས་ཕུལ་བ་དེས་འབྲུག་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་དེ་བཞིན་ཆེས་སྲ་བརྟན་དང་ཕྱོགས་གཉིས་ཀྱི་མཉམ་ལས་ཡར་རྒྱས་གོང་འཕེལ་ཡོང་ངེས་སོགས་མཚོན་གྱི་ཡོད་པ་གསུངས་འདུག

India Bhutan Meet

སྤྱིར་སྔ་ལོའི་ཕྱི་ཟླ་ ༤ པའི་ནང་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་བཙུན་མོ་རྗེ་བཙུན་པདྨ་ལགས། རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་བཅས་ནས་རྒྱ་གར་ནང་གཞུང་འབྲེལ་མཚམས་གཟིགས་སུ་ཕེབས་ཏེ། སྲིད་བློན་ Modi མཆོག་གི་དབུས་པའི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་ཀྱིས་འཚམས་གཟིགས་དེའི་དམིགས་ཡུལ་གཙོ་བོ་ནི་འབྲུག་དང་ཨེ་ཤི་ཡའི་ནང་གི་སྟོབས་ཆེན་ཡུལ་གྲུ་རྒྱ་གར་དབར་གྱི་འབྲེལ་ལམ་སྲ་བརྟན་བཟོ་ཐབས་ཆེད་ཡིན་པ་དང་། ཆུ་ཤུགས་གློག་འདོན་ཁང་དང་འཕྲོད་བསྟེན། དེ་བཞིན་འབྲེལ་མཐུད་འཕྲུལ་རིགས་སོགས་ཀྱི་ཐད་ཡུལ་གྲུ་གཉིས་དབར་མཉམ་ལས་གནང་རྒྱུའི་གྲོས་མཐུན་ཁག་གཅིག་འཇོག་ཡོད་པ་རེད།

དེ་རིང་གི་མཇལ་མོལ་ཁྲོད་དུའང་སྲིད་བློན་ Modi མཆོག་དང་སྲིད་བློན་གསར་པ་ཚེ་རིང་སྟོབས་རྒྱལ་གྱིས་དེ་སྔ་ཡུལ་གྲུ་གཉིས་དབར་མཉམ་ལས་གནང་རྒྱུའི་གྲོས་མཐུན་ཁག་ལ་བསྐྱར་ཞིབ་དང་སྦྲགས། ལྷག་པར་འབྲོག་ལམ་གྱི་བདག་དབང་དེ་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས། འབྲུག་ཡུལ་གྱི་མཐོ་རིམ་འགོ་ཁྲིད་ཚོས་རྒྱ་ནག་དང་ས་མཚམས་ཀྱི་གནད་དོན་ཐད་གྲོས་བསྡུར་ཅི་ཞིག་བྱས་ཀྱང་རྒྱ་གར་གྱི་བདེ་འཇགས་བློས་གཏོང་མི་ཉེན་ཞེས་ནན་སྐུལ་གནང་འདུག

གཞི་རྩའི་འདི་ལོའི་ཕྱི་ཟླ་ ༤ ནས་ཕྱི་ཟླ་ ༦ བར་རྒྱ་གར་ནང་སྲིད་བློན་གཙོས་པའི་རྒྱལ་ཡོངས་འོས་བསྡུ་གནང་གི་ཡོད་སྟབས་གནད་དོན་དཔྱད་ཞིབ་པས་ད་ཐེངས་སྲིད་བློན་ Modi མཆོག་འབྲུག་ཡུལ་དུ་འཚམས་གཟིགས་ཕེབས་ཡོད་པ་དེ་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་དང་། དུས་སྐབས་དེ་ནི་འབྲུག་ཡུལ་གྱིས་རྒྱ་ནག་ལ་གྲོས་མོལ་བྱེད་བཞིན་པའི་དུས་སྐབས་ཤིག་ཆགས་ཀྱི་ཡོད་སྟབས། རྒྱ་གར་ངོས་ནས་འབྲུག་ཡུལ་དང་ལྷན་དུ་མཉམ་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་འགྲིམ་འགྲུལ་མཐུད་རྒྱུ། དེ་བཞིན་རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་ལས་གཞིར་སྔར་ལྷག་གདོང་ལེན་བྱ་ཕྱིར་ཡིན་སྐོར་འགྲེལ་བརྗོད་གནང་བཞིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།