Tibetan Royal Year of 2151 | Year of the Wood Dragon

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོས་སླར་ཡང་ཞི་རྒོལ་གནང་རྐྱེན་བཙན་ཁྲིད་བྱས་འདུག

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ པ་མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་བོད་རིགས་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་སྲིང་མོ་མགོན་པོ་སྐྱིད་ལགས་ཀྱིས་ཕྱི་ཟླ་ ༣ ཚེས་ ༢༣ བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་ཁྲིམས་ཁང་གི་མདུན་དུ་ཁོང་གློད་བཀྲོལ་དགོས་པའི་ཞི་རྒོལ་གྱི་ལས་འགུལ་སྤེལ་སྐབས་སུ་རྒྱ་གཞུང་ཉེན་རྟོག་པས་རས་ཀྱི་ཡོལ་བ་ནག་པོས་མཐའ་སྐོར་ཏེ་བཀག་སྡོམ་བྱས་ཡོད་ཀྱང་། ཁོང་གིས་སླར་ཡང་ཁ་ཉིན་ཕྱི་ཚེས་ ༡༠ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་ཁྲིམས་ཁང་གི་མདུན་དུ་ཞི་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་འདུག

དེའང་མགོན་པོ་སྐྱིད་ལགས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༡༠ ཉིན་སྤེལ་བའི་ལས་འགུལ་གི་བརྙན་ཐུང་ཞིག་ཕྱིར་འགྱར་བྱུང་བར་གཞིགས་ན། ཁོང་གིས་ཐེངས་འདིའི་ལས་འགུལ་ཁྲོད་སྐུ་ཕྱག་ཕུལ་བའི་ཐོག་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་པ་ཆེད་བཏོན་གནང་འདུག་པ་དང་། སྐབས་དེར་ཉེན་རྟོག་པ་དྲུག་གིས་འཁོར་ལོ་ཅན་གྱི་ལྕགས་ཀྱི་ར་བ་བེད་སྤྱོད་བཏང་སྟེ་ཕྱོགས་གསུམ་ནས་ཁོང་ལ་བཀག་ཐབས་དང་འབྲེལ། ར་བའི་རྒྱབ་ནས་ཁོང་བཙན་གྱིས་དྲུད་བཞིན་འཛིན་བཟུང་གིས་མི་མང་ཁྲོད་དུ་མངོན་རྒྱུ་མེད་པ་བཟོས་པ་མཐོང་རྒྱུ་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མགོན་པོ་སྐྱིད་ལགས་ཀྱིས་ཁོང་གློད་བཀྲོལ་དགོས་པའི་ལས་འགུལ་སྤེལ་བ་དེས་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་ཀྱི་ཡོད་སྟབས་རྒྱ་གཞུང་ནས་དེར་གུས་བརྩི་ཞུ་དགོས་པ་དང་ཁོང་གིས་ཞི་རྒོལ་གནང་བར་འཛིན་བཟུང་བྱེད་དགོས་གང་ཡང་མེད་པ་དང་། གལ་ཏེ་ཁོང་ད་ཆ་བཀག་ཉར་འོག་ཡོད་ཚེ་ཁོང་ལ་མནར་གཅོད་རིགས་གཏོང་མི་ཆོག་པའི་གཞེན་སྐུལ་བསྐྱར་ནན་གནང་འདུག

དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་ཟླ་ཚེས་ནམ་ཡིན་གསལ་ཁ་མེད་པའི་བརྙན་པར་ཞིག་རག་སོན་བྱུང་བའི་ནང་མགོན་པོ་སྐྱིད་ལགས་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཟུང་མང་ཚོགས་ལ་དྲང་བདེན་བྱེད་ཀྱི་མེད་པར་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་གི་རྩ་ཁྲིམས་ནང་ལ་རྒྱ་རིགས་དང་བོད་རིགས། གནད་ཡོད་མི་སྣ་དང་མང་ཚོགས་དཀྱུས་མ་སོགས་ལ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་ཅེས་བཤད་པ་དེ་ཕྱིའི་རྣམ་པ་ཙམ་ཞིག་ཡིན་པ་ལས་དོན་དངོས་ཐོག་དེ་ལྟར་མེད་སྐོར་འགྲེལ་བརྗོད་གནང་བ་མཐོང་རྒྱུ་འདུག

