Tibetan Royal Year of 2151 | Year of the Wood Dragon

མགོན་པོ་སྐྱིད་ལགས་ཀྱིས་སླར་ཞུ་འབོད་ལས་འགུལ་སྤེལ་བར་ཉེན་རྟོག་པས་རུབ་རྡུང་བཏང་བ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་བོད་རིགས་ཚོང་པ་རྡོ་རྗེ་བཀྲིས་ལགས་ཀྱི་སྲིང་མོ་མགོན་པོ་སྐྱིད་ལགས་ཀྱིས་ཁ་ཉིན་ཕྱི་ཚེས་ ༡ ཉིན་སླར་ལྷ་སའི་གྲྭ་བཞི་བཙོན་ཁང་མདུན་དུ་ཞི་བའི་ལས་འགུལ་སྤེལ་སྐབས་ཉེན་རྟོག་པས་ཁོ་མོར་རུབ་རྡུང་བཏང་སྟེ་བཙན་གྱིས་ཕྱིར་ལོག་བཏང་འདུག

ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་མགོན་པོ་སྐྱིད་ལགས་ཀྱི་ལས་འགུལ་དང་འབྲེལ་བའི་བརྙན་ཐུང་ཞིག་རག་སོན་བྱུང་བར་གཞིགས་ན། མགོན་པོ་སྐྱིད་ལགས་ཀྱིས་ཉིན་རེས་གཟའ་མིག་དམར་ཉིན་སླར་ལྷ་སའི་གྲྭ་བཞིའི་བཙོན་ཁང་གི་སྒོ་ཁར་ཕྱིན་ཏེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བ་བཞིན་ཁོང་རང་ཉིད་ཀྱི་གཅུང་པོ་རྡོ་རྗེ་བཀྲིས་ལགས་དང་ཐུག་འཕྲད་ཀྱི་རེ་སྐུལ་གནང་བར་ཉེན་རྟོག་པས་ཡ་ལན་མ་བྱས་སྟབས་ཐབས་ཤེས་ཟད་ནས་ཕྱག་འཆལ་ཏེ་ཞུ་བ་གནང་སྐབས་ས་གནས་ཉེན་རྟོག་མི་སྣས་ཕྱག་འཚལ་བ་ནི་ཁྲིམས་འགལ་ཡིན་ལུགས་བཤད་དེ་ཁོང་ཡར་འདྲུད་མར་འདྲུད་བྱས་ནས་ཞུ་སྐུལ་ལས་འགུལ་བཀག་འགོག་བྱས་པར་མ་ཟད། ཁོང་གི་སྟེང་དུ་ཉེན་རྟོག་པ་མི་བཞི་ལྔ་ཙམ་རུབ་ནས་གཅར་རྡུང་དྲག་པོ་བཏང་རྐྱེན་ཁོང་གི་དཔུང་པར་རྨུག་ཐིག་བཟོས་ནས་ཕྱིར་རང་ཁྱིམ་དུ་ལོག་བཏང་ཡོད་ཅེས་བཤད་པ་མངོན་རྒྱུ་འདུག

རྡོ་རྗེ་བཀྲ་ཤིས་ལགས་ནི་གཞན་ཕན་ལ་འབད་མཁན་གྱི་བོད་མི་ཚོང་པ་གྲགས་ཅན་དང་ལྷ་སའི་གཡག་མགྲོན་ཁང་གི་བདག་པོ་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་ས་གནས་ཆབ་སྲིད་འགོ་ཁྲིད་ཁག་གཅིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད་པར་ཉེས་མིང་བཏགས་ནས་འཛིན་བཟུང་བྱས་ཡོད་པ་དེ་ལྟར་ཡང་། ད་བར་ནག་ཉེས་རྩ་བ་ནས་ཁུངས་སྐྱེལ་མ་ཐུབ་པ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་སར་རྒྱ་ནག་གི་ཁྲིམས་ཁང་ནས་གསང་བའི་ངང་ཁྲིམས་ར་ཚོགས་ཏེ་རྡོ་རྗེ་བཀྲ་ཤེས་ཀྱིས་བུ་ལོན་གཡོ་ལེན་བྱས་ཡོད་པའི་ཉེས་འཛུགས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་བཙོན་ཁང་ཆེ་ཤོས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བ་ཟེར་བའི་ཉེས་མིང་ཕོག་པའི་བཙོན་པ་བཅུག་སའི་གྲྭ་བཞི་བཙོན་ཁང་དུ་བཅུག་པ་ཞིག་ཡིན་པ་རེད།

ཕྱི་ལོ་ ༢༠༢༠ ལོ་སྟེ་ཁོང་བཙོན་འཇུག་བྱས་ཏེ་ལོ་ ༡༠ ཕྱིན་པའི་སྐབས་དེར་ཁོང་གི་ཁྲིམས་རྩོད་པ་དང་ནང་མི་ཚོས་ཐེངས་མང་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་ཞིབ་དགོས་པའི་རེ་བ་བཏོན་ཡོད་ཀྱང་དོན་འབྲས་གང་ཡང་སོན་མེད་སྟབས་འདས་ལོའི་ཕྱི་ཟླ་ ༡༠ ཙམ་ནས་བཟུང་ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་གཉིས་ཀྱིས་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བའི་མདུན་དུ་ཞི་རྒོལ་ལས་འགུལ་བསྟུད་མར་སྤེལ་རྐྱེན་སྔ་རྗེས་སུ་འཛིན་བཟུང་ཐེངས་ ༥ ཙམ་བྱས་ནས་འདྲི་རྩད་དང་གཅར་རྡུང་ཐེངས་མང་བཏང་བའི་གནས་ཚུལ་ཐོན་ཡོད་པ་རེད།

རྩ་བའི་རྡོ་རྗེ་བཀྲིས་ལགས་ཀྱི་ཛ་དྲག་གནད་དོན་ཐད་དེ་སྔ་སུད་སི་ཇི་ནི་ཝར་ཚོགས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ ཐོག་ཡོ་རོབ་མཐུན་ཚོགས་དང་ཨ་རི་གཞུང་གཉིས་ཀྱིས་བློ་འཚབ་ཀྱི་རྣམ་པ་ཆེས་མངོན་གསལ་གནང་སྟེ་རྡོ་རྗེ་བཀྲིས་ལ་ཆ་རྐྱེན་གང་ཡང་མེད་པར་འཕྲད་མར་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་བ་མ་ཚད་པར་ཨ་རི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ལོའི་ལོ་འཁོར་སྙན་ཐོ་གཉིས་ཀའི་ནང་རྡོ་རྗེ་བཀྲིས་ལགས་ཀྱི་གནད་དོན་ཆེད་བཀོད་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།