Tibetan Royal Year of 2151 | Year of the Wood Dragon

མ་ཎི་རྡོ་བརྐོས་ཀྱི་ཚོགས་པ་བཙུགས་པས་བོད་མི་གཉིས་འཛིན་བཟུང་།

Tibetan News Headlines

  • བོད་དང་ཧི་མཱ་ལ་ཡ། བོད་དང་འབྲས་ལྗོངས་དབར་གྱི་ཆོས་ཡོན་དང་ཆབ་སྲིད་ཀྱི་འབྲེལ་བ།

Sunday 14/04/2024

  • Tibet and the Himalayas: Unraveling Sikkim and Tibet’s Religious-Political Bonds

སྔ་ལོ་བོད་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེས་ཆེར་སོང་བའི་ཛ་དྲག་གནས་སྟངས་ཁྲོད་སྨན་བཅོས་ལྟ་སྐྱོང་སོགས་དུས་ཐོག་ཏུ་མ་རག་པར་བརྟེན་བོད་མི་མང་པོ་ཞིག་འདས་གྲོངས་སུ་གྱུར་ཡོད་སྟབས་དེ་དག་གི་ཆེད་དུ་མ་ཎི་རྡོ་བརྐོས་ཞེས་པའི་ཚོགས་པ་བཙུགས་པས་བོད་མི་གཉིས་འཛིན་བཟུང་བྱས་འདུག

རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་འདམ་གཞུང་རྫོང་ནས་ཡིན་པ་ཡི་དམ་ལགས་དང་ཁོང་གི་གྲོགས་པོ་གཉིས་ཀྱིས་མ་ཎི་རྡོ་བརྐོས་ཞེས་པའི་ཚོགས་པ་གསར་འཛུགས་གནང་སྟེ་མ་ཎི་ཡིག་འབྲུ་དང་སྒྲོལ་མ་གསོག་སྒྲུབ་སོགས་དགེ་བའི་ལས་ལ་གཞོལ་ཡོད་སྟབས་ས་གནས་བོད་མི་ཙམ་མིན་པར་གཡས་གཡོན་གྱི་བོད་མི་མང་པོས་ཡི་རང་བསྔགས་བརྗོད་ཀྱིས་མ་ཎི་རྡོ་བརྐོས་ཀྱི་ཚོགས་པར་ཚོགས་མི་བཞི་བརྒྱ་ལྷག་ཚོགས་ཞུགས་གནང་འདུག

༢༠༢༣ ལོའི་ཕྱི་ཟླ་ ༡ ནང་འདམ་གཞུང་རྫོང་དང་གསེར་ལམ་ས་གནས་ཉེན་རྟོག་ཡོང་སྟེ་རང་ལོ་ ༤༠ ལ་ཕེབས་པའི་ཡི་དམ་ལགས་དང་ཁོང་གི་གྲོགས་པོ་ཞིག་འཛིན་བཟུང་བྱས་པ་དང་། ད་ཆ་ཟླ་བ་གཉིས་ཙམ་འགྲོ་བཞིན་ཡོད་ཀྱང་ཁོང་རྣམ་གཉིས་ཀྱི་གནས་སྟངས་དང་བཀག་ཉར་ཁང་གང་དུ་ཡོད་པ་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག

རྒྱ་གཞུང་ཉེན་རྟོག་པས་ཁོང་རྣམ་གཉིས་འཛིན་བཟུང་བྱེད་དོན་ནི་དགེ་བའི་ལས་ལ་གཞོལ་ཆེད་མ་ཎི་རྡོ་བརྐོས་ཀྱི་ཚོགས་པ་བཙུགས་ཡོད་པའི་གནད་དོན་དེ་གོང་རིམ་ལ་མ་ཞུས་པར་རང་སྣང་གང་ཤར་བྱས་འདུག་པས་དེ་ནི་ཁྲིམས་འགལ་རེད་ཅེས་ཉེས་འཛུགས་བྱས་འདུག

དེའི་བར་ན།ཁ་སང་ཕྱི་ཚེས་ ༡༣ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་ཡིག་དྲ་རྒྱར་ གནས་ཚུལ་བཀོད་པར་གཞིགས་ན། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༤ ཉིན་བོད་ནང་གི་དགོང་མོར་རྒྱ་ནག་ཉེན་རྟོག་པས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱུང་མཆུ་རྫོང་གི་ཟངས་དཀར་སྟོད་མ་ནས་ཡིན་པ་རྩོམ་པ་པོ་དང་ཕྱི་རྒྱལ་མི་རིགས་ལ་སྣེ་ཤན་སྐད་སྒྱུར་བ་ཟངས་དཀར་འཇམ་དབྱངས་ལགས་བཙན་ཁྲིད་བྱས་ཡོད་པའི་དབང་གིས་དུས་ཡུན་རིང་པོར་གར་སོང་ཆ་མེད་དུ་གྱུར་ཡོད་པར་མ་ཟད། ཁྲིམས་ཞིབ་ཀྱི་བརྒྱུད་རིམ་སོགས་གང་ཡང་ཤེས་རྟོགས་མེད་པར་ཐོག་ནས་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བ་དང་སྐད་འཕྲིན་གྱི་ཐོག་ཏུ་བཀའ་མོལ་འདྲ་མིན་གནང་ཡོད་པར་བསྙད་དེ་ལོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ནས་སི་ཁྲོན་ཞིང་ཆེན་གྱི་མེན་ཡང་ས་གནས་སུ་བཙོན་འཇུག་བྱས་ཡོད་པ་ནང་མི་ཚོས་ཤེས་རྟོགས་བྱུང་ཡོད་པ་དེ་ལྟར་ནའང་། ཁོང་དང་ནང་མི་ཉེ་འབྲེལ་སོགས་དང་དངོས་སུ་ཐུག་འཕྲད་གནང་བཅུག་མེད་སྐོར་བཀོད་འདུག