རྩ་བའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་སྲིང་མོ་མགོན་པོ་སྐྱིད་ལགས་ཀྱིས་དེ་སྔ་ཁོང་གི་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༦ ནང་བརྙན་པར་བརྒྱུད་དེ་ཁོང་གིས་རྡོ་རྗེ་བཀྲ་ཤིས་ལགས་གློད་བཀྲོལ་མ་འཐོབ་པ་དེ་སྲིད་དུ་མུ་མཐུད་ནས་ལས་འགུལ་སྤེལ་ངེས་ཡིན་པའི་བརྡ་ལན་དང་སྦྲགས། ལྷ་སའི་མི་དམངས་ཁྲིམས་ཁང་གི་མདུན་དུ་ཞུ་གཏུག་དང་དྲ་རྒྱ་ཐོག་བརྒྱུད་ནས་ལས་འགུལ་རིམ་པ་སྤེལ་ཡོད་པ་ལྟར་ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་དེ་ནི་ཐེངས་བདུན་པ་ཆགས་ཡོད།

གཞི་རྩའི་རྒྱ་གཞུང་གི་བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་མྱོང་བཞིན་པའི་བོད་མི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲིས་ལགས་ནི། དུས་རྟག་ཏུ་གཞན་ཕན་ལ་འབད་མཁན་གྱི་བོད་མི་ཚོང་པ་གྲགས་ཅན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་ས་གནས་ཆབ་སྲིད་འགོ་ཁྲིད་ཁག་གཅིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད་པར་ཉེས་མིང་བཏགས་ནས་འཛིན་བཟུང་བྱས་ཡོད་པ་དེ་ལྟར་ཡང་། ད་བར་ནག་ཉེས་རྩ་བ་ནས་ཁུངས་སྐྱེལ་མ་ཐུབ་པའི་རྐྱེན་གྱིས་ཆབ་སྲིད་ཀྱི་ནག་ཉེས་དེ་དག་ཕྱིར་འཐེན་བྱས་ཡོད། འོན་ཀྱང་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་སར་རྒྱ་ནག་གི་ཁྲིམས་ཁང་ནས་གསང་བའི་ངང་ཁྲིམས་རྭ་ཚོགས་ཏེ་རྡོ་རྗེ་བཀྲ་ཤེས་ཀྱིས་བུ་ལོན་གཡོ་ལེན་བྱས་ཡོད་པའི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

ད་བར་རྡོ་རྗེ་བཀྲི་ཤིས་ལགས་དང་ཁོང་གི་ཁྲིམས་རྩོད་པ་གཉིས་ཀའི་ངོས་ནས་རྒྱ་གཞུང་གིས་ཉེས་འཛུགས་བྱས་པར་ངོས་ལེན་རྩ་བ་ནས་གནང་གི་མེད་པར་མ་ཟད་ཁོང་གི་སྲིང་མོ་མགོན་པོ་སྐྱིད་ལགས་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་གཉིས་ཀྱིས་རྡོ་རྗེ་བཀྲིས་ལགས་སུ་མ་ཉེས་ཁ་ཡོག་བྱས་པ་དང་། དྲང་བདེན་གྱི་ཁྲིམས་གཅོད་བྱས་མེད་སྟབས་ཁོང་འཕྲལ་མར་གློད་བཀྲོལ་དགོས་པ། དེ་བཞིན་བཙོན་ཁང་ནང་ཁོང་གི་གཟུགས་གཞིའི་གནས་སྟངས་ཛ་དྲག་གྱུར་ཡོད་པ་དང་། ཁོང་གི་ནང་མི་རྣམས་ལ་བཙོན་ཁང་དུ་ཁོང་དང་ཐུག་འཕྲད་སླད་སྐྱོད་འཐུས་མེད་པ་སོགས་ཀྱི་གནས་སྟངས་ཆེས་མངོན་གསལ་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།