Tibetan Royal Year of 2151 | Year of the Wood Dragon

Kiren Rijiju མཆོག་རྒྱ་གར་གྱི་ཟས་སྦྱོར་ཚོང་ལས་སྡེ་ཁག་གི་བློན་ཆེན་དུ་བསྐོ་བཞག་བྱུང་བར་འཚམས་འདྲི།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཁ་སང་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Kiren Rijiju མཆོག་ལ་རྒྱ་གར་གྱི་སའི་གོ་ལའི་ཚན་རྩལ་བློན་ཆེན་གྱི་འགན་དབང་ཁར་ཟས་སྦྱོར་ཚོང་ལས་སྡེ་ཁག་གི་བློན་ཆེན་དུ་བསྐོ་བཞག་བྱུང་བར་འཚམས་འདྲི་དང་སྦྲགས། བློན་ཆེན་མཆོག་གི་ཐུགས་འགན་བཞེས་པའི་དུས་ཡུན་རིང་རྒྱལ་ཁབ་དང་མི་མང་གི་བདེ་དོན་གྲུབ་པར་བྱ་བ་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག

HHDL Congratulate Kiren Rijiju

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་དེའི་ནང་སྐུ་ཞབས་ Kiren Rijiju མཆོག་ལ་རྒྱ་གར་གྱི་སའི་གོ་ལའི་ཚན་རྩལ་བློན་ཆེན་གི་འགན་དབང་ཐོག་ད་དུང་ཟས་སྦྱོར་ཚོང་ལས་སྡེ་ཁག་གི་བློན་ཆེན་དུ་བསྐོ་གཞག་བྱུང་བར་འཚམས་འདྲི་དང་སྦྲགས། བློན་ཆེན་མཆོག་གི་ཕུགས་རྒྱང་རིང་པོའི་སྣེ་ཁྲིད་འོག་རྒྱལ་ཁབ་དེ་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པ་དང་ལྷག་དོན་མང་ཚོགས་ཀྱི་བདེ་དོན་གྲུབ་ཐུབ་པའི་ཐུགས་རེ་ཡོད་སྐོར་བཀའ་བསྩལ་འདུག

HHDL Congratulate Kiren Rijiju

རྒྱ་གར་གཞུང་གིས་གནས་ཚུལ་དེ་ཡོངས་བསྒྲགས་གནང་རྗེས། བློན་ཆེན་ཀི་རན་རི་ཇི་ཇུ་མཆོག་གིས་སྐུ་སྒེར་གྱི་ངོ་དེབ་དྲ་གནས་ཐོག ཁོང་ནས་ཟས་སྦྱོར་ཚོང་ལས་སྡེ་ཁག་གི་བློན་ཆེན་གྱི་འགན་དབང་དངོས་སུ་བཞེས་ཟིན་པ་དང་འབྲེལ་ཡོད་ལྷན་ཁང་གི་དྲུང་ཆེ་གཙོས་མཐོ་རིམ་ལས་བྱེད་པ་ལྷན་དུའང་ཚོགས་འདུ་ཚོགས་ཡོད་པ་མ་ཟད། སྲིད་བློན་ན་རེན་དྷ་མོ་དི་མཆོག་གི་ལས་ཡུན་གྱི་ཉིན་གྲངས་བརྒྱའི་རིང་གི་སྔོན་འགྲོའི་གྲ་སྒྲིག་ཀྱང་གྲུབ་ཟིན་པས་ང་ཚོས་སྲིད་བློན་མཆོག་གི་ལས་ཡུན་གསུམ་པའི་ནང་རྒྱ་གར་དེ་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་གསུམ་པ་དང་། དེ་བཞིན་ཁོང་གི་ཕྱི་ལོ་ ༢༠༤༧ ནང་ཚུད་རྒྱ་གར་ཡར་རྒྱས་ཀྱི་ཚད་དུ་སླེབས་པའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུའི་དམིགས་ཡུལ་དེ་སྒྲུབ་ཐབས་སུ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་འདུག

HHDL Congratulate Kiren Rijiju

སྐུ་ཞབས་ Kiren Rijiju མཆོག་ལ་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་འཚམས་འདྲི་སྩལ་ཡོད་པ་དང་འབྲེལ་སྐུ་ཞབས་ཁོང་གིས་རང་ཉིད་ཀྱི་ངོ་དེབ་ཐོག་མགོན་པོ་༸གང་ཉིད་མཆོག་ནས་དུས་རྟག་ཏུ་ཐུགས་བརྩེ་བ་ཆེན་པོས་ལམ་སྟོན་དང་བྱིན་རླབས་གནང་བའི་བཀའ་དྲིན་ལ་བསམ་ཤེས་ཚོར་གྱི་ཡོད་ཅེས་དང་༸གོང་ས་མཆོག་གིས་མུ་མཐུད་ནས་འཛམ་གླིང་འདི་ཞི་བདེ་དང་བྱམས་བརྩེ་ལྡན་པའི་མ་འོངས་པ་ཞིག་བསྐྲུན་པར་ལམ་སྟོན་གནང་ཡོང་བའི་གསོལ་འདེབས་ཞུས་འདུག

བོད་དོན་ལ་ཞལ་ཞེ་གཉིས་ཀྱིས་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Kiren Rijiju མཆོག་ནི་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ནས་ཡིན་ཞིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཉེ་བའི་གཙུག་ལག་རབ་འབྱམས་དང་ཁྲིམས་ལུགས་རིག་པའི་ཐོག་བསླབ་པ་མཐར་སོན་ཏེ་ཕྱིས་སུ་རྒྱ་གར་བི་ཇེ་པི་སྲིད་དོན་ཚོགས་པར་འཛུལ་ཞུགས་གནང་བ་དང་། ཕྱི་ལོ་ ༢༠༠༤ ལོར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ནས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མིར་བདམ་ཐོན་བྱུང་སྟེ། དེ་ནས་ཕྱི་ལོ་ ༢༠༡༤ ནས་ ༢༠༡༩ བར་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་དང་། ཕྱི་ལོ་ ༢༠༡༩ ནས་ ༢༠༢༡ བར་རྒྱ་གར་གྱི་གྲངས་ཉུང་མི་རིགས་ཀྱི་བློན་ཆེན། གཞོན་སྐྱེས་དང་རྩེད་རིགས་བློན་ཆེན། ཕྱི་ལོ་ ༢༠༢༡ ནས་ ༢༠༢༣ བར་རྒྱ་གར་གྱི་ཁྲིམས་དོན་བློན་ཆེན། གོ་ལའི་ཚན་རིག་སྡེ་ཁག་གི་བློན་ཆེན་སོགས་ཀྱི་ཐུགས་འགན་བཞེས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།