དེ་བཞིན་རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས་ཀྱིས་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༣ ཡས་མས་ནས་བཟུང་རྒྱ་གཞུང་གིས་སློབ་གྲྭ་ཁག་ཏུ་བོད་ཡིག་གི་སློབ་ཚན་ཇེ་ཉུང་དུ་གཏོང་དགོས་པའི་སྲིད་བྱུས་ལག་བསྟར་ལ་མི་འདོད་པའི་རྣམ་པ་དང་བཅས་དེང་སང་གི་དུས་རབས་ནི་ཁྲིམས་ཀྱི་དབང་བསྒྱུར་གྱི་སྤྱི་ཚོགས་ཆགས་ཡོད་སྟབས། བོད་མི་ཚོས་ཞེད་སྣང་གང་ཡང་གནང་མི་དགོས་པར་རྒྱ་ནག་རང་གི་ཁྲིམས་དང་མཐུན་པའི་ཐོག་ནས་གདོང་ལེན་གནང་དགོས་ཞེས་ཡིག་ངག་གཉིས་ཀྱི་ཐོག་ནས་གནང་ཡོད་སྐོར་དང་སྦྲགས། ས་གནས་རྒྱ་ནག་ཉེན་རྟོག་པས་བསྔོག་བཤེར་དང་རྗེས་འདེད། ལྟ་རྟོག་ནན་པོ་བྱས་པར་མ་ཟད། ཉེན་རྟོག་ཁང་དུ་བཀག་ཉར་ཐེངས་འགའ་བྱས་པ་དང་དེ་བཞིན་གློག་ཀླད་བསྔོག་བཤེར་དང་འདྲི་རྩད་ཐེངས་མང་བྱས་ཡོད་པར་བཀོད་འདུག

རྩ་བའི་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༤ ཉིན་གློ་བུར་དུ་འཇམ་དབྱངས་ལགས་གར་སོང་ཆ་མེད་དུ་གྱུར་ཏེ་ཡུན་རིང་པར་སོང་རྗེས། རྒྱ་གཞུང་གིས་ནང་མི་རྣམས་ལ་བརྡ་ལན་ཙམ་སྤྲད་འདུག་པ་དང་། ཁོ་རང་གིས་མ་ཧཱ་བྷ་ར་ཏ་སྐད་འཕྲིན་ཚོགས་པར་༸གོང་ས་མཆོག་གི་མཛད་འཕྲིན་དང་བོད་མི་རིགས་ཀྱི་ལ་རྒྱ། བོད་མིའི་སྐད་ཡིག་སྲུང་སྐྱོབ་བཅས་རྒྱ་ནག་གི་ཁྲིམས་ལུགས་ལྟར་བྱེད་དགོས་པ་སོགས་གསུངས་པར་བརྟེན་འཛིན་བཟུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པར་བོད་ནང་གི་བོད་མི་ཞིག་འགྲེལ་བརྗོད་གནང་ཡོད་སྐོར་བཀོད་འདུག

ཟངས་དཀར་འཇམ་དབྱངས་ལགས་ནི། ཕྱི་ལོ་ ༡༩༧༧ ཟླ་ ཚེས་ ༥ ཉིན་མདོ་སྨད་ཁྱུང་མཆུ་རྫོང་གི་ཟངས་དཀར་སྟོད་མའི་ནང་ཕ་བསོད་ནམས་མགོན་པོ་དང་མ་སྐར་མ་སྒྲོན་གྱི་བུར་སྐྱེས་ཤིང་། ༡༩༩༨ ལོར་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་ཏེ། བཞུགས་སྒར་དུ་དབྱིན་ཇིའི་སྐད་ཡིག་ལ་སློབ་གཉེར་གནང་བ་དང་། ༢༠༠༢ ཡས་མས་སུ་ཕ་ཡུལ་དུ་ཕྱིར་ལོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་ཚོགས་ཁ་ཤས་དང་ཨ་རིའི་རོགས་ཚོགས་ཁག་ཅིག་བཅས་ལ་སྐད་སྒྱུར་གྱི་ལས་དོན་གཉེར་ཡོད། བོད་ནང་སྦྲང་ཆར་སོགས་དུས་དེབ་མང་པོའི་ཐོག་རྩོམ་ཡིག་མང་དག་ཅིག་སྤེལ་མྱོང་ཡོད་པ་དང་། བཙན་བྱོལ་དུའང་བག་གསར་བོད་ཡིག་ཚགས་པར་གྱི་རྩོམ་སྒྲིག་པ་དང་། བོད་ནང་འཕག་འཚག་རྒོད་པའི་ལྕེ་ཟེར་བའི་དེབ་ཞིག་ཀྱང་དཔར་སྐྲུན་གནང་འདུག ད་ཆ་ཁོང་ལ་ཆུང་མ་དང་བུ་ཕྲུག་གཉིས་ཡོད་པ་རེད་འདུག གོང་པར་བདག་དབང་། བོད་ཀྱི་དུས་བབ།

འབྲེལ་ཡོད་གསར་གནས།

གསར་གནས།