Tibetan Royal Year of 2151 | Year of the Wood Dragon

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༢ པ་ཚོགས་གནང་སོང་།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

བཞུགས་སྒར་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Asia Health Resorts གསོལ་མགྲོན་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་བཞུགས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༢ པ་ཚོགས་གནང་སོང་།
ཐེངས་འདིའི་ཚོགས་འདུའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ ༡༧ ཡོད་པ་ལས་ ༡༡ གྱིས་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་འདུ་དེ་བཞིན་ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱབ་ནས་དབུ་འཛུགས་ཀྱིས་སང་ཉིན་བར་ཚོགས་གནང་གི་འདུག་པ་མ་ཟད། ཚོགས་དུས་ཐོག་བོད་རྒྱ་ཞི་མོལ་གྱི་ལས་དོན་གནང་ཕྱོགས་དང་། ཨ་རི་དང་རྒྱ་ནག་གཉིས་ཀྱི་ད་ལྟའི་ལབྲེལ་བ། དེ་བཞིན་རྒྱལ་སྤྱིའི་ཐོག་བོད་དང་རྒྱ་ནག ཡུ་གུར། ཧོང་ཀོང་བཅས་ཀྱི་གནས་བབས་ཀྱི་ཐོག་ལ་བཀའ་བསྡུར་གནང་གི་ཡོད་པ་རེད།
འདི་ག་གསར་འགོད་པས་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སུ་ད་རེས་ཀྱི་ཚོགས་འདུའི་ཐོག་དམིགས་བསལ་སྐུ་ཚབ་གསར་དུ་བསྐོ་བཞག་གནང་རྒྱུའི་ཐད་ལ་བཀའ་བསྡུར་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར་ད་ལྟའི་ཆར་བསྐོ་གཞག་གནང་རྒྱུའི་འཆར་གཞི་གང་ཡང་མེད་པ་གསུངས་སོང་།
གཞི་རྩའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བོད་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་སེལ་ཐབས་སུ་ཕྱི་ལོ་ ༡༩༩༨ ལོར་ཆེད་བཙུགས་གནང་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་ ༩ བྱུང་ཡང་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་སོན་མེད་པ་མ་ཟད། འབྲེལ་མོལ་སྣེ་ཁྲིད་གནང་མཁན་གཉིས་ཀྱང་ལས་གནས་ནས་དགོངས་ཞུ་གནང་རྗེས་ད་བར་འབྲེལ་མོལ་བསྐྱར་མཐུད་གནང་མ་ཐུབ་པར་དེ་མུར་ལྷག་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